གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་དྲ་བའི་གསལ་བརྡ་གལ་ཆེན་ཞིག

2014-01-06 13:15:00 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ཀློག་གྲངས། མཆན ཡོད།

 

༄༅།། སྙིང་ནས་བརྩེ་བའི་ཀློག་མཁན་དང་རྩོམ་པ་པོ་ལྷན་རྒྱས་ཀྱི་སྙན་དུ་ཞུ་རྒྱུར།
             འདིར་ངེད་དྲ་བས་༢༠༡༤ལོ་ནས་བཟུང་རྒྱུ་སྤུས་ལེགས་པའི་རྩོམ་ཡིག་ཁོ་ན་མ་གཏོགས་མི་འགོད་པ་ཐག་བཅད་ཟིན་ལ་དེ་ནི་ངེད་དྲ་བར་ལོབས་ཤིང་འདྲིས་པར་གྱུར་བའི་ཀློག་མཁན་ཡོངས་ལ་རྩོམ་ཀློག་པའི་མཐུན་རྐྱེན་བཟང་པོ་ཞིག་སྐྲུན་པའི་ཆེད་དུ་ཡིན་ལ། དེ་ལྟར་བྱས་པས་ཡི་གེའི་གད་སྙིགས་ཤ་འོད་ལྟར་བརྡོལ་བ་དེས་ཀློག་མཁན་གྱི་མིག་ལ་གཙེ་བའི་སྐལ་བ་ཇེ་ཉུང་དུ་འགྱུར་སྲིད་པའི་རེ་བ་ཤིན་ཏུ་ཆེ། སྐད་འཕྲིན(wechat)གྱི་འཕྲིན་སྟེགས་དང་པོད་ཕྲན་སོགས་སུ་རང་གི་བྲིས་པ་དེ་མ་ཉིད་དུ་བསྐུར་ཆོག་པའི་བརྡ་འཕྲིན་གྱི་དུས་རབས་འདིར། ངེད་དྲ་བས་རྒྱུ་སྤུས་ཨང་དང་པོ་དང་གྲངས་ཀ་ཕལ་བར་བརྩིས་ཏེ་སྤུས་དག་ཅིང་ཀློག་འདོད་པའི་རྩོམ་ཡིག་མང་པོ་ཞིག་ཁྱེད་ཅག་གི་ཀློག་སྐལ་དུ་སྤྲོད་མ་ཐུབ་པར་ཉ་ཉོག་མཉམ་སྲེ་བྱས་ཏེ་ཉི་མ་གཏོང་ཐབས་བྱས་ན་དུས་ཀྱི་འཕེལ་འགྱུར་ལ་ཅི་མ་སྙམ་པར་བྱས་པ་དང་། ཀློག་མཁན་གྱི་མོས་པ་དང་དགའ་ཁ་འཁྱེར་ཕྱོགས་ལ་བརྩི་བཀུར་མ་བྱས་པ་ཅི་ལ་མིན།  དེ་བས་༢༠༡༤ལོ་ནས་བརྩམས་ཏེ་ངེད་དྲ་བས་འདི་གར་བསྐུར་བའི་རྩོམ་རེ་རེར་ནན་ཏན་གྱིས་བཤེར་ཐུབ་པ་བྱ་རྒྱུ་ཡིན་ལ་གལ་སྲིད་ཁྱོད་ཀྱི་རྩོམ་ཡིག་ཉིད་ངེད་དྲ་བར་དགོད་རྒྱུ་བྱས་ན་དེ་འབྲེལ་གྱི་ལན་བསྐུར་བ་དང་དྲ་བ་གཞན་དུ་མི་དགོད་པའི་ཁས་ལེན་ཡང་དགོས་པ་ཡིན། གལ་སྲིད་ངེད་དྲ་བར་དགོད་རུང་གི་རྩོམ་ལ་ཡིག་ནོར་དང་ཚིག་སྐྱོན་སོགས་ཡོན་ན་ངེད་དྲ་བས་བཅའ་རྒྱུ་ཡིན། དེས་ན་ངེད་དྲ་བར་དགོད་ཐུབ་པའི་རྩོམ་ལ་ཆེས་ཉུང་མཐར་ཡང་གཤམ་གྱི་ཆ་རྐྱེན་དག་ལྡན་དགོས་པ་སྟེ།
 ༡ ཡིག་ནོར་ཉུང་ཞིང་ཚིག་སྦྱོར་བདེ་བ་དང་། བོད་སྐད་རྣལ་མར་བརྟེན་ནས་ཅིས་ཀྱང་གོ་བརྡ་སྤྲད་ཐུབ་པ་ཞིག་ཡིན་དགོས།
 ༢ སྙན་ངག་ལ་ངེས་པར་དུ་ཀློག་མཁན་གྱི་ཡིད་དབང་འགུག་ནུས་པའི་ཁྱད་ཆོས་གཅིག་ཚང་དགོས་པ་དང་། བརྩམས་སྒྲུང་ནི་ཅིས་ཀྱང་སྒྱུ་རྩལ་གྱི་ཉམས་དང་ལྡན་ཞིང་བྲིས་པ་གྲ་དག་པ་ཞིག་ཡིན་དགོས།
 ༣ ལྷུག་རྩོམ་དང་དཔྱད་རྩོམ་ནི་བསྟན་བྱའི་དོན་གང་ཞིག་གསལ་བར་སྟོན་ཐུབ་ཞིག་ཡིན་དགོས།
  དེ་འདྲ་བྱུང་བ་རྨང་རྐང་དུ་བྱས་ཏེ། ངེད་དྲ་བར་བཀོད་པའི་རྩོམ་ནི་མ་མཐའ་ཡང<<བོད་ཀྱི་རྩོམ་རིག་སྒྱུ་སྩལ>>དང་། <<སྦྲང་ཆར>> <<གངས་རྒྱན་མེ་ཏོག>>སོགས་གཞུང་ཕྱོགས་ཀྱི་དུས་དེབ་ཏུ་དགོད་རུང་གི་རྒྱུ་སྤུས་ལྡན་པ་ཞིག་ཡིན་པར་ཡིད་ཆེས་ཡོད་ཅིང་རྩོམ་མཁན་དག་གིས་ཀྱང་ངེད་དྲ་བར་རྩོམ་བཀོད་པ་རྣམས་གཞན་ལ་ངོམ་སོ་བྱ་ཆོག་པ་དང་རང་གིས་ཚེ་ནོམ་དུ་ཉར་ཆོག་པ་ཞིག་བྱ་རྒྱུ་ཡིན།


       མཐར་ཕྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
       རྩོམ་བསྐུར་སའི་ཡིག་སྒམ། tibetcm@126.com
             མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས།
                 ༢༠༡༤ལོའི་ཟླ་༡པའི་ཚེས་༦ཉིན་གུས་པས་ཕུལ་བའོ།།

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།