ཚེག་དང་ཤད་ཀྱི་སྐྱོ་གླུ།

 

 

ཀཱ་ལིའི་སྲོག་དབང་འགག་གྱུར་ན།།
ཨཱ་ལི་འདི་ཡང་མྱུར་ཏུ་འཆི།།
སྔོན་འཇུག་ལྔ་བོ་གཞོན་ན་ཡང་།།
རྗེས་འཇུག་རྒན་པོའི་མཉམ་དུ་འཆི།།

ཡང་འཇུག་བས་མཐར་གནས་ན་ཡང་།།
ནད་ཡམས་འདི་ཡིས་གཅེས་སྲོག་ལེན།།
མགོ་ཅན་མགོ་བོ་ཆེ་ན་ཡང་།།
འདོགས་ཅན་བཞི་ཡི་ཚེ་དང་མཉམ།།

ཚེག་དང་ཤད་ཀྱི་སྐྱོ་གླུ་འདིར།།
གངས་ཅན་བོད་མིས་ལན་གཅིག་གསོན།།
དགོས་སུ་གཞོན་སྐྱེས་ཕྱི་རབས་པས།།
བསམ་བློ་ཡང་དང་ཞིབ་ཏུ་ཐོངས།།

དབྱངས་གསལ་ཤི་བའི་དུར་ཁྲོད་ན།།
ཁྱེད་ཅག་གཟུགས་མེད་འདྲེ་དང་འདྲ།།
མུན་ནས་མུན་དུ་གནས་པ་ལས།།
བདེ་བའི་འོད་ཀྱིས་ཡོངས་སུ་དབེན།།

སྔོན་རྗེས་མགོ་འདོགས་འཆི་ཙ་ན།།
མཇུག་འབྲས་ངན་པ་འདི་འདྲ་ཞིག།
རང་ལ་འབྱུང་བ་ཤེས་བཞིན་དུ།།
གཡེང་ནས་མ་འདུག་རང་རིག་སྦྱོངས།།

རང་རིག་རང་མིའི་འཛིན་པ་ལས།།
གཞན་ཞིག་འོང་ནས་འཛིན་མཁན་མེད།།
རང་ནོར་རང་གིས་མ་བཟུང་ན།།
གཞན་གྱིས་ཐལ་བར་རླག་ལ་བརྩམས།།

སྐབས་སུ་གཞན་སྐད་ཁྱ་ཁྱོག་ཅིག།
ཤེས་ནས་རང་ཁ་སོས་ན་ཡང་།།
རང་རིགས་རིག་གཞུང་ཡོངས་སྤངས་ནས།།
ང་ནི་བོད་ཅེས་བརྗོད་ན་མཚར།།

གངས་ཅན་བོད་པའི་གཅེས་ཕྲུག་ཚོ།།
གངས་ལྗོངས་ཞིང་གི་སྤྱི་ནོར་འདི།།
གངས་དང་ཁ་བར་མི་སྟིམ་པར།།
གངས་ཅན་མཛེས་པའི་རྒྱན་ཏུ་ལོངས།།

                        ༢༠༡༤/༤/༡༦ཉིན།


        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེག་དང་ཤད་ཀྱི་སྐྱོ་གླུ།

2014-08-20 གཅན་རྨི་ལམ། ཀློག་གྲངས། མཆན ཡོད།

 

 

ཀཱ་ལིའི་སྲོག་དབང་འགག་གྱུར་ན།།
ཨཱ་ལི་འདི་ཡང་མྱུར་ཏུ་འཆི།།
སྔོན་འཇུག་ལྔ་བོ་གཞོན་ན་ཡང་།།
རྗེས་འཇུག་རྒན་པོའི་མཉམ་དུ་འཆི།།

ཡང་འཇུག་བས་མཐར་གནས་ན་ཡང་།།
ནད་ཡམས་འདི་ཡིས་གཅེས་སྲོག་ལེན།།
མགོ་ཅན་མགོ་བོ་ཆེ་ན་ཡང་།།
འདོགས་ཅན་བཞི་ཡི་ཚེ་དང་མཉམ།།

ཚེག་དང་ཤད་ཀྱི་སྐྱོ་གླུ་འདིར།།
གངས་ཅན་བོད་མིས་ལན་གཅིག་གསོན།།
དགོས་སུ་གཞོན་སྐྱེས་ཕྱི་རབས་པས།།
བསམ་བློ་ཡང་དང་ཞིབ་ཏུ་ཐོངས།།

དབྱངས་གསལ་ཤི་བའི་དུར་ཁྲོད་ན།།
ཁྱེད་ཅག་གཟུགས་མེད་འདྲེ་དང་འདྲ།།
མུན་ནས་མུན་དུ་གནས་པ་ལས།།
བདེ་བའི་འོད་ཀྱིས་ཡོངས་སུ་དབེན།།

སྔོན་རྗེས་མགོ་འདོགས་འཆི་ཙ་ན།།
མཇུག་འབྲས་ངན་པ་འདི་འདྲ་ཞིག།
རང་ལ་འབྱུང་བ་ཤེས་བཞིན་དུ།།
གཡེང་ནས་མ་འདུག་རང་རིག་སྦྱོངས།།

རང་རིག་རང་མིའི་འཛིན་པ་ལས།།
གཞན་ཞིག་འོང་ནས་འཛིན་མཁན་མེད།།
རང་ནོར་རང་གིས་མ་བཟུང་ན།།
གཞན་གྱིས་ཐལ་བར་རླག་ལ་བརྩམས།།

སྐབས་སུ་གཞན་སྐད་ཁྱ་ཁྱོག་ཅིག།
ཤེས་ནས་རང་ཁ་སོས་ན་ཡང་།།
རང་རིགས་རིག་གཞུང་ཡོངས་སྤངས་ནས།།
ང་ནི་བོད་ཅེས་བརྗོད་ན་མཚར།།

གངས་ཅན་བོད་པའི་གཅེས་ཕྲུག་ཚོ།།
གངས་ལྗོངས་ཞིང་གི་སྤྱི་ནོར་འདི།།
གངས་དང་ཁ་བར་མི་སྟིམ་པར།།
གངས་ཅན་མཛེས་པའི་རྒྱན་ཏུ་ལོངས།།

                        ༢༠༡༤/༤/༡༦ཉིན།


        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།