འབྲི་འོས་པའི་འཕྲིན་ཡིག


མིག་ཟུང་རྐང་བའི་སྣེ་མོར་ཅེར་ཅེར་ནས།།
མདུན་ལྗོངས་བདེ་བར་འདོད་ལ་སྙོམས་པོར་སྣང་།།
གློ་བུར་སེམས་ཀྱི་ཆུ་བོ་བྲུག་བྲུག་ནས།།
འཚོ་བའི་བྲག་ལ་རྡེབ་ནས་འཇིགས་སྣང་བྱིན།།
 
ལས་ཀྱི་འོ་མ་དཀར་པོ་བསྲུབས་བསྲུབས་ནས།།
ལྷན་འཛོམས་མར་ལོ་སེར་པོ་འདི་ནས་ཆགས།།
སེམས་ཀྱི་རྩམ་ཁུག་རླུང་གིས་མ་ཁུར་ན།།
མཐུན་པའི་ཇ་ཐུན་ཐེངས་གཅིག་འདི་ནས་རོལ།།    
 
ལོ་ཟླའི་ཐེམ་སྐས་འདི་ལ་འཛེགས་འཛེགས་ནས།།
སྣང་བའི་ཕོ་བྲང་དཀྱིལ་ལ་ཡུན་གྱིས་སླེབས།།
སྣབས་ཀྱི་རྡོག་གཅིག་ས་ལ་དྲུད་དྲུད་ནས།།
གད་མོའི་རྡུལ་ཕྲན་མང་པོ་བསྡུས་ནས་ཐོན།།
 
སྲིད་ཀྱི་ལྕགས་ཐག་ཕྲ་མོའི་ཟམ་སྟེང་ལ།།
བབས་བསྟུན་རྐང་བར་བདེ་ལྕག་འཁྱུག་པོ་དགོས།།
ལེ་ལོའི་ཨོང་ཤ་ཐུར་དུ་དཔྱངས་ཚུལ་ལས།།
འུ་གཉིས་འདི་ནས་བགྲོད་པའི་མི་མིནའདུག།
 
ཕྱོགས་འོངས་མཁའ་དབུགས་གཅིག་ཏུ་འདྲེས་པའི་ཁྲོད།།
སེམས་ཀྱི་ཕུགས་ལ་ཚི་དྲེགས་འདྲ་མིན་ཆགས།།
ནང་བསྟན་པདྨའི་རྫིང་བུ་ཁོ་ན་ལས།།
ཕྱི་བདེ་རྒྱ་མཚོ་ཡིས་ཀྱང་ག་ལ་འདག།
 
སྣང་འཕྲུལ་ཡོལ་བ་འདི་ཡི་ཕ་རོལ་ལ།།
སྟོང་ཉིད་བདེན་འཛིན་བློ་མིག་མ་མཆིས་ཀྱང།།
ཤ་དང་སྐྱི་མོས་བཀབ་པའི་ནང་རོལ་ལ།།
རུས་པ་སྲ་མོའི་ཚིགས་ཤིག་ཡོད་དགོས་འདུག །
 
ངལ་བའི་རྔུལ་ཆུ་གསོགས་པའི་ཐ་མ་ལ།།
འདོད་པའི་ཞིང་ས་ད་དུང་སྐམ་པ་འདི།།
གང་ཞིག་བདེན་པར་དཔངས་བའི་དན་རྟགས་སུ།།
མ་ཕྱིས་རང་བྱུང་གསལ་བའི་མེ་ལོང་ཡིན།།
 
ཕྱི་རུ་བྱུགས་པའི་བཀྲག་ལྡན་ཁ་དོག་ལས།།
ནང་གི་ཟབ་སར་མེ་ཏོག་མ་ཕྲིས་ཀྱང་།།
ཕྱི་ནང་གཅིག་ཏུ་འཛིན་པའི་བྱིས་བློ་འདིས།།
ཉེས་པའི་དོང་ལ་གཡུག་པ་ཐེངས་གཅིག་མིན།།
 
མཛེས་མཛེས་འདོད་ཡོན་སྤུངས་བའི་མདུན་རོལ་ལ།།
སྒམ་པའི་ངང་ཚུལ་འཛིན་པའི་མི་གཟུགས་ཙམ།།
ཤཱཀྱའི་ཐུགས་ལ་བདེན་བདེན་མི་སྣང་བས།།
ངེས་འབྱུང་གཙང་མའི་བྱི་དོར་རྒྱག་མཁོ་ཨང་།།
 
འཇིག་རྟེན་ལྟད་མོར་བགྲོད་པའི་སྐུ་མགྲོན་ལ།།
བདུད་རྩི་ཆང་གི་མཆོད་པ་མ་ནུས་བས།།
བློ་སྙིང་མཆིན་གསུམ་བསྟར་བའི་ཚིག་གི་ཕྲེང་།།
རྣ་བའི་མགུལ་དུ་འཕྱང་བའི་རྒྱན་དུ་ཕུལ།།
              
                ༢༠༡༡ལོའི་ཟླ༤པའི་ཚེས༣༠ལ་མལ་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲི་འོས་པའི་འཕྲིན་ཡིག

2012-10-22 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


མིག་ཟུང་རྐང་བའི་སྣེ་མོར་ཅེར་ཅེར་ནས།།
མདུན་ལྗོངས་བདེ་བར་འདོད་ལ་སྙོམས་པོར་སྣང་།།
གློ་བུར་སེམས་ཀྱི་ཆུ་བོ་བྲུག་བྲུག་ནས།།
འཚོ་བའི་བྲག་ལ་རྡེབ་ནས་འཇིགས་སྣང་བྱིན།།
 
ལས་ཀྱི་འོ་མ་དཀར་པོ་བསྲུབས་བསྲུབས་ནས།།
ལྷན་འཛོམས་མར་ལོ་སེར་པོ་འདི་ནས་ཆགས།།
སེམས་ཀྱི་རྩམ་ཁུག་རླུང་གིས་མ་ཁུར་ན།།
མཐུན་པའི་ཇ་ཐུན་ཐེངས་གཅིག་འདི་ནས་རོལ།།    
 
ལོ་ཟླའི་ཐེམ་སྐས་འདི་ལ་འཛེགས་འཛེགས་ནས།།
སྣང་བའི་ཕོ་བྲང་དཀྱིལ་ལ་ཡུན་གྱིས་སླེབས།།
སྣབས་ཀྱི་རྡོག་གཅིག་ས་ལ་དྲུད་དྲུད་ནས།།
གད་མོའི་རྡུལ་ཕྲན་མང་པོ་བསྡུས་ནས་ཐོན།།
 
སྲིད་ཀྱི་ལྕགས་ཐག་ཕྲ་མོའི་ཟམ་སྟེང་ལ།།
བབས་བསྟུན་རྐང་བར་བདེ་ལྕག་འཁྱུག་པོ་དགོས།།
ལེ་ལོའི་ཨོང་ཤ་ཐུར་དུ་དཔྱངས་ཚུལ་ལས།།
འུ་གཉིས་འདི་ནས་བགྲོད་པའི་མི་མིནའདུག།
 
ཕྱོགས་འོངས་མཁའ་དབུགས་གཅིག་ཏུ་འདྲེས་པའི་ཁྲོད།།
སེམས་ཀྱི་ཕུགས་ལ་ཚི་དྲེགས་འདྲ་མིན་ཆགས།།
ནང་བསྟན་པདྨའི་རྫིང་བུ་ཁོ་ན་ལས།།
ཕྱི་བདེ་རྒྱ་མཚོ་ཡིས་ཀྱང་ག་ལ་འདག།
 
སྣང་འཕྲུལ་ཡོལ་བ་འདི་ཡི་ཕ་རོལ་ལ།།
སྟོང་ཉིད་བདེན་འཛིན་བློ་མིག་མ་མཆིས་ཀྱང།།
ཤ་དང་སྐྱི་མོས་བཀབ་པའི་ནང་རོལ་ལ།།
རུས་པ་སྲ་མོའི་ཚིགས་ཤིག་ཡོད་དགོས་འདུག །
 
ངལ་བའི་རྔུལ་ཆུ་གསོགས་པའི་ཐ་མ་ལ།།
འདོད་པའི་ཞིང་ས་ད་དུང་སྐམ་པ་འདི།།
གང་ཞིག་བདེན་པར་དཔངས་བའི་དན་རྟགས་སུ།།
མ་ཕྱིས་རང་བྱུང་གསལ་བའི་མེ་ལོང་ཡིན།།
 
ཕྱི་རུ་བྱུགས་པའི་བཀྲག་ལྡན་ཁ་དོག་ལས།།
ནང་གི་ཟབ་སར་མེ་ཏོག་མ་ཕྲིས་ཀྱང་།།
ཕྱི་ནང་གཅིག་ཏུ་འཛིན་པའི་བྱིས་བློ་འདིས།།
ཉེས་པའི་དོང་ལ་གཡུག་པ་ཐེངས་གཅིག་མིན།།
 
མཛེས་མཛེས་འདོད་ཡོན་སྤུངས་བའི་མདུན་རོལ་ལ།།
སྒམ་པའི་ངང་ཚུལ་འཛིན་པའི་མི་གཟུགས་ཙམ།།
ཤཱཀྱའི་ཐུགས་ལ་བདེན་བདེན་མི་སྣང་བས།།
ངེས་འབྱུང་གཙང་མའི་བྱི་དོར་རྒྱག་མཁོ་ཨང་།།
 
འཇིག་རྟེན་ལྟད་མོར་བགྲོད་པའི་སྐུ་མགྲོན་ལ།།
བདུད་རྩི་ཆང་གི་མཆོད་པ་མ་ནུས་བས།།
བློ་སྙིང་མཆིན་གསུམ་བསྟར་བའི་ཚིག་གི་ཕྲེང་།།
རྣ་བའི་མགུལ་དུ་འཕྱང་བའི་རྒྱན་དུ་ཕུལ།།
              
                ༢༠༡༡ལོའི་ཟླ༤པའི་ཚེས༣༠ལ་མལ་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།