འདུལ་བ་རུང་མཐུན་ལ་དཔྱད་པ།

ཚངས་དབང་དགེ་འདུན་བསྟན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-03

  འདུལ་བ་རུང་མཐུན་བྱ་བ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་གསུངས་པའི་འདུལ་བ་ཆེས་མདོར་བསྡུས་ཤིག་ཡིན་ལ། ང་རང་ལྡེ་ཚ་དགོན་དུ་ཡོད་དུས་ཡོངས་འཛིན་ཨ་ཁུ་ཞོ་ཕུང་ཚང་ངམ་ཕུན་ཚོགས་དར་རྒྱས་ཚང་གི་མདུན་ནས་ལན་ཅིག་ཁྲིད་མྱོང་ཡང་། སྐབས་དེར་དོ་སྣང་ཆེར་མ་བྱས་པས་དོན་གྱི་གནད་རྣམས་གོ་མ་བྱུང་། ཡིན་ནའང་། ཟིན་བྲིས་ཤིག་བཏབ་འདུག་པས་ཕྱིས་སུ་ཞིབ་ཏུ་ལྟ་སྐབས་སེམས་ལ་ཕན་ཐོགས་ཆེན་པོར་ཐོབ། གཤམ་དུ་བཀའ་འགྱུར་ནང་དུ་བཞུགས་པའི་འདུལ་བ་རུང་མཐུན་ཆ་ཚང་འགོད་པར་བྱ།
    དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ངས་སྔོན་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་པར་བྱའོ།།དགེ་སློང་དག ཁྱེད་ཀྱིས་ངས་སྔོན་གནང་བའང་མེད། བཀག་པ་ཡང་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བར་བསྟན་ཅིང་(ཀྱང)རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་ཕྱིར་སྤྱད་པར་མི་བྱ་སྟེ། གལ་ཏེ་རུང་བ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན།རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ།འདི་ལ་འགྱོད་པར་མི་བྱའོ།། ཞེས་གསུངས་འདུག་པས་དེང་སང་རུང་མི་རུང་མང་པོ་ཞིག་བཤད་ཀྱང་འདུལ་བ་རུང་མཐུན་ལ་དཔྱད་ན་དུས་བསྟུན་བྱེད་ཀྱི་གལ་ཆེན་པོ་ཡིན་པར་སྣང་། དཔེར་ན།སྔོན་སངས་རྒྱས་ཀྱིས་གནམ་གྲུར་དགེ་སློང་བཞུགས་ཆོག་མི་ཆོག་གསུངས་མེད་ཀྱང་། འདུལ་བ་རུང་མཐུན་གྱི་དོན་ལ་གཞིགས་ན་དགེ་སློང་ཡང་བཞུགས་ཆོག་པ་ལྟར་རོ།། དེ་བཞིན་དུ། སངས་རྒྱས་ཀྱིས་དངོས་སུ་གནང་བ་ཡང་མེད། བཀག་པའང་མེད་པ་གང་ཞིག་དུས་བསྟུན་བགྱི་ན་ཆོག་པར་འདོད་དོ།། རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས།   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདུལ་བ་རུང་མཐུན་ལ་དཔྱད་པ།

2012-04-03 ཚངས་དབང་དགེ་འདུན་བསྟན་པ། ཀློག་གྲངས། མཆན ཡོད།

  འདུལ་བ་རུང་མཐུན་བྱ་བ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་གསུངས་པའི་འདུལ་བ་ཆེས་མདོར་བསྡུས་ཤིག་ཡིན་ལ། ང་རང་ལྡེ་ཚ་དགོན་དུ་ཡོད་དུས་ཡོངས་འཛིན་ཨ་ཁུ་ཞོ་ཕུང་ཚང་ངམ་ཕུན་ཚོགས་དར་རྒྱས་ཚང་གི་མདུན་ནས་ལན་ཅིག་ཁྲིད་མྱོང་ཡང་། སྐབས་དེར་དོ་སྣང་ཆེར་མ་བྱས་པས་དོན་གྱི་གནད་རྣམས་གོ་མ་བྱུང་། ཡིན་ནའང་། ཟིན་བྲིས་ཤིག་བཏབ་འདུག་པས་ཕྱིས་སུ་ཞིབ་ཏུ་ལྟ་སྐབས་སེམས་ལ་ཕན་ཐོགས་ཆེན་པོར་ཐོབ། གཤམ་དུ་བཀའ་འགྱུར་ནང་དུ་བཞུགས་པའི་འདུལ་བ་རུང་མཐུན་ཆ་ཚང་འགོད་པར་བྱ།
    དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ངས་སྔོན་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་པར་བྱའོ།།དགེ་སློང་དག ཁྱེད་ཀྱིས་ངས་སྔོན་གནང་བའང་མེད། བཀག་པ་ཡང་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བར་བསྟན་ཅིང་(ཀྱང)རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་ཕྱིར་སྤྱད་པར་མི་བྱ་སྟེ། གལ་ཏེ་རུང་བ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན།རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ།འདི་ལ་འགྱོད་པར་མི་བྱའོ།། ཞེས་གསུངས་འདུག་པས་དེང་སང་རུང་མི་རུང་མང་པོ་ཞིག་བཤད་ཀྱང་འདུལ་བ་རུང་མཐུན་ལ་དཔྱད་ན་དུས་བསྟུན་བྱེད་ཀྱི་གལ་ཆེན་པོ་ཡིན་པར་སྣང་། དཔེར་ན།སྔོན་སངས་རྒྱས་ཀྱིས་གནམ་གྲུར་དགེ་སློང་བཞུགས་ཆོག་མི་ཆོག་གསུངས་མེད་ཀྱང་། འདུལ་བ་རུང་མཐུན་གྱི་དོན་ལ་གཞིགས་ན་དགེ་སློང་ཡང་བཞུགས་ཆོག་པ་ལྟར་རོ།། དེ་བཞིན་དུ། སངས་རྒྱས་ཀྱིས་དངོས་སུ་གནང་བ་ཡང་མེད། བཀག་པའང་མེད་པ་གང་ཞིག་དུས་བསྟུན་བགྱི་ན་ཆོག་པར་འདོད་དོ།། རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས།   

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།