དབྱངས་ཅན་མའི་བསྟོད་པ་བྱིན་རླབས་ཅན་བཞུགས།

ཀརྨ་མི་བསྐྱོད་རྡོ་རྗེ། 琼迈文学网 2025-09-24
དམ་པའི་མཚན་ཉིད་རྣམ་དཀར་མ། །
མངོན་པར་སྤེལ་བའི་བསོད་ནམས་གཞི། །
རྒྱལ་ལ་གུས་པར་སྒྲུབ་པའི་སླད། །
ལེགས་བྱས་ཚིགས་སུ་བཅད་པར་བྱ། །
ནམ་མཁའ་ཞུ་བའི་རྒྱ་མཚོའི་མཐའ་སྐོར་ན། །
ས་སྲུང་བུ་ཚོགས་ཟླ་ཚེས་བཞིན་དུ་རྒྱུད། །
ཆུ་གཏེར་འཇིང་ན་ནོར་བུའི་པདྨ་ནི། །
ཉི་མའི་གཟི་འོད་འཕྲོག་པ་བྱ་བའི་དབུས། །
ཟླ་ཤེལ་དཀར་པོ་ཐིགས་པའི་བསིལ་ཟེར་ཅན། །
མངོན་པར་ཡོངས་སུ་གང་བའི་གདན་ཉིད་ལ། །
བྱང་ཆུབ་སེམས་དཔའི་དཔག་བསམ་ཡོངས་རྫོགས་སྐུ། །
འཇིག་རྟེན་དབང་པོའི་སྲས་མོ་ཞི་བ་མོ། །
འདོད་པའི་རྡུལ་གྱི་ཡོངས་སུ་ལོངས་པ་ལ། །
ཆགས་བྲལ་མིག་བུ་སྦྱིན་པའི་གཏོང་བ་པོ། །
བདག་གི་དགེ་རྩའི་མྱུ་གུ་བསྐྱེད་པའི་གྲོགས། །
ཡོངས་འཛིན་བདུད་རྩིའི་ཟེར་གྱིས་བརླན་པར་མཛོད། །
བགེགས་ཚོགས་འདོད་པའི་ཕོ་ཉའི་ལུང་ངན་པ། །
ཆ་ཙམ་རྣ་བའི་ཡུལ་དུའང་མི་འཚལ་བའི། །
བཀའ་དྲིན་ཙནྡན་གྲིབ་བསིལ་གཞོན་ནུ་ཡང་། །
ཡོན་ཏན་འབྲས་བུ་འཛུམ་ཞིང་སིམ་པར་མཛོད། །
ཟུག་རྔུའི་ས་བོན་གཤིན་པོར་བྱས་པ་ཡང་། །
ཐུགས་རྗེའི་ཚ་རེག་བཟོད་པར་དཀའ་བ་ཡི། །
ལན་ཅིག་མིན་པར་ཡང་ཡང་བསྣུན་པ་ནས། །
སྤང་བྱའི་ཚོགས་རྣམས་སྨེར་ནས་ཞི་བར་མཛོད། །
འཁོར་བའི་གཡང་སར་ཡིད་རབ་བརྟན་པ་རྣམས། །
གང་སྐུ་ཡིད་འཕྲོག་མཐོང་བའི་མོད་ཉིད་ལ། །
རྨོངས་མེད་ཀྱི་ཧུད་སྤངས་པའི་དཔལ་སྟེར་ན། །
མུན་པའི་གནས་སྐབས་ངན་པ་རྒྱུན་གཅོད་ཅིང་། །
སྐྱབས་འོས་ཁྱོད་ལ་བླ་མར་བསྟེན་པ་བདག །
ཐོས་པས་མི་ངོམས་ལེགས་བཤད་འཚོལ་བ་ནས། །
འཛམ་གླིང་བསྟན་པའི་རྒྱན་དུ་བདེ་བླག་ཏུ། །
མཛེས་སྡུག་སྨན་པའི་གར་གྱིས་ཅིས་མི་རོལ། །
ཀུན་རྫོབ་བདེན་སྣང་དར་བ་བདུད་ཀྱི་དཔུང་། །
བདེན་བཞིའི་གནས་ལུགས་མཐོང་བའི་དཔའ་བོ་ཡི། །
འཇིགས་མེད་གད་རྒྱང་ལེན་པའི་སྐད་ཅིག་ལ། །
འཁྲུལ་སྣང་སྒྲིབ་པའི་ཚོགས་རྣམས་གང་དུ་སོང་། །
རྡོ་རྗེའི་གདན་ལ་བྱང་ཆུབ་སྙིང་པོ་ནི། །
གསེར་སྦྱངས་བཙོ་མའི་འོད་དུ་འབར་བ་ན། །
ཚངས་དབང་བུ་མོས་གཉིས་མེད་ཡེ་ཤེས་གྲུབ། །
གཡོ་མེད་ཁྱོད་ཀྱི་བཀའ་ལ་གནས་པའི་མཐུས། །
ཀུན་སྦྱོར་འཆིང་བའི་མདུད་པ་ཀུན་བཀྲོལ་ནས། །
ཤེས་བྱ་མཐའ་བཞིར་རྒྱལ་བའི་ས་གཞི་ལ། །
གཞན་ལྟོས་མེད་པའི་དབང་གིས་འདི་ན་གར། །
རབ་རིབ་འཕྲོག་པའི་མན་ངག་ལ་བྱ་ཞིང་། །
བསོད་མཆོག་སྒྲུབ་པའི་རྫུ་འཕྲུལ་ཅི་ཡང་ཤེས། །
འཇིག་རྟེན་གསལ་བའི་སྐྱེ་ཕྲེང་ཡང་དུ་བླངས། །འ
དི་ཉིད་དབྱངས་ཅན་དགྱེས་པའི་སྙན་ངག་ཡིན། །
   ཞེས་པ་དཔལ་མོ་ལ་བསྟོད་པའི་སྡེ་སྣོད་འཛིན་པ་དགའ་བའི་དབྱངས་ཀྱིས་སོ།། །། 
 
  ཀརྨ་མི་བསྐྱོད་རྗེ་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་ཡིན། རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་ ༡༥༠༧ ལོར་མདོ་སྟོད་ཀརྨའི་གདན་ས་དང་ཉེ་བའི་ངོམ་ཆུ་རྒྱུད་གཡས་ལུང་ཀ་ར་ཏི་ཕུག ས་ཏམ་གྱི་གྲོང་དུ་ཡབ་གསེར་བྱ་བྲལ་བྱམས་པ་བཤེས་གཉེན་དང་། ཡུམ་ད་ར་གསལ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་ལ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༥༡༣ ལོར་རྒྱལ་ཚབ་བཀྲ་ཤིས་དཔལ་འབྱོར་གྱི་དགོངས་པ་ལྟར་ཁམས་ཕྱོགས་སུ་འཁྲུངས་པའི་ཆུང་སྲིད་རིན་པོ་ཆེ་འདིར་ངོས་འཛིན་གཏན་ཁེལ་བྱུང་སྟེ་ཁྲི་ལ་བཀོད། རྒྱལ་ཚབ་སྤྲུལ་སྐུ་རིན་པོ་ཆེ་ལས་དགེ་བསྙེན་གྱི་སྡོམ་པ་དང་། སངས་རྒྱས་མཉན་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པ་མེ་ཕག་ཕྱི་ལོ་ ༡༥༢༧ ལོར་ཚོགས་དགེ་འདུན་སྒང་པའི་མཁན་པོ་ཆོས་གྲུབ་སེང་གེས་མཁན་པོ་དང་། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་གྱིས་ལས་སློབ། སྒམ་པོའི་མཁན་པོ་ཤཱཀྱ་བཟང་པོས་གསང་སྟོན། བླ་མ་བཀྲ་ཤིས་བཟང་པོས་གྲིབ་ཚོད་པ་བཅས་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གོ་ཤྲི་རིན་པོ་ཆེ་དང་སངས་རྒྱས་མཉན་པ། དུལ་མོ་བཀྲ་ཤིས་འོད་ཟེར། རྗེ་འཕྲིན་ལས་པ། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་སོགས་བླ་མ་དགེ་བའི་བཤེས་གཉེན་མཁས་པ་དང་གྲུབ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མང་པོ་བསྟེན་ནས་གཞུང་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞི་ལུང་ཁྲིད། དབང་བཀའ། རྗེས་གནང་། རིག་གནས་ཆེ་ཆུང་ལ་སོགས་པ་མཐའ་ཡས་པ་ཞིག་ལོ་མང་པོའི་བར་དུ་གསན་ནས། གང་གསན་པ་རྣམས་ཉམས་བཞེས་ཐོག་འཁྱོལ་བར་མཛད། སྒར་པའི་བླ་བྲང་གི་སྟོབས་འབྱོར་ཕུན་སུམ་ཚོགས་པས་གཞིས་བྱེས་གང་སར་སྐུ་འཁོར་དང་བཅས་པའི་སྤྲོས་པ་ཧ་ཅང་རྒྱས་པོ་ཡོད་པ་རྣམས་དུས་སྐབས་དང་མ་འཚམས་པར་གཟིགས་ཏེ་ཁུ་བསྡུ་གང་ཐུབ་ཐོག ཕྱག་ཏུ་གང་འབྱོར་མཆོད་འབུལ་དང་། སྦྱིན་གཏོང་། དགོན་པ་འདེབས་པ་སོགས་ཀྱི་སྒོ་ནས་ཆུད་ཟོས་སུ་མ་སོང་བར་མཛད་པས་ཞབས་འབྲིང་པ་མང་པོ་ཞིག་གི་བློ་ལ་མ་བབས་ཀྱང་གཟུར་གནས་མཁས་པ་རྣམས་ཀྱིས་བསྔགས་བརྗོད་དང་དད་གུས་འཕེལ་བའི་རྒྱུར་སོང་། ཀརྨ་པའི་ཡོན་བདག་ཁག་གཅིག་གྲོས་མཐུན་ནས་ཀོང་པོ་ཁུལ་གྱི་དགེ་ལུགས་དགོན་པ་རྣམས་གཏོར་རྩིས་བྱེད་སྐབས་བཀའ་ནན་པོས་འགོག་པར་མཛད་པ་སོགས་གྲུབ་མཐའ་ཕན་ཚུན་གྱི་ཕྱོགས་རིས་ལ་གཏན་ནས་མི་དགྱེས་པ་ཞིག་ཡིན། དགུང་ལོ་ཞེ་བརྒྱད་བཞེས་པ་རབ་བྱུང་དགུ་པའི་ཤིང་སྟག་ཕྱི་ལོ་ ༡༥༥༤ ལོར་ཡར་སྟོད་ར་མོར་སྐུ་གཤེགས། སྐུ་གདུང་མཚུར་ཕུར་སྤྱན་དྲངས་ནས་ཞུགས་འབུལ་ཞུས་པའི་གདུང་ཐལ་དང་ན་བཟའ་སོགས་དངུལ་གདུང་བཞེངས་པའི་ནང་དུ་བཞུགས། གསུང་རྩོམ་སྐོར་འདུལ་བའི་འགྲེལ་པ་སོགས་པོད་སུམ་ཅུ་སྐོར་ཡོད་ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་ཡང་། དེང་སྐབས་མཇལ་རྒྱུ་ཡོད་པ་བྲིས་མ་པོད་བཅུ་གསུམ་ཙམ་པེ་ཅིན་མི་རིགས་ཕོ་བྲང་དུ་བཞུགས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དབྱངས་ཅན་མའི་བསྟོད་པ་བྱིན་རླབས་ཅན་བཞུགས།

2025-09-24 ཀརྨ་མི་བསྐྱོད་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།