ཁྱི་ཁ་ཚུམས།


ཀ་ལིའི་ནང་གི་ཀླད་པ་སྟོང་བ་ཅན།།
ཁ་ནས་བཤད་ཚད་མི་གཙང་ཕུང་བོ་ཅན།།
ག་ཤེད་ཅིག་ནས་ཡོང་བ་མི་ཤེས་མོད།།
ང་རྒྱལ་མ་གཏོགས་ཡོན་ཏན་ངས་མ་མཐོང་།།

ཅ་ཅོའི་ཚིག་གི་འཕྲོ་ན་ཚིག་མཐུད་ནས།།
ཆ་མེད་མི་ལ་སྙོན་འཛུགས་བྱེད་མཁན་ཁྱོད།།
ཇ་དམར་ལྟ་བུའི་ཆང་གིས་བཟི་མེད་ན།།
ཉ་ཉོག་དེ་འདྲ་མང་པོ་མ་ལབ་རོགས།།

ཏ་ཐཱ་ག་ཏའི་རྗེས་འཇུག་ཡིན་ཟེར་བའི།།
ཐ་ཆད་གྲྭ་གཟུགས་འགའ་ཡི་སྐྱོན་ཁྱེར་ནས།།
ད་ལྟའི་དུས་ཀྱི་ཆོས་པ་ཡོད་དོ་ཅོག།
ན་རཀ་སྐྱེ་ཞེས་སྡིགས་ན་ཐལ་ཆེ་འདུག།

པ་ཊུའི་ཁྲི་ལ་བཞུགས་པའི་སྐྱེས་བུ་འགས།།
ཕ་མེས་རིག་གཞུང་སྤྱི་བོར་བཀུར་བ་དང་།།
བ་བྱུང་འོ་མ་ལྟ་བུའི་ལྷག་བསམ་གྱིས།།
མ་གྱུར་འགྲོ་དོན་མཛད་ན་སྡང་དོན་ཅི།།

ཙ་གེ་ཙིག་གེ་བཤད་པས་མི་ཆོག་པར།།
ཚ་ཚ་འུར་འུར་སྐུར་འདེབས་བྱེད་མཁན་ཁྱོས།།
ཛ་ཡའི་རྗེས་འཇུག་བཟང་པོའི་ཡོན་ཏན་རྣམས།།
ཝ་ལེར་མ་མཐོང་བ་འདི་ལས་རེ་བཙོག།

ཞ་ཉེ་དངུལ་གཉིས་ཁ་ཁ་མི་ཁོར་ན།།
ཟ་མས་རྒྱགས་རྗེས་ཁ་རོག་བསྡད་ན་ཡག།
འ་རི་འུ་རིའི་ཉོག་གཏམ་དེ་དག་ལ།།
ཡ་མཚན་རྩི་མཁན་བླུན་པོ་མ་གཏོགས་མེད།།

ར་གན་གསེར་དུ་བརྫུས་འདྲའི་མི་ངན་གྱི།།
ལ་གཏམ་ལུང་གཏམ་དག་ལ་ཡིད་ཆེས་ནས།།
ཤ་རུས་གཅིག་པའི་ནང་མི་མཁས་ཆེན་ཚོ།།
ས་བཤད་རྡོ་བཤད་དེ་འདྲས་མ་སྨོད་ཅིག།

ཧ་ལམ་བདེན་གཏམ་འཆད་པའི་ལྕེ་མེད་པའི།།
ཨ་ཉོག་བསམ་མེད་ཁྱོད་ཀྱི་ཁྱི་ཁ་ཚུམས།།

                ༢༠༡༤ ༡༡ ༡

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་ཁ་ཚུམས།

2015-07-09 ཞོགས་རླུང་། ཀློག་གྲངས། མཆན ཡོད།


ཀ་ལིའི་ནང་གི་ཀླད་པ་སྟོང་བ་ཅན།།
ཁ་ནས་བཤད་ཚད་མི་གཙང་ཕུང་བོ་ཅན།།
ག་ཤེད་ཅིག་ནས་ཡོང་བ་མི་ཤེས་མོད།།
ང་རྒྱལ་མ་གཏོགས་ཡོན་ཏན་ངས་མ་མཐོང་།།

ཅ་ཅོའི་ཚིག་གི་འཕྲོ་ན་ཚིག་མཐུད་ནས།།
ཆ་མེད་མི་ལ་སྙོན་འཛུགས་བྱེད་མཁན་ཁྱོད།།
ཇ་དམར་ལྟ་བུའི་ཆང་གིས་བཟི་མེད་ན།།
ཉ་ཉོག་དེ་འདྲ་མང་པོ་མ་ལབ་རོགས།།

ཏ་ཐཱ་ག་ཏའི་རྗེས་འཇུག་ཡིན་ཟེར་བའི།།
ཐ་ཆད་གྲྭ་གཟུགས་འགའ་ཡི་སྐྱོན་ཁྱེར་ནས།།
ད་ལྟའི་དུས་ཀྱི་ཆོས་པ་ཡོད་དོ་ཅོག།
ན་རཀ་སྐྱེ་ཞེས་སྡིགས་ན་ཐལ་ཆེ་འདུག།

པ་ཊུའི་ཁྲི་ལ་བཞུགས་པའི་སྐྱེས་བུ་འགས།།
ཕ་མེས་རིག་གཞུང་སྤྱི་བོར་བཀུར་བ་དང་།།
བ་བྱུང་འོ་མ་ལྟ་བུའི་ལྷག་བསམ་གྱིས།།
མ་གྱུར་འགྲོ་དོན་མཛད་ན་སྡང་དོན་ཅི།།

ཙ་གེ་ཙིག་གེ་བཤད་པས་མི་ཆོག་པར།།
ཚ་ཚ་འུར་འུར་སྐུར་འདེབས་བྱེད་མཁན་ཁྱོས།།
ཛ་ཡའི་རྗེས་འཇུག་བཟང་པོའི་ཡོན་ཏན་རྣམས།།
ཝ་ལེར་མ་མཐོང་བ་འདི་ལས་རེ་བཙོག།

ཞ་ཉེ་དངུལ་གཉིས་ཁ་ཁ་མི་ཁོར་ན།།
ཟ་མས་རྒྱགས་རྗེས་ཁ་རོག་བསྡད་ན་ཡག།
འ་རི་འུ་རིའི་ཉོག་གཏམ་དེ་དག་ལ།།
ཡ་མཚན་རྩི་མཁན་བླུན་པོ་མ་གཏོགས་མེད།།

ར་གན་གསེར་དུ་བརྫུས་འདྲའི་མི་ངན་གྱི།།
ལ་གཏམ་ལུང་གཏམ་དག་ལ་ཡིད་ཆེས་ནས།།
ཤ་རུས་གཅིག་པའི་ནང་མི་མཁས་ཆེན་ཚོ།།
ས་བཤད་རྡོ་བཤད་དེ་འདྲས་མ་སྨོད་ཅིག།

ཧ་ལམ་བདེན་གཏམ་འཆད་པའི་ལྕེ་མེད་པའི།།
ཨ་ཉོག་བསམ་མེད་ཁྱོད་ཀྱི་ཁྱི་ཁ་ཚུམས།།

                ༢༠༡༤ ༡༡ ༡

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།