སྙིང་གི་བུ་ཆུང་ཚེ་རིང་།


ཨ་ཕས་གཅེས་མིང་བཏགས་ནས་ཁྱོད་ལ་སྒུག་ནས་བསྡད་ཡིན།།
ཨ་མས་ཨུ་སུག་བསླེས་ནས་ཁྱོད་ལ་བལྟས་ནས་བསྡད་རེད།།
རྒྱང་རིང་གནམ་མཐའི་མཚམས་ཀྱི་ཞང་བོ་ཨ་ནེ་ཚང་མས།།
ཉིན་བཟང་སྐར་བཟང་འདི་ལ་བཀྲ་ཤིས་བདེ་ལེགས་ཞུས་སོང་།།
 
བསྟི་གནས་རྡ་ས་ཆེན་མོའི་ཐེག་ཆེན་གཙུག་ལག་ཁང་ནས།།
མདོ་སྨད་བཀྲ་ཤིས་འཁྱིལ་བའི་ཨེ་ཝཾ་ཆོས་འཁོར་གླིང་ནས།།
ཕ་ཡུལ་གཡུ་ལྗོངས་ཕྱུག་མོའི་གསེར་ལྡན་རི་བོའི་རྩེ་ནས།།
ཁྱོད་ཀྱི་རླུང་རྟ་དར་བར་ལྷ་བསང་དཀར་བོ་བཏང་ཡོད།།
 
བོད་ཡུལ་ཁ་བ་ཅན་གྱི་དྲི་མེད་མཁའ་དབུགས་གཙང་མ།།
ཨ་ཕའི་བུ་ལོ་ཁྱོད་ལ་རྔུབ་པའི་སྐལ་བ་མེད་ཀྱང་།།
ཕ་ཡུལ་ཐོར་རྒོད་སྡེ་བའི་གཡང་དཀར་བལ་ཁ་འཇམ་པོ།།
ཨ་ཕའི་བུ་ལོ་ཁྱོད་ལ་འདིང་བའི་གོ་སྐབས་བྲལ་ཡང་།།
 
གནམ་གྱི་སྐར་མ་བླང་ནས་ཁྱོད་ལ་རྩེ་རྡོ་བསྒྲིག་ཆོག།།
མཁའ་ཡི་འཇའ་ཚོན་བཟུང་ནས་ཁྱོད་ཀྱི་སྐ་རགས་བྱས་ཆོག།

ས་ཡི་མེ་ཏོག་བཏུས་ནས་ཁྱོད་ཀྱི་མལ་གདན་བྱས་ཆོག།
ཨ་ཕའི་བུ་ཆུང་ལོ་ལོ་ཚོ་རིང་ལོ་བརྒྱ་ཡོང་ཤོག།
 
ས་མཐའ་སྡུག་གི་ཁྱིམ་ལ་ཁྱོད་རང་སླེབས་པས་དགའ་སོང་།།
གཞན་ཡུལ་བཙན་པོའི་གླིང་དུ་ཁྱོད་ཉིད་སྐྱེས་པས་བདེ་སོང་།།
ཨ་ཕའི་སེམས་པུ་ཁྲ་ལོག་བུ་ལོ་བསྟན་འཛིན་རང་གྲོལ།།
ཡོད་ཚད་ཤིས་པར་གྱུར་ཅིང་བསམ་དོན་འགྲུབ་པ་ཡོང་ཤོག།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གི་བུ་ཆུང་ཚེ་རིང་།

2012-07-15 སྐྲན། ཀློག་གྲངས། མཆན ཡོད།


ཨ་ཕས་གཅེས་མིང་བཏགས་ནས་ཁྱོད་ལ་སྒུག་ནས་བསྡད་ཡིན།།
ཨ་མས་ཨུ་སུག་བསླེས་ནས་ཁྱོད་ལ་བལྟས་ནས་བསྡད་རེད།།
རྒྱང་རིང་གནམ་མཐའི་མཚམས་ཀྱི་ཞང་བོ་ཨ་ནེ་ཚང་མས།།
ཉིན་བཟང་སྐར་བཟང་འདི་ལ་བཀྲ་ཤིས་བདེ་ལེགས་ཞུས་སོང་།།
 
བསྟི་གནས་རྡ་ས་ཆེན་མོའི་ཐེག་ཆེན་གཙུག་ལག་ཁང་ནས།།
མདོ་སྨད་བཀྲ་ཤིས་འཁྱིལ་བའི་ཨེ་ཝཾ་ཆོས་འཁོར་གླིང་ནས།།
ཕ་ཡུལ་གཡུ་ལྗོངས་ཕྱུག་མོའི་གསེར་ལྡན་རི་བོའི་རྩེ་ནས།།
ཁྱོད་ཀྱི་རླུང་རྟ་དར་བར་ལྷ་བསང་དཀར་བོ་བཏང་ཡོད།།
 
བོད་ཡུལ་ཁ་བ་ཅན་གྱི་དྲི་མེད་མཁའ་དབུགས་གཙང་མ།།
ཨ་ཕའི་བུ་ལོ་ཁྱོད་ལ་རྔུབ་པའི་སྐལ་བ་མེད་ཀྱང་།།
ཕ་ཡུལ་ཐོར་རྒོད་སྡེ་བའི་གཡང་དཀར་བལ་ཁ་འཇམ་པོ།།
ཨ་ཕའི་བུ་ལོ་ཁྱོད་ལ་འདིང་བའི་གོ་སྐབས་བྲལ་ཡང་།།
 
གནམ་གྱི་སྐར་མ་བླང་ནས་ཁྱོད་ལ་རྩེ་རྡོ་བསྒྲིག་ཆོག།།
མཁའ་ཡི་འཇའ་ཚོན་བཟུང་ནས་ཁྱོད་ཀྱི་སྐ་རགས་བྱས་ཆོག།

ས་ཡི་མེ་ཏོག་བཏུས་ནས་ཁྱོད་ཀྱི་མལ་གདན་བྱས་ཆོག།
ཨ་ཕའི་བུ་ཆུང་ལོ་ལོ་ཚོ་རིང་ལོ་བརྒྱ་ཡོང་ཤོག།
 
ས་མཐའ་སྡུག་གི་ཁྱིམ་ལ་ཁྱོད་རང་སླེབས་པས་དགའ་སོང་།།
གཞན་ཡུལ་བཙན་པོའི་གླིང་དུ་ཁྱོད་ཉིད་སྐྱེས་པས་བདེ་སོང་།།
ཨ་ཕའི་སེམས་པུ་ཁྲ་ལོག་བུ་ལོ་བསྟན་འཛིན་རང་གྲོལ།།
ཡོད་ཚད་ཤིས་པར་གྱུར་ཅིང་བསམ་དོན་འགྲུབ་པ་ཡོང་ཤོག།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།