ཐོས་པ་དྲང་མོར་སྨྲས་པ།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-29

 

༅༅།།དབྱིངས་དག་ཆེན་འཁོར་ལོ་རྒྱས་འདེབས་མ།།རྩལ་བདེ་ཆེན་བཛྲ་ཀུ་མྰར།།དེ་དབྱེར་མེད་གཉུག་མའི་འོད་གསལ་ཆེ།།འདི་ཁྲག་འཐུང་སྟོང་གི་སྲོག་སྙིང་ཡིན།།ལྷ་སྒོམ་ཀྱང་རུམ་ལ་མ་བསྒོམ་རུང་།།གཞི་ཡེ་གྲོལ་ཆོས་སྐུའི་རྒྱལ་ཁབ་ན།།དོན་རིག་སྟོང་གི་དཔལ་ཆེན་ཡང་ཡུམ་ཟུང་།།དུས་བཞི་མཉམ་ཉིད་དུ་འབྲལ་མེད་བཞུགས།།སྔགས་བཟླས་ཀྱང་རུལ་ལ་མ་བཟླས་རུང་།།བརྗོད་ཚད་འདི་བརྗོད་མེད་ཀྱི་རོལ་མོར་གདའ།།བརྗོད་མེད་དེ་སྤྲོས་བྲལ་དོན་གྱི་སྔགས།།དེ་འཕོ་འགྱུར་མེད་པ་གདོན་ནས་གནས།།མཉམ་བཞག་ལ་བསྡད་རུང་མ་བསྡད་རུང་།།ཤར་སྣང་འདི་ཡེ་ཤེས་ཀྱི་རོལ་བར་གདའ།།ད་ལྟར་གྱི་ཤེས་པ་ཐ་མལ་བ།།འདི་མཚན་མེད་རིག་པའི་ཕུར་བུ་ཡིན།།སྣང་སྣང་འདི་དག་ཆེན་ཕུར་བའི་ལྷ།།གྲགས་གྲགས་འདི་མི་ཤིགས་རྡོ་རྗེའི་སྔགས།།དྲན་དྲན་འདི་མི་རྟོག་ཡེ་ཤེས་ཐུགས།།སྣང་སྲིད་འདི་དཀྱིལ་འཁོར་གསུམ་དུ་ཆེ།།དེར་ལྷ་ཡང་ཡེ་ཤེས་རོལ་བའི་ལྷ།།སྔགས་ཀྱང་ཡེ་ཤེས་ཀྱི་རོལ་མོར་འདུག།དོན་མ་བཅོས་རིག་པའི་ཕུར་བུ་དེ།།བློ་གཉིས་འཛིན་གདོན་གྱི་སྙིང་ལ་རྒྱོབ།།ཐུགས་ཕྲད་རང་གྲོལ་གྱི་སྨད་ལས་དེས།།ཁམས་གསུམ་འདི་ཀ་དག་དབྱིངས་སུ་སྒྲོལ།།ངས་དེ་ལྟར་རྟོགས་པ་མ་ལགས་ཏེ།།གྲུབ་ཆེནགྱི་གཟིགས་མོར་འདི་ཡིན་ཞེས།། རྟོགས་ལྡན་ཚོས་གསུང་གླེང་མོལ་བ་ཐོས།། ཐོས་པ་བཞིན་དྲང་པོར་སྨྲས་ས་ལགས།།

 

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོས་པ་དྲང་མོར་སྨྲས་པ།

2009-10-29 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

 

༅༅།།དབྱིངས་དག་ཆེན་འཁོར་ལོ་རྒྱས་འདེབས་མ།།རྩལ་བདེ་ཆེན་བཛྲ་ཀུ་མྰར།།དེ་དབྱེར་མེད་གཉུག་མའི་འོད་གསལ་ཆེ།།འདི་ཁྲག་འཐུང་སྟོང་གི་སྲོག་སྙིང་ཡིན།།ལྷ་སྒོམ་ཀྱང་རུམ་ལ་མ་བསྒོམ་རུང་།།གཞི་ཡེ་གྲོལ་ཆོས་སྐུའི་རྒྱལ་ཁབ་ན།།དོན་རིག་སྟོང་གི་དཔལ་ཆེན་ཡང་ཡུམ་ཟུང་།།དུས་བཞི་མཉམ་ཉིད་དུ་འབྲལ་མེད་བཞུགས།།སྔགས་བཟླས་ཀྱང་རུལ་ལ་མ་བཟླས་རུང་།།བརྗོད་ཚད་འདི་བརྗོད་མེད་ཀྱི་རོལ་མོར་གདའ།།བརྗོད་མེད་དེ་སྤྲོས་བྲལ་དོན་གྱི་སྔགས།།དེ་འཕོ་འགྱུར་མེད་པ་གདོན་ནས་གནས།།མཉམ་བཞག་ལ་བསྡད་རུང་མ་བསྡད་རུང་།།ཤར་སྣང་འདི་ཡེ་ཤེས་ཀྱི་རོལ་བར་གདའ།།ད་ལྟར་གྱི་ཤེས་པ་ཐ་མལ་བ།།འདི་མཚན་མེད་རིག་པའི་ཕུར་བུ་ཡིན།།སྣང་སྣང་འདི་དག་ཆེན་ཕུར་བའི་ལྷ།།གྲགས་གྲགས་འདི་མི་ཤིགས་རྡོ་རྗེའི་སྔགས།།དྲན་དྲན་འདི་མི་རྟོག་ཡེ་ཤེས་ཐུགས།།སྣང་སྲིད་འདི་དཀྱིལ་འཁོར་གསུམ་དུ་ཆེ།།དེར་ལྷ་ཡང་ཡེ་ཤེས་རོལ་བའི་ལྷ།།སྔགས་ཀྱང་ཡེ་ཤེས་ཀྱི་རོལ་མོར་འདུག།དོན་མ་བཅོས་རིག་པའི་ཕུར་བུ་དེ།།བློ་གཉིས་འཛིན་གདོན་གྱི་སྙིང་ལ་རྒྱོབ།།ཐུགས་ཕྲད་རང་གྲོལ་གྱི་སྨད་ལས་དེས།།ཁམས་གསུམ་འདི་ཀ་དག་དབྱིངས་སུ་སྒྲོལ།།ངས་དེ་ལྟར་རྟོགས་པ་མ་ལགས་ཏེ།།གྲུབ་ཆེནགྱི་གཟིགས་མོར་འདི་ཡིན་ཞེས།། རྟོགས་ལྡན་ཚོས་གསུང་གླེང་མོལ་བ་ཐོས།། ཐོས་པ་བཞིན་དྲང་པོར་སྨྲས་ས་ལགས།།

 

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།