ལི་ཁོག་གནའ་བྲོའི་བྱུང་བ་མདོ་ཙམ་བརྗོད་པ་མེས་པོའི་དབྱངས་རྟ་དགུ་འགྱུར།

ལི་སྨད་ཉི་གཞོན།(བྲག་འགོ) 琼迈文学网 2025-12-09

  དང་པོ། བྲོ་ཡི་བྱུང་བ་བཤད་པ།

  བོད་མི་ཞིག་ཡིན་ན་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ལ། གོམས་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཞེས་པའི་ངག་རྒྱུན་ལ་གཞིག་ན། བོད་མི་ནི་གདོད་པའི་དུས་ནས་གླུ་ལེན་གར་རྩེན་ལ་དགའ་བའི་མི་རིགས་ཤིག་ཡིན་པ་རྟོགས་ཐུབ་ལ། རིག་གནས་འདི་ཐོག་མར་དར་བ་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་ངལ་རྩོལ་གྱི་ཁྲོད་ནས་བྱུང་པ་སྟེ། རྔོན་ལས་དང་འབྲོག་ལས། ཞིང་ལས་སོགས་ཀྱི་སྐབས་སུ་ལུས་པོའི་དགྱེ་སྒུར་དང་གོམས་པའི་འདེགས་འཇོག ཡང་ན་རི་དྭགས་དང་གཅན་གཟན། འདབ་ཆགས་སོགས་སྲོག་ཆགས་རྣམས་ཀྱི་ཡན་ལག་འགུལ་སྟངས་དང་རྩེད་མཆོང་བྱེད་སྟངས་སོགས་ལ་ལད་མོ་བྱས་ནས་བྱུང་བ་ཡིན། དཔེར་ན། ཤྭ་འཆམ་དང་སེང་འཆམ་སོགས་སྲོག་ཆགས་ཀྱི་རིགས་འཆམ་པ། ནས་འབྲེག་པའི་བྲོ་དང་འོ་མ་འཇོ་བའི་བྲོ། གྱང་རྡུང་བའི་བྲོ་སོགས་ངལ་རྩོལ་བྱེད་པའི་བྲོ་ལྟ་བུའོ།། ཅིག་ཤོས་ནི་དད་མོས་ལས་བྱུང་བ་སྟེ། དཔེར་ན། མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གི་འབྲོང་རྩེད་དང་རུ་ཐོག་ས་ཁུལ་གྱི་མཚན་མའི་དད་མོས་ཀྱི་བྲོ། ད་དུང་བོད་ལྗོངས་རྒྱ་ཚ་རྫོང་གི་བྲག་བརྐོས་རི་མོ་དག་ལས་བྲོ་ཡི་རི་མོ། ཆབ་མདོའི་ཁ་རོག་གནའ་ཤུལ་ནས་ཕལ་ཆེར་ལོ་ངོ་སྟོང་ལྔ་ཡས་མས་ཀྱི་དུས་ནས་བྱུང་བའི་མཆོད་འབུལ་གྱི་ཆོ་ག་སྒྲུབ་པའི་རྔ་དང་སྟ་རེ་སོགས་བྱུང་བ་ལྟར། གཞི་བདག་ལ་མཆོད་འབུལ་གྱི་བྲོ་དང་ཆར་ཆུ་སྙོམས་པའི་བྲོ། ལོ་ལེགས་འབྱུང་བའི་བྲོ། ཕྱུགས་རིགས་འཕེལ་བའི་བྲོ་སོགས་རིགས་མང་པོ་བྱུང་།

  དུས་ཀྱི་འགྱུར་བ་དང་བསྟུན་ནས་བྲོ་ཡི་རིག་གནས་ཀྱི་རྣམ་པ་ལའང་འགྱུར་བ་བྱུང་བ་གདོན་མི་ཟ་སྟེ། གཟི་བརྗོད་ཅེས་པ་རུ་ལ་ལ་ནི་བྲོ་བརྡུང་། ལ་ལ་ནི་ཤན་འཁྲབ་བོ།། ལ་ལ་ནི་ལྷ་བྲན་གྱི་བཞད་གར་བྱེད་དོ།། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས།། ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས།། སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང་།། གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང་།།ཞེས་བཀོད་ཡོད་ལ། བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ་གཏམ་རྒྱུད་དང་སྒྲུང་རྒྱུད། སྡེབ་སྦྱོར། བཀའི་ཀུགས། བྲོ་གར། གླུ་གཞས། ཤོན་རྩེད། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ།། བྲོ་གར་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་རིང་ལ་དར་བ་ལོ་རྒྱུས་སུ་གསལ་པོར་བཀོད་ཡོད། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ཆོས་ལུགས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་འདུས་པའི་བྲོ་ཡི་རིགས་སྣ་ཚོགས་ཤིག་བྱུང་ཡོད་ལ། བྲོ་ནི་སྔར་གྱི་སྒྲུང་ལྡེའུ་བོན་གསུམ་ལས་སྒྲུང་གི་ཆ་ཤས་ཤིག་ཏུ་འདུ་བར་འདོད། ངག་གི་སྒྲུང་དང་ལུས་ཀྱི་སྒྲུང་ཞེས་དབྱེ་བ་མ་མཐོང་ཡང་དབྱེ་ན་ཆོག་པར་འདོད།

  ལོ་རྒྱུས་ཡིག་ཚངས་ལ་ལའི་ནང་དུ་རྒྱལ་པོ་དེ་ཤོ་ལེགས་ཀྱི་སྐུ་རིང་ལ་བྲོ་ནི་དམངས་ཁྲོད་ཀྱི་ཕོ་བྲང་དུ་དར་བའམ་ཕོ་བྲང་གི་བྲོ་དམངས་ཁྲོད་དུ་དར་བའི་མཚམས་ཚིགས་ཤིག་གི་བྱུང་འཕེལ་ལ་ངོས་འཛིན་བཞིན་ཡོད། སྲོང་བཙན་སྒམ་པོའི་དུས་ནས་ནང་ཆོས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བས་དགོན་པ་སོ་སོ་རུ་སྔར་གྱི་མཆོད་འབུལ་གྱི་བྲོ་ལ་གཞི་བཅོལ་ཏེ་འཆམ་ཞེས་པ་གསར་དུ་དབུ་བཙུགས། སྐབས་དེར། བྲོ་ཆས་སུ་འབག་མགོ་གྱོན་ལ། ལག་ཏུ་ལྷའི་ཆ་བྱད་མང་པོ་འཛིན་པ་ནི་སྔར་གྱི་རྔ་རྡུང་བ་དང་རི་དྭགས་དང་གཅན་གྱི་པགས་པ་གྱོན་ཏེ་བྲོ་འཁྲབ་པ་ལས་ཅུང་ཙམ་སྔོན་ཐོན་རང་བཞིན་ཅན་ཞིག་ཡིན། དེ་ལྟར་དར་བ་ནས་སྐུ་དྲག་དང་དམངས་ཕལ་བའི་བར་ལ་གླུ་ལེན་དང་བྲོ་འཁྲབ་པ་ཆེ་ཆེར་འཕེལ་ལ། ཕོ་བྲང་ནང་ནས་འཁྲབ་པའི་གར་ཡིན་ལ། དེ་དག་གིས་མཆོར་གོས་མནབས་ཤིང་འཁྲབ་ཚིག་ངག་ཏུ་འགུག་པ། རྔ་དང་གླིང་བུ། པི་ཝང་སོགས་འབུད་རྡུང་དཀྲོལ་གསུམ་བྱེད་པ་ཡིན།

  དུས་རབས་ཀྱི་འཕོ་འགྱུར་དང་བརྡ་འཕྲིན་སོ་སོའི་དར་ཁྱབ་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་བོད་ཀྱི་གར་ལའང་ཉེ་འཁོར་རྒྱལ་ཁབ་དང་མི་རིགས་སོ་སོས་ཤུགས་རྐྱེན་ཐེབས་ཡོད་ལ། དཔེར་ན། རྒྱ་གར་ནག་དང་བལ་བོ་སོགས་ཀྱི་གར་གྱི་སྟངས་སྟབས་དང་རོལ་ཆ་སོགས་ཀྱི་རིགས་མང་པོ་དར།

  དུས་རབས་ཉི་ཤུ་ལོ་རབས་ལྔ་བཅུ་པའི་རྗེས་ནས་རིག་རྩལ་འདི་དག་བོད་ཀྱི་ས་གནས་སོ་སོར་དར་ཁྱབ་ཆེན་པོ་བྱུང་ལ། སྐོར་བྲོ་དང་འབའ་གཞས། རས་པ་སོགས་རིགས་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་ཡོད་ལ། སྔར་གྱི་གར་འཆམ་སྐབས་ཐོག་མར་འཁྲབ་མཁན་གྱིས་ངག་ནས་གླུ་ཚིག་གྱེར་ནས་འཁྲབ་པ་དང་དེ་ནས་རིམ་བཞིན་རོལ་ཆས་དར་བ་ནས་རོལ་ཆས་དཀྲོལ་བ་དང་འགྲོགས་ནས་ངག་ནས་ལེན་ཞིང་འཁྲབ་པ། འོན་ཀྱང་ད་ལྟ་རོལ་ཆས་རྐྱང་པ་ལ་འགྲོགས་ནས་འཁྲབ་པ་དང་ཡང་ན་གླུ་བ་གླུ་མས་བླངས་ཟིན་པའི་སྒྲ་ལ་ཉན་ནས་འཁྲབ་པ་སོགས་རྣམ་པ་ཐ་དད་དུ་སྣང་བས་སྔར་གྱི་གར་གྱི་རྣམ་པ་དང་ཐ་སྙད་ལའང་འགྱུར་བ་བྱུང་ནས་བྲོ་གར་དང་བྲོ་ཞེས་བརྗོད་དོ།།

  ཡིག་ཆ་ལ་ལར་བྲོ་ཞེས་པ་ནི་གདོད་མའི་མེ་ལྷའམ་ནམ་མཁའི་ཉི་མ་ལ་མཆོད་པ་འབུལ་བའི་ཆོ་ག་ཞིག་སྟེ། ཆེས་ཐོག་མའི་བྲོ་ནི་ཨ་མྱེ་ནས་སྦར་བའི་མེ་ཕུང་ཆེན་པོའི་མཐའ་སྐོར་དུ་ལྷ་པ་དག་གནས་གཅིག་ཏུ་འཛོམས་ཏེ་ཕན་ཚུན་ཞུགས་ཏེ་ལག་འཇུས་ཀྱིས་སྒོར་བྲོ་འཁྲབ་པ་དེ་ཡིན། དེ་དུས་བྲོ་པ་རྣམས་ལ་མེ་ལྷ་ཡི་ནུས་པ་ཞུགས་ཏེ་མི་རྣམས་ཆང་གིས་བཟི་བ་ལྟར་ཉིན་མཚན་བསྟུད་མར་བྲོ་ཁོ་ན་ལ་རོལ། རྒྱུ་མཚན་དེ་འདྲའི་དབང་གིས་བྲོ་འཁྲབ་ན་ལྷ་ཕབ་ཐུབ་པ་དང་། གཟི་བརྗིད་ལྡན་པར་གྱུར་བ། བསོད་ནམས་ཆེན་པོར་འཕེལ་བ།བགེགས་དང་བར་ཆད་སེལ་བ། སེམས་ཁམས་ལ་བདེ་བ་བསྐྱེད་པ། ལོ་ལེགས་ཤིང་འབྲུ་རྣམས་འཕེལ་བ། ཁྱད་པར་དུ་ཉི་མ་གཙོས་པའི་སྐར་མའི་གསང་བ་རྣམས་སྐད་ཅིག་ཏུ་བརྟོལ་ཏེ་འོད་ཀྱི་གླིང་ཆེན་མོ་རུ་འཐིམ་པ་ཞེས་གསུང་པ་ལྟར་ཡིན་ལ། བྲོ་ཡི་ཐ་སྙད་ལ་འགྱུར་བ་མང་ཙམ་བྱུང་བ་མ་ཟད་དོན་ལའང་རྣམས་པ་སྣ་ཚོགས་སུ་གནས་ཀྱང་མིག་སྔར་བདག་གིས་བྲོ་ཡི་སྐོར་གྱི་ལོ་རྒྱུས་ཡང་དག་ཅིག་མ་རྙེད་པས་འབྲི་བར་མ་ནུས།

  མདོར་ན། གདོད་མའི་ངལ་རྩོལ་དང་མཆོད་འབུལ་གྱི་ནུས་པའི་སྐུལ་འདེད་ནས་ཆོས་ལུགས་དང་སྤྱི་ཚོགས་ལམ་ལུགས་གསར་དུ་བཏོད་པའི་རིག་གནས་ཀྱི་ཚུགས་འཛིན་བར། དེ་ནས་ཉེ་རབས་དང་དེང་རབས་གྱི་སྒྱུ་རྩལ་ཅན་གྱི་གཤོ་འགྱུར་བར། དེའི་སྲོག་ཤིང་ནི་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་ཐོབ་ཐང་མཚོན་པར་དམིགས་པ་སྟེ། ནོར་གནག་གི་སྟོབས་ཤུགས་ལ་ལད་ཟློས་བྱེད་པའམ་ཡང་ན་ནང་བསྟན་གྱི་གཟི་བརྗིད་མངོན་པ་གང་ཡིན་རུང་། ཡོད་ཚད་བོད་མི་རིགས་ཀྱི་ས་མཐོའི་འཚོ་བ་དང་བསམ་པའི་འཇིག་རྟེན་མངོན་པར་མཚོན་པ་ཅན་ཞིག་ཡིན། ལྷ་སྒྲུང་དང་བྲོ་དང་ཆོ་ག་ལ་དཔྱད་པ་ཞེས་པའི་ནང་དུ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་རིམ་བཞིན་ཆོས་ལུགས་ཀྱི་རྣམ་པ་དང་སྒྱུ་རྩལ་གྱི་རྣམ་པ། རོལ་མྱོང་གི་རྣམ་པ། འཁྲབ་སྟོན་གྱི་རྣམ་པ། རྩེད་འཇོའི་རྣམ་པ་སོགས་སུ་འཕེལ་ཏེ་ཁྱབ་ཆེ་རུ་ཕྱིན་པ་ཞིག་ཡིན་ཞེས་བརྗོད་ལ། དེས་རང་རེ་མེས་པོ་ཚོའི་འཇིག་རྟེན་ལྟ་ཚུལ་དང་མཛེས་རྟོག་གི་ལྟ་བ། རིན་ཐང་གི་ལྟ་བའི་འཛིན་ཚུལ་དང་བསྡོངས་ནས་དར་ཞིང་། བོད་རང་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན།

  གཉིས་པ། ལི་ཁོག་གནའ་བྲོའི་བྱུང་བ་བཤད་པ།

  ལི་ཁོག་ཞེས་པ་ནི་ས་མིང་ཡིན་ལ། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ས་ཁུལ་བཞི་པའི་ཁུངས་སུ་གཏོགས་ལ། སྔོན་ཡུལ་འདིར་ལུག་མང་པོ་ཡོད་པའི་ཁྱིམ་ཚང་ཞིག་ཡོད་པས་ལུག་ཁོག་ཅེས་ཟེར། དེའང་པདྨ་བཀའ་ཐང་ལས། ལུག་སྟོད་བྲག་དཀར་ཐང་དུ་ནོར་གཏེར་སྦས། ། ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནོར་གྱི་གཏེར་ཁ་སྦས་པར་གསུངས་པའི་ཡུལ་ལ་ངོས་འཛིན་པའི་ལི་སྟོད་བྲག་དཀར་ཐང་ཞེས་ད་ལྟ་ཡོངས་སུ་གྲགས་པ་ཞིག་ཡོད། སྔོན་ཡུལ་ཕྱོགས་འདིའི་རྒྱུད་ལ་ལུག་ཁོག་ཅེས་ཟེར་མོད། ཕྱིས་གླིང་གིས་གཡུ་རོང་ཙི་ལེན་རྒྱལ་པོ་འདུལ་སྐབས་གླིང་དམག་ལི་ཁོག་གི་ས་ཆ་འདིར་བསྐྱོད་པས། གླིང་གི་ས་མཁན་ཞིག་གིས་བལྟས་པས་ལུང་པ་དེར་བཞུར་བའི་ཆུ་ནི་སྦྲུལ་ཁྲ་བོ་ཐུར་དུ་འཁྱུགས་པ་དང་འདྲ་བས། མ་འོངས་པར་འདིར་ཆགས་པའི་སྡེ་བ་དེ་ལ་འཕེལ་འགྲིབ་སྣ་ཚོགས་པ་ཞིག་འོང་ཞེས་བཤད་པ་དང་། ས་ཆ་འདིའི་དབྱིབས་དང་བཀོད་པ་ནི་ལི་ཡི་གཞོང་པ་ཞིག་དང་འདྲ་ལ། ཁུ་རིང་བོམ་རྒན་ཞེས་པའི་རི་ཞིག་ཡོད་པ་དེ་ནི་ས་འདིའི་སྙིང་ལྟར་དུ་ཆགས་ཡོད་པས། དོན་ལ་ལི་ཡི་གཞོང་པ་ཞིག་གི་ནང་དུ་འབྲོང་གཡག་དར་མའི་སྙིང་བཞག་པ་དང་འདྲ་བས་ས་ཆ་འདིར་སྡེ་བ་བཙན་པོ་ཞིག་ཆགས་ངེས་རེད་ཅེས་བཤད་པས། དེ་ཚུན་ཆད་ནས་ས་ཆ་འདིའི་སྡེ་བ་ལ་གེ་འཕན་ལི་ཁོག་མ་ཞེས་ཐོགས་སོ། ། ཡང་ན་སྔོན་གེ་འཕན་ལ་མདའ་ལི་མའི་སྒྲོ་གསུམ་ཟེར་བའི་བུ་གསུམ་བྱུང་བ་ལ། བུ་ཐ་ཆུང་གཉིས་ཀྱི་བརྒྱུད་པ་ཡུལ་འདིར་བྱུང་བས། གེ་འཕན་ལི་ཁོག་མ་ཞེས་བཏགས་པ་ཡིན་པར་བཤད་རུང་བར་མ་ཟད། གོ་བདེ་ཞིང་བདེན་པ་ལྟ་བུའི་གཏམ་དུ་སྣང་ཡང་སྔར་དེ་ལྟར་བཤད་པ་མ་ཐོས་སོ། །

  ལི་ཁོག་གནའ་བྲོ་ཡི་དར་ཚུལ་ལ་ཆེད་དམིགས་རྒན་པ་དག་གི་མདུན་དུ་བཅར་དེ་རྒྱུས་ལོན་བྱས་པ་ལྟར་ན། བྲག་འགོ་གནའ་བྲོའི་རྒྱུད་འཛིན་མཁན་ཚུལ་བཟང་གིས་བཤད་ན། དམངས་གཙོ་བཅོས་བསྒྱུར་མ་བྱས་པའི་སྔོན་ནམ་ཁོ་རང་ཕོ་ལོ་ཉི་ཤུ་རྩ་བཞི་ཡས་མས་ཡིན་སྐབས་གནམ་མཚོ་ཚེ་རིང་ནོར་བུ་ཟེར་བའི་ཕ་ཡུལ་གྱི་ཕོ་གསར་ཞིག་གིས་གནའ་བྲོ་འདི་དག་ཁྲིད་པ་ཡིན་ལ། ཁོ་ནི་ཆུང་དུས་ནས་བྲོ་བ་བདེ་ཞིང་ཡང་རྩལ་ལྡན་པ་སྐད་ཀྱང་སྙན་པོ་ཡོད་མཁན་ཞིག་ཡིན་པས་རང་གི་ཡབ་ཀྱི་མདུན་ནས་གནའ་བྲོ་བསླབ་པ་ཡིན་ཞེས་བརྗོད་མྱོང་། ཁོ་ཚོ་ཉེ་འཁོར་གྱི་བྲག་འགོ་དང་རྟའུ་རྫོང་གི་ཚ་ཕྲེང་ལ་ཐོག་སོགས་སུ་འབྲུ་ནས་ཉོ་ཚོང་དུ་འགྲོ་སྐབས་སུ་བྲོ་འདི་འཆམ་པས་རིམ་གྱིས་ས་ཆ་དེ་དག་ལའང་དར་ཁྱབ་ཆེན་པོ་བྱུང་།

  ཚུལ་བཟང་གིས་བཤད་ན། སྔར་ཁོ་ལ་བྲག་འགོའི་རོང་པ་ནས་ཡིན་པའི་ཨ་ཞང་ཞིག་ཡོད། ཁོའི་ཆུང་མའི་མིང་ལ་རྣམ་རྒྱལ་སྒྲོལ་མ་ཟེར། དེ་ནི་བྲོ་བ་སྐད་གྲགས་ཅན་ཞིག་ཡིན། བྲག་འགོ་རུ་སྒྲོལ་མ་ཐོག་པའི་བྲོ་བ་སྐད་གྲགས་ཅན་གསུམ་ཡོད། དེ་དག་ནི་གྲོང་སྟོད་རྣམ་རྒྱལ་སྒྲོལ་མ། ཀ་ཞབས་མཁས་ལི་སྒྲོལ་མ། གྲོང་སྨད་བཀྲ་ཤིས་སྒྲོལ་མ། སྒྲོལ་མ་གསུམ་གྱིས་སྐྱེལ་མ་དང་སྒྲོལ་མ་གསུམ་གྱིས་བསུ་མ་བྱེད་ཅེས་བྲག་འགོའི་མི་རྣམས་དབུས་མཇལ་ལ་འགྲོ་སྐབས་ཡར་ལ་འགྲོ་སྐབས་བྲོ་འཆམ་ནས་སྐྱེལ་མ་དང་མར་ལ་བསུ་སྐབས་བྲོ་འཆམ་པའི་བསུ་སྲོལ་ཡོད་པ་རྟོགས་ཐུབ་ལ། སྐབས་དེར། རོང་འབྲོག་ཀུན་ཏུ་སྐོར་བྲོ་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་གདོན་མི་ཟའོ།།

  གནའ་བྲོའི་ཁུངས་ཡང་དག་འཚོལ་ཆེད། ང་ཚོ་སེའུ་རྒྱས་བྲོ་བ་ཚེ་རིང་ལྷ་མོར་བཅར་འདྲི་བྱེད་དུ་སོང་ལ། མོ་ད་ལྟ་ལོ་ན་༧༧་སོན་འདུག གནའ་བྲོ་འདི་དག་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་སྐབས། མོས་མིག་ནས་དགའ་བའི་མཆི་མ་འཐོར་ཞིང་། མོར་ཡང་གནའ་བྲོ་དེ་དག་ལོ་ཆུང་ཚོར་ཁྲིད་འདོད་པའི་བསམ་པ་ཞིག་ཡོད་པ་མ་ཟད། སྔར་གྱི་འཆམ་གྲོགས་འགའ་རེར་དེ་འདྲའི་གྲོས་གཞི་བཏོན་མྱོང་མོད། བྱ་བ་དེ་དག་མངོན་འགྱུར་མ་བྱུང་ལ་འཆམ་གྲོགས་དེ་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་མའི་ཡུལ་དུ་ཆས་ཟིན། དེ་རིང་རྟེན་འབྲེལ་འགྲིག་པས་མོས་ཅིས་ཀྱང་སྲིད་པ་དང་པོ་ཆགས་པའི་བྲོ་ཚིག་དེ་ལེན་རྒྱུ་ཡིན་ཞེས་བླངས་བྱུང་། མོར་ལོ་འདི་གར་ཨོལ་ལག་གཉན་ཚད་ན་ནས་དབུགས་ཧལ་ཧལ་བྱེད་ཀྱིན་འདུག་ཀྱང་མཚམས་མ་བཞག་པར་བྲོ་ཚིག་ཚིག་གསུམ་དེ་བླངས། མོས་བཤད་ན། སྔོན་མོ་རང་ལོ་དྲུག་བདུན་ཡིན་སྐབས་གྲོང་པའི་ནང་ན་ས་ཞིང་ཆེན་པོ་ཞིག་ཡོད། དགོང་མོ་རེ་རེ་བཞིན་མི་རྣམས་དེ་རུ་འདུས་ནས་བྲོ་འཆམ་སྲིད་ལ། ལོ་སར་སྐབས་སུ་ཉིན་ཞག་བཅུ་ཙམ་ལ་རོང་འབྲོག་ཀུན་ལ་དར་བའི་བྲོ་དག་འཆམ་སྲིད། གྲོང་པའི་ནང་གི་རྒན་མོ་ཞིག་གིས་བྲོ་སྣ་བརྒྱད་ཅུ་འཆམ་ཤེས། མོས་སྤོ་བོའི་དུས་ནས་ལི་ཁོག་མས་བྲོ་འདི་འཆམ་གྱིན་ཡོད་ཅེས་པའི་ངག་རྒྱུན་ཐོས་མྱོང་། ང་ཚོ་ནི་ཡུལ་འབྲོག་གད་པ་སྟེང་ཞབས་ཡིན་པས། ཕན་ཚུན་རྒྱུས་ལོན་ཆེན་པོ་ཡོད། ཅེས་བརྗོད་པ་ལས་ལི་ཁོག་གནའ་བྲོ་དར་ནས་བགྲང་བྱ་༡༥༠ལྷག་འགོར་ཡོད་པ་གཞིར་བཞག་བྱ་རུང་།

  ངག་རྒྱུན་ལ་ལར་གཞིག་ན། ཇ་ཚོང་རྡལ་ལམ་གྱི་ཚོང་པ་རྣམས་ས་ཚིགས་དག་ནས་སྒར་བརྒྱབ་ཏེ་འདུག་སྐབས། དགོང་མོ་མེ་ཕུང་བྲོ་ར་རྒྱག་སྲིད་ལ། དེ་དག་ནི་ས་ཆ་སྟོད་སྨད་བར་གསུམ་ནས་འོང་བའི་ཚོང་པ་དག་ཡིན་པས་ཁོ་ཚོས་རང་རང་ཕྱོགས་ཀྱི་བྲོ་འཆམ་ལ། ལན་རེར་ཁ་བདེ་རྣམས་ཀྱིས་སྐབས་དེའི་གནས་ཚུལ་གླུ་རུ་བླངས་ཤིང་བྲོ་ཡི་སྟངས་སྟབས་སུ་བརྩམས་དེ་དལ་གྱིས་ཕྱོགས་སོ་སོར་དར་ཁྱབ་ཏུ་གྱུར་བའང་ཤིན་ཏུ་མང་། ལི་ཁོག་གནའ་བྲོའང་དེ་ལྟར་དར་ནས་ཡོང་བ་ཞིག་ཡིན་ལ། ད་ལྟའི་བར་མི་རབས་གསུམ་ཙམ་བརྒྱུད་པའི་ལོ་རྒྱུས་གསལ་པོ་ཡོད། དེ་དག་གིས་བྲོ་འདི་དག་ལས་ཀའི་ཞོར་དང་དགའ་སྐྱིད་སྟོན་མོའི་སྐབས་སུ་བླངས་ཤིང་འཆམ་པས། ད་ལྟའི་བར་དུ་མ་ཉམས་པར་གནས་པ་ཡིན།

  བྲོ་ཡི་ནང་དོན་ནི་བླ་མ་དང་དཔོན་པོ། ཕ་མ་ལ་བསྟོད་པ་དང་། གནས་རི་དང་བླ་མཚོ་སོགས་ལ་བསྟོད་པ། རྟེན་འབྲེལ་རང་བཞིན་དང་སྨོན་ལམ་རང་བཞིན། ལྷག་དོན་ཚོང་དཔོན་ནོར་བུ་བཟང་པོ་ལྟ་བུ་ནི་བོད་ཀྱི་ཚོང་པ་ཀུན་གྱི་མིག་དཔེ་ལྟ་ས་ལྟ་བུ་ཡིན་པས་དེ་ལ་ཡུལ་ལུང་སོ་སོས་ཚོང་པ་ཚོས་བསྟོད་པ་སྣ་ཚོགས་བྱས་ཡོད་པ་མིག་མཐོང་ལག་ཟིན་ཡིན།

  གསུམ་པ། གནའ་བྲོ་རྒྱུད་འཛིན་དང་དར་སྤེལ་གྱི་གལ་ཆེན་རང་བཞིན།

  སྤྱིར་གནའ་བྲོའི་རིག་གནས་ཞེས་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་ཆགས་ཡོད། གནའ་བྲོའི་རིག་གནས་འདི་དག་གི་ཚིག་གི་རྐང་པ་རེ་རེ་དང་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ཡིས་ཕ་མེས་དག་གི་རིག་པའི་རྩལ་དང་སྤོབས་པའི་གདེང་། རིན་ཐང་གི་ལྟ་བ་དང་འཚོ་བའི་ཉམས་མྱོང་སོགས་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་མཚོན་ཞིང་། རྩེད་རིག་གི་རྣམ་པ་དང་འཚོ་བའི་དགོས་མཁོ་དང་སྦྲགས་ཏེ་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན།

  སྤྱིར་ཡུལ་ལུང་སོ་སོའི་སྐད་དང་ཡུལ་སྲོལ་གོམས་གཤིས་སོགས་མི་མཐུན་པ་མང་པོ་ཡོད་ཀྱང་། རིག་གནས་ཀྱི་ཡང་སྙིང་གཅིག་ཏུ་འདུས་པས་འདི་ལ་ཡུལ་ཕྱོགས་སོ་སོའི་འཐེན་འཁྱེར་བྱེད་ནས། ང་ཚོའི་ས་ཆ་ལས་གཞན་ན་མེད་ཅེས་རིག་གནས་ལ་བདག་པོ་རྒྱག་ཁུལ་བྱེད་པ་ནི་མིག་རྒྱང་ཐུང་བའི་རྟགས་ཤིག་ཕྱིར་མངོན་པར་འདོད། རྒྱུ་མཚན་གནའ་བྲོ་འདིའི་དབྱངས་རྟའང་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོ་ནའང་དེ་དང་འདྲ་བ་ཡོད་ལ། ཡུལ་སྐད་ཀྱི་དབང་གིས་ཚིག་གི་བརྗོད་སྟངས་ཙམ་ལས་དོན་གྱི་སྟེང་ནས་ངོ་བོ་གཅིག་ཏུ་འདུས་ཡོད། དེ་ལ་བརྟག་ན་ང་ཚོའི་ཡབ་མེས་དག་གི་ངག་ནས་ངག་བརྒྱུད་ཀྱི་རིག་གནས་འདི་དག་བོད་ཀྱི་ཡུལ་གྲུ་སོ་སོར་འཐིམས་ཤིང་། འཚོ་བ་དངོས་དང་ཡོངས་སུ་འདྲེས་འདུག་པ་དག་རྒྱུད་འཛིན་དར་སྤེལ་བྱེད་པ་ནི་འུ་ཅག་ཐུན་མོང་གི་འོས་འགན་ཞིག་ཏུ་གྱུར་ཡོད།

                                           ༢༠༢༥་༩་༡༡ཉིན་ལུང་རིགས་མདོ་ནས།

རྩོམ་སྒྲིག་པ། ལྷ་སྐྱིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལི་ཁོག་གནའ་བྲོའི་བྱུང་བ་མདོ་ཙམ་བརྗོད་པ་མེས་པོའི་དབྱངས་རྟ་དགུ་འགྱུར།

2025-12-09 ལི་སྨད་ཉི་གཞོན།(བྲག་འགོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།