བདེན་ལུགས་ཤིག

ཁྱོད་ཀྱི་སེམས་པ་གྱང་ཁའི་རྩྭ་རེད་རྩྭི་ཏོག་རླུང་བུའི་ཕྱོགས་སུ་གཡོ།།
ང་ཡི་གཤིས་ཀ་གྱོང་བོའི་རྭ་ཡིན་རྭ་ཅོ་ཆག་ན་བླ་སྲོག་འཆོར།།
ཁྱོད་ཀྱི་ལག་པ་གློད་ཁུག་ནང་རེད་གློད་ཁུག་ནང་ན་ལྐོག་རྔན་རྩི།།
ང་ཡི་སེམས་པ་གླིང་དཀར་སྟོད་ཡིན་གླིང་དཀར་གེ་སར་རྒྱལ་པོའི་རྫོང་།།
 
ཁྱོད་ཀྱི་སེམས་པ་དམར་པོའི་ཁྲག་རེད་ཁྲག་དྲི་རྒྱལ་སྒོའི་ཕྱི་ན་ཐུལ།།
ང་ཡི་སེམས་པ་དཀར་པོའི་དུང་ཡིན་དུང་གི་རང་བཞིན་དཀར་པོ་ཡིན།།
ཁྱོད་ཀྱི་ཧམ་པ་ཨ་སྔོན་གནམ་རེད་གནམ་གྱི་རྒྱ་ཁྱོན་གཞལ་རབས་མེད།།
ང་ཡི་ཁེ་དབང་རྐང་བའི་འོག་རེད་རྐང་བའི་འོག་ན་བདེ་སྐྱིད་མེད།།
 
ཁྱོད་ཀྱི་སྟོབས་ཤུགས་གླང་ཆེན་སྨྱོན་པ་གླང་ཆེན་སྨྱོས་ན་དོ་ཡ་མེད།།
ང་རང་ཉམ་ཆུང་གྲོག་མའི་ལུས་རེད་གྲོག་མ་བསད་ན་གཏུག་བཤེར་དཀོན།།
ཁྱོད་ཀྱི་གཡོ་སྒྱུ་ཨ་ཅེ་ཝ་རེད་ཝ་མོའི་གཡོ་སྒྱུ་རྔ་མ་ཐུང་།།
ང་ཡི་རང་གཤིས་དྲང་མོའི་མདའ་ཡིན་ཉག་ཕྲན་འཁྱོག་པོའི་གཏམ་རྒྱུད་མེད།།
 
ཁྱོད་ནི་སྨྱོ་ཆུ་བླུད་པར་གོམས་པས་སྨྱོ་ཆུས་གཞན་མགོ་གཡོགས་པ་མང་།།
ང་ནི་བརྗེད་ཆུ་བཏུང་བར་གོམས་པས་བརྗེད་ཆུའི་རྒྱ་མཚོའི་ཀློང་དུ་འཁྱམས།།
ཁྱོད་ནི་གཤིན་རྗེ་རྒྱལ་པོ་ལགས་པས་གཤིན་རྗེའི་ཁྲིམས་རྭ་ཡ་རེ་ང་།།
ང་ནི་ཉེས་མེད་བཙོན་མ་ལགས་པས་བཙོན་མའི་མནར་གཅོད་འཇིགས་སུ་རུང་།།
 
ཁྱོད་ནི་བཅོས་མའི་འཕྲུལ་ལ་གོམས་པས་བཅོས་མ་འདི་ཡང་བདེན་དུ་བགྲངས།།
ང་ནི་དད་པའི་ཡིད་ཀྱིས་བཀུག་པས་ཡིད་སེམས་འདི་ཡང་རྒྱ་རུ་ཚུད།།
ཁྱོད་ནི་དྲག་པོའི་དཔུང་གིས་བཏེགས་པས་དྲག་པོའི་ལྷ་ཚོགས་ཀུན་ཀྱང་བཅོམ།།
ང་ནི་ཞི་བའི་ལས་ལ་མོས་པས་ཞི་བས་ང་ལ་འཇིགས་སྐུལ་བཟོས།།
 
ཁྱོད་ནི་སྡིག་ཅན་ཤན་པ་ལགས་པས་ཤན་པའི་ལས་ནི་དམར་གསོད་ལགས།།
ང་ནི་ཉེས་མེད་དགེ་ལ་མོས་ཀྱང་དགེ་བའི་ལས་ལ་གོ་འཛོལ་ཐེབས།།
ཁྱོད་ནི་རྡོག་བརྫིས་ལས་ལ་སྤྲོ་ཡང་རྡོག་བརྫིས་འདི་དག་དྲང་བདེན་མིན།།
ང་ནི་རྒྱུ་འབྲས་བརྩི་བར་གོམས་པས་རྒྱུ་འབྲས་སྨིན་པར་ཐེ་ཚོམ་མེད།།
 
                                                 ༢༠༡༢༼༦༼༡༥ཉིན་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་ལུགས་ཤིག

2012-07-06 བེེཌཱུརྱ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།