རླབས་ཆེན་མཛད་འཕྲིན་བླ་ན་བསྟོད།

          -------མ་ཡུམ་སློབ་གྲྭ་ཚུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་འཁྲུངས་སྐར་ལ་ཕུལ།
 
ཁ་བའི་རྡུལ་བརྩེགས་ཁྱུད་མོས་མཛེས་མཛེས་སྨན་ལྗོངས་སྣོད་ཀྱི་ཡོལ་གོ་ལར།།
དགེ་བཅུའི་དཔལ་གྱི་མཚོ་མོ་ལྟེམས་ལྟེམས་དབྱངས་གསལ་བཅུད་ཀྱི་རྟེན་འབྲེལ་འགྲིག།
དྲན་དབང་བྱེ་བའི་རྒྱུ་སྐར་ཆེམ་ཆེམ་གསུང་རབ་ལྷུན་པོའི་གཏོས་སུ་སྤུངས།།
བློ་གསལ་འཇུག་འདོད་སྐྱོར་དབྱངས་ལྷང་ལྷང་ཆོལ་གསུམ་ལུས་ཅན་སྤྲོ་བའི་གཞི།།
 
ཀུན་རྨོངས་སྨག་རུམ་སྙིང་དུ་གཏིབས་པ་གཞོམ་མཛད་ཉི་མ་གཞོན་ནུའི་རླབས།།
ལྡོག་མེད་བརྩོན་པའི་ལས་ཀྱིས་སྤྲོས་ལས་དགེ་ལེགས་པད་འདབ་གྲོལ་བའི་འཛུམ།།
ལེགས་ཉེས་བླང་དོར་ཚུལ་བཞིན་དྭངས་པར་ཐབས་ལམ་ཀེ་ཏ་ཀ་ཡི་རྡུལ།།
སྤྱི་བོར་བཏེགས་པའི་བགྲང་བྱ་སུམ་ཅུའི་རླབས་ཆེན་མཛད་འཕྲིན་བླ་ན་བསྟོད།།
 
དུག་གསུམ་རླབས་ཀྱི་རི་མོ་གཡོས་ལ་བསླབ་བྱ་རྟ་གདོང་འབར་བས་གཞོམ།།
རྨོངས་ཞེན་མཚན་མོའི་ཐུ་བ་སྒྲོན་ལ་ལེགས་བཤད་ཉི་མའི་འོད་རླབས་འཕྲོས།།
ཚུལ་མིན་སྤྱོད་པ་ཧ་ལོའི་དུག་ལ་དགེ་བཅུའི་སྟ་གྲི་ཤུགས་ཀྱིས་འཕེན།།
འཇམ་མགོན་ཡོན་ཏན་རྒྱ་མཚོའི་བཀའ་དྲིན་དེང་ཡང་སུ་ཡིས་བརྗེད་དུ་ཅི།།
 
འཆད་པས་སྐལ་བཟང་རིངས་བར་འདྲེན་པའི་དོན་ལྡན་གཏམ་གྱི་སྦྲང་ཆར་བྱོ།།
ཉན་པས་ཤེས་བྱའི་སྒོ་ཀུན་འཇུག་པའི་སྣོད་ལྡན་སྟོང་ཕྲག་ཅིག་ཅར་འཛུམ།།
དགེ་སློབ་ཉི་ཟླའི་ཡོན་ཏན་གཟི་བྱིན་འོད་དུ་འབར་བའི་རྩེ་དགའ་ཡིས།།
ཀླུ་ཆབ་དལ་འགྲོའི་སུལ་སུལ་གདགས་སྲིབ་ཤེས་ལྡན་མེ་ཏོག་གཅལ་དུ་བཀྲམས།།
 
ལྟོས་དང་རིག་གཞུང་མྱུ་གུ་བརླན་ལ་བཤེས་གཉེན་ཆུ་འཛིན་ཕང་ཕུང་དཀྲིགས།།
བཞི་བརྒྱའི་རིམས་ནད་དྲུངས་ནས་འབྱིན་ལ་འཚོ་བྱེད་གཞོན་ནུ་ཕྲེང་དུ་བསྟར།།
ཞི་རྒྱས་དབང་དྲག་འཕྲིན་ལས་སྤེལ་ལ་གཞུང་ཞབས་དུ་མར་རྣམ་དཔྱོད་བདོ།།
ཀླུ་ཆབ་འཛིན་མའི་སྲིད་འབྱོར་རིག་གསུམ་ཆར་དུ་འཇོ་མཛད་ཁྱོད་མིན་ཅི།།
 
མངོན་པར་བསྟོད་དོ་མ་ཡུམ་སློབ་གྲྭ་སྐལ་ལྡན་ཀུ་མུད་གྲོལ་བའི་གཉེན།།
དྲིན་དུ་ཆེའོ་དགེ་བའི་བཤེས་གཉེན་བསླབ་གསུམ་ནོར་གྱིས་ཕྱུག་པའི་དཔུང་།།
དོན་དུ་གཉེར་རོ་བརྒྱ་ཕྲག་ཉི་ཤུ་སྦྱངས་བརྩོན་གོ་ཆ་བགོས་བའི་ཁྱུ།།
གོང་དུ་འཕེལ་ལོ་འཆད་ཉན་འཕྲིན་ལས་དབྱར་མཚོ་རྒྱས་ལྟར་མུ་ནས་མུ།།
 
གང་གི་སྙན་གྲགས་དབྱར་སྐྱེས་རྔ་གསེང་ཕྱོགས་ཀྱི་ལྟོ་བར་འཁྱིལ་བའི་དབྱངས།།
བདག་མགྲིན་ཅོད་པན་རྒྱན་དུ་བཀུར་ནས་མཛེས་སྡུག་ཕྱི་ལ་བཀྲམས་པའི་བློ།།
འགོག་མེད་རྟ་མཆོག་སྲབ་ཀྱིས་མ་བཅུན་བག་ཚའི་གོས་དང་ཡོངས་བྲལ་ཏེ།།
སྤྱན་སྔར་བཤམས་འདི་དགེ་སྐྱོན་གང་མཆིས་མཐོལ་ལོ་བཤགས་སོ་རིགས་མཐུན་ཁྱུ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླབས་ཆེན་མཛད་འཕྲིན་བླ་ན་བསྟོད།

2012-07-03 ཨ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།