གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་འབྲི་ལུགས་ཤིག

2017-04-03 11:40:40 ཁྲོ་ནུར་སྤྲིན་དཀར། ཀློག་གྲངས། མཆན ཡོད།


ͼƬ2.jpg
ཚུལ་འཆོས་བུ་མོའི་གཤིས་ལ་དུང་བའི།།
ཟང་ཟིང་གསེབ་ཀྱི་སྐྱ་མིན་སེར་མིན།།
སྡོམ་རྒྱུའི་གཙོ་བོ་དམ་ཚིག་ཡོད་དམ།།
སྒོམ་རྒྱུའི་ངོ་བོ་ཡི་དམ་ཡོད་དམ།།
རྩ་བཞི་ཆང་ལྔ་ཕྱག་ལེན་ཡིན་ནམ།།
གར་མཁན་བུ་མོའི་སྲི་ཞུ་དགོས་སམ།།
སྐད་ཅིག་བདེ་བ་གཉེར་བྱ་ཡིན་ནམ།།
འདི་ཕྱིའི་རིམ་གྲོ་ཁྱོར་གང་ཡོད་དམ།།
ག་ཤེད་བདེ་བའི་ལམ་ཞིག་རྙེད་དམ།།
གཤིན་རྗེ་རྒྱལ་བོའི་ཉེས་ཅན་མིན་ནམ།།
སྟེང་ཕྱོགས་ལྷ་ཡི་ཞབས་འདྲེན་མིན་ནམ།།
འདི་ཕྱིའི་འགྲོ་འདུག་རང་དབང་ཡིན་ནམ།།
སྙན་སྙན་རྣ་ཡི་བདུད་རྩི་མིན་རུང་།།
ཕྱག་ཏུ་འཆང་བའི་སྨྱུག་རྩེ་འདི་ནས།།
མ་རུང་སྤྱོད་པའི་གཤིས་ལུགས་བསྙད་འདོད།།
སྔོ་བསངས་ནམ་མཁའི་རང་བཞིན་བརྗོད་འདོད།།
ཐ་གྲུ་ཡངས་པའི་ས་གཞི་བསྟོད་འདོད།།
ཚར་དུ་དངར་བའི་སྐར་ཚོགས་བྲི་འདོད།
གྲོགས་མཆོག་དམ་པའི་ཡོན་ཏན་སྨྲ་འདོད།།
སྙིང་དུ་སྦས་པའི་གསང་ཚིག་སྟོན་འདོད།།
དགའ་སྐྱོ་ཟུང་གི་ངང་ཚུལ་བསྙད་འདོད།།
སྡེབ་སྦྱོར་ཚིག་ལ་བྱང་ཆ་མེད་ཀྱང་།།
འདི་ལྟར་སྙན་དངགས་ཐོལ་གྱིས་འབྲི་འདོད།།
   
                          ༢༠༡༦-༦-༤ཉིན།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།