གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་བཞུགས་གནང་།(ཞར་བཀོད་གཅིག་ཡོད)

2016-11-14 11:48:40 གྱད་མི།(སྡེ་དགེ) ཀློག་གྲངས། མཆན ཡོད།

IMG_0095.JPG

སྐུ་མགྲོན་ཕེབས་གཞེས་ལ་དང་།།
ཉི་མ་ཕྱེད་ལ་སོང་ཐལ།།
སྡོད་ཁང་གཙང་ཆབ་འདྲ་བ།།
གསེར་གྱི་མདུན་ཁང་འདྲ་བ།།

སྐུ་ཉིད་གདན་ལ་སྡོད་དང་།།
གདན་ཆ་དྲོད་ཀྱིས་ཁེངས་པ།།
ཉལ་ལམ་རྡོ་རིང་འདྲ་བོ།།
རྨི་ལམ་སྐྱིད་པོ་ཡོད་རེད།།

ཁྱེད་རང་མདུན་དུ་སྡོད་དང་།།
བོད་ཇ་རྒྱ་ཇ་འཛོམས་ཡོད།།
ཇ་རིགས་སྣ་ཚོགས་གཟེབ་ནས།།
གང་ཞིག་བཞེས་པ་འདོད་དམ།།

མི་བོས་གཡས་ལ་ལྟོས་དང་།།
པར་རིགས་ཁྲ་བོ་འཛོམས་ཡོད།།
ཁྲ་བོའི་གཡས་ལ་ཟུག་པའི།།
ཕྲེང་གི་པར་ལ་མཐོང་ངམ།།
                   2016-10-16

                               ཁོག་པའི་ནང་གི་ཞེན་ཆགས།
                       
རི་མཐོ་ཀ་བ་འདྲ་རྒལ་ཅིང་།།
འཇིགས་རུང་སྲིན་པོ་ལ་སྐྲག་པའི།།
སྙིང་ཤ་མི་མོ་ཁྱེད་སེམས་ཏེ།།
སེམས་པ་འཁྱག་རོམ་ལས་གྲང་སོང་།།

ལོ་ཟླའི་འཁྲབ་གཞུང་གི་བར་ནས།།
ཁྱེད་རང་བརྗེད་པ་རང་མི་འདུག།
སྐྱོ་བ་མཐའ་མེད་ཅིག་མཆིས་པས།།
རྟགས་དང་མཚན་མ་འདྲ་བྱུང་ངམ།།

ཁེར་རྐྱང་ཁ་རོག་ངང་བསྡད་ཀྱང་།།
ཁྱེད་རང་སྣང་བ་རུ་འཆར་བྱུང་།།
རྨི་ལམ་ཆུང་འདྲིས་ཀྱི་བྱམས་པ།།
ལ་ནས་བརྗེད་པ་རང་མི་འདུག།

འོད་ལམ་ཁྲ་ཆེམ་གྱི་གཟེབ་ནས།།
མཛེས་པའི་གར་སྟབས་ལ་རོལ་བའི།།
སྟོན་མོ་མཚར་པོ་དེ་སྐྱེན་ཤོག།
འཚོ་བ་སྐྱུར་མོ་དེ་ཁྱེར་ཤོག

ཁ་བ་གོར་མོ་ཞིག་ཆགས་པས།།
ཞོགས་ཁར་མངར་ཆ་ཞིག་བཏུང་བཞག།
བྱེའུ་གང་མང་ཞིག་ལྡིང་བས།།
ཁྱེད་ཉིད་འཚོལ་བ་རུ་བཏང་བཞག།
                           2016-9-28


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།