གྲོགས་པོ་སྙན་ངག་པ་ཞིག་གི་དཔྱད་མཆན་གྱི་ལན་དུ།

ནག་ལྡོང་འཁྱམས་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-22


སྙན་མོའི་ཚིག་གི་མགོ་རྐང་སྒྲིགས་ནས་མི་སེམས་འགུགས་འདོད་མ་ཡིན་ལ།།
འཁྱམས་པོའི་མིང་བྱང་གདོང་ལ་བཏགས་ནས་ཟློས་བརྗོད་ཙམ་དུ་རེ་བ་མིན།།
ལོ་ཟླའི་རིན་ཐང་ཐེད་ལ་བོར་ནས་ངལ་བ་བརྒྱ་ཡིས་བཙིར་བྱས་པའི།།
བསྟར་ལ་བརྒྱུས་པའི་ཚིག་དུམ་འགའ་ཞིག་འདི་ན་དོན་གྱིས་སྟོང་བ་བདེན།།
 
བློ་བྱས་རི་མོ་དབྱིངས་སུ་ཞིག་སྟེ་ཆགས་ཞེན་འཁྲི་བ་མ་ཆོད་ན།།
ལྷ་དང་ཀླུ་ཡི་ལོངས་སྤྱོད་རོ་ལ་སྨོན་པའི་འགྲམ་ཆུ་ཟགས་ཀྱང་སྲིད།།
ཁ་དང་ཁོག་པ་མཉམ་དུ་བཤམས་པའི་འཁྱམས་པོའི་གློ་བའི་ཁ་དོག་དེ།།
དགའ་དུངས་ཆགས་པའི་རླབས་ཀྱིས་འཕྱུར་བ་ཁྱོད་ལ་ཏོག་ཙམ་གཟན་སོང་སྐད།།
 
ཕ་དང་མ་ལོར་ཕྱི་མིག་འཐེན་ཏེ་མཐོན་པོའི་རི་ལམ་བརྒལ་བ་ནས།།
གོས་ཚར་ལྭ་བའི་རུམ་ཁ་གླེང་བའི་ངག་གི་སྒོ་མོ་བསྡམས་པ་བདེན།།
བག་ལ་ཉལ་བའི་ཆོ་མེད་སྣང་བ་སྨུག་ལྟར་རྒྱུ་བའི་བར་གླེགས་སུ།།
སྨྱུག་སོར་འཐབ་པའི་རྗེས་ཤུལ་རི་མོ་དེ་ལྟར་འཁྱོམ་པ་མ་ལེགས་སམ།།
 
གཅེས་བར་བསྐྱངས་བའི་ལུས་ཀྱི་ཐོ་ཡོར་འབྱུང་བཞིའི་ཁམས་སུ་མ་ཟད་ན།།
སྦྲང་མ་འདྲ་བའི་རྣམ་ཤེས་ཕྲ་མོ་ཕྱི་མའི་ཐང་ལ་མ་འཁྱར་ན།།
སྐྱིད་སྡུག་རེས་ཀྱིས་ཟློས་གར་འཁྲབ་པའི་འཇིག་རྟེན་འདི་ཡི་དཀར་ངོགས་ནས།།
ད་དུང་འགྱུ་དྲན་རིས་སུ་འདེབས་པས་ཁོ་བོས་ཁྱོད་ལ་དགོངས་དག་ཞུ།།
 
གཤིས་རྒྱུད་གྱོང་བོའི་གཞུ་རུ་བསྡོངས་བའི་རྩུབ་མོའི་ཚིག་གི་སྒྲོ་ལྡན་མདས།།
བརླག་འདོད་སྡང་སེམས་མེ་རུ་སྒྲོན་ཏེ་སྣུན་པའི་ངང་ཚུལ་རིང་བྲལ་བའི།།
ཨ་ལན་ཞིག་གི་དབྱངས་རྟ་སྙན་མོ་མགྲིན་པའི་སྤུབས་ལས་བཞུར་བ་འདི།།
ཁྱོད་ཀྱི་སེམས་པའི་ནང་རོལ་དེ་ལ་དོ་ཧའི་མགུར་གླུ་ཡིན་པར་སྨོན།།
                       ༢༠༠༢ ༧  ༢༤

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ་སྙན་ངག་པ་ཞིག་གི་དཔྱད་མཆན་གྱི་ལན་དུ།

2012-09-22 ནག་ལྡོང་འཁྱམས་པོ། ཀློག་གྲངས། མཆན ཡོད།


སྙན་མོའི་ཚིག་གི་མགོ་རྐང་སྒྲིགས་ནས་མི་སེམས་འགུགས་འདོད་མ་ཡིན་ལ།།
འཁྱམས་པོའི་མིང་བྱང་གདོང་ལ་བཏགས་ནས་ཟློས་བརྗོད་ཙམ་དུ་རེ་བ་མིན།།
ལོ་ཟླའི་རིན་ཐང་ཐེད་ལ་བོར་ནས་ངལ་བ་བརྒྱ་ཡིས་བཙིར་བྱས་པའི།།
བསྟར་ལ་བརྒྱུས་པའི་ཚིག་དུམ་འགའ་ཞིག་འདི་ན་དོན་གྱིས་སྟོང་བ་བདེན།།
 
བློ་བྱས་རི་མོ་དབྱིངས་སུ་ཞིག་སྟེ་ཆགས་ཞེན་འཁྲི་བ་མ་ཆོད་ན།།
ལྷ་དང་ཀླུ་ཡི་ལོངས་སྤྱོད་རོ་ལ་སྨོན་པའི་འགྲམ་ཆུ་ཟགས་ཀྱང་སྲིད།།
ཁ་དང་ཁོག་པ་མཉམ་དུ་བཤམས་པའི་འཁྱམས་པོའི་གློ་བའི་ཁ་དོག་དེ།།
དགའ་དུངས་ཆགས་པའི་རླབས་ཀྱིས་འཕྱུར་བ་ཁྱོད་ལ་ཏོག་ཙམ་གཟན་སོང་སྐད།།
 
ཕ་དང་མ་ལོར་ཕྱི་མིག་འཐེན་ཏེ་མཐོན་པོའི་རི་ལམ་བརྒལ་བ་ནས།།
གོས་ཚར་ལྭ་བའི་རུམ་ཁ་གླེང་བའི་ངག་གི་སྒོ་མོ་བསྡམས་པ་བདེན།།
བག་ལ་ཉལ་བའི་ཆོ་མེད་སྣང་བ་སྨུག་ལྟར་རྒྱུ་བའི་བར་གླེགས་སུ།།
སྨྱུག་སོར་འཐབ་པའི་རྗེས་ཤུལ་རི་མོ་དེ་ལྟར་འཁྱོམ་པ་མ་ལེགས་སམ།།
 
གཅེས་བར་བསྐྱངས་བའི་ལུས་ཀྱི་ཐོ་ཡོར་འབྱུང་བཞིའི་ཁམས་སུ་མ་ཟད་ན།།
སྦྲང་མ་འདྲ་བའི་རྣམ་ཤེས་ཕྲ་མོ་ཕྱི་མའི་ཐང་ལ་མ་འཁྱར་ན།།
སྐྱིད་སྡུག་རེས་ཀྱིས་ཟློས་གར་འཁྲབ་པའི་འཇིག་རྟེན་འདི་ཡི་དཀར་ངོགས་ནས།།
ད་དུང་འགྱུ་དྲན་རིས་སུ་འདེབས་པས་ཁོ་བོས་ཁྱོད་ལ་དགོངས་དག་ཞུ།།
 
གཤིས་རྒྱུད་གྱོང་བོའི་གཞུ་རུ་བསྡོངས་བའི་རྩུབ་མོའི་ཚིག་གི་སྒྲོ་ལྡན་མདས།།
བརླག་འདོད་སྡང་སེམས་མེ་རུ་སྒྲོན་ཏེ་སྣུན་པའི་ངང་ཚུལ་རིང་བྲལ་བའི།།
ཨ་ལན་ཞིག་གི་དབྱངས་རྟ་སྙན་མོ་མགྲིན་པའི་སྤུབས་ལས་བཞུར་བ་འདི།།
ཁྱོད་ཀྱི་སེམས་པའི་ནང་རོལ་དེ་ལ་དོ་ཧའི་མགུར་གླུ་ཡིན་པར་སྨོན།།
                       ༢༠༠༢ ༧  ༢༤

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།