འཁོར་བའི་དབྱངས་ཅན།
ཆར་སྨུག་ནང་གི་མེ་ཏོག་རྡུལ་འཛིན་མ།།
བརྩེ་ཞེན་མེ་ལྕེ་དྲོད་མོས་སེམས་ཁ་གསོ།།
ཚེ་རབས་ཕྲེང་བའི་དྲན་འཛིན་མེ་ཏོག་མ།།
མིག་ལ་སྣང་བའི་འཇའ་ཚོན་རི་མོ་བཞིན།།
སྐྱིད་སྡུག་ཁ་ཆར་འདྲེས་པའི་ལོ་ཟླའི་ནང་།།
འཁྲེང་སེམས་པདྨའི་བརྩེ་བ་མ་བསྐམ་ལ།།
དམ་ཚིག་ཤེལ་དཀར་བུམ་པ་རབ་ཏུ་གཙང་།།
མཚན་གཞུང་རྨི་ལམ་ནང་གི་སྐར་ཆེན་མ།།
རླུང་ལ་ཁ་བ་འཐབ་པའི་སྤང་གཞུང་དུ།།
མིི་རྟག་ལས་མཛེས་མེ་ཏོག་རབ་ཏུ་སྣང་།།
ལུས་སེམས་ཚོར་བའི་སྤྲིན་གྱི་བར་སྣང་དུ།།
གཉོམ་ཆུང་ཡུ་མོ་ཞིག་གི་ལས་དབང་བྲིས།།
ལས་ཀྱིས་གནང་བའི་འཁོར་བའི་མེ་ཏོག་མ།།
སྲིད་པ་འཁོར་བའི་སྐར་ཆེན་སྨིན་དྲུག་འདྲ།།
གཉུག་སེམས་སྣང་བ་ཕྲ་མོའི་ནམ་མཁའ་རུ།།
འཁོར་བའི་དབྱངས་ཅན་ཟླ་བ་རབ་ཏུ་ཚེས།།
རྣམ་རྟོག་མཐའ་མེད་ཅིག་གི་ཚོར་གཞུང་དུ།།
དབྱངས་ཅན་དྲན་པ་སྟོང་གི་གཏན་རྒྱུད་བྲིས།།
ནང་སེམས་དྭངས་མའི་བརྩེ་བའི་དེ་ཉིད་ལ།།
དབྱངས་ཅན་གཉུག་སེམས་ཕྲ་མོ་རབ་ཏུ་འདྲེས།།
ནང་སེམས་ཀྱི་ཚོར་བས་དེད་པའི་སྙན་ངག་གི་རྒྱན་དུ་གྱུར་བའི་འཁོར་བའི་དབྱངས་ཅན་ཞེས་རྩོམ་ཐུང་འདི་འབྲི་སྙིང་འདོད་བྱུང་ངོ།།
རྩོམ་སྒྲིག་པ། དབང་མོ།
བརྩེ་ཞེན་མེ་ལྕེ་དྲོད་མོས་སེམས་ཁ་གསོ།།
ཚེ་རབས་ཕྲེང་བའི་དྲན་འཛིན་མེ་ཏོག་མ།།
མིག་ལ་སྣང་བའི་འཇའ་ཚོན་རི་མོ་བཞིན།།
སྐྱིད་སྡུག་ཁ་ཆར་འདྲེས་པའི་ལོ་ཟླའི་ནང་།།
འཁྲེང་སེམས་པདྨའི་བརྩེ་བ་མ་བསྐམ་ལ།།
དམ་ཚིག་ཤེལ་དཀར་བུམ་པ་རབ་ཏུ་གཙང་།།
མཚན་གཞུང་རྨི་ལམ་ནང་གི་སྐར་ཆེན་མ།།
རླུང་ལ་ཁ་བ་འཐབ་པའི་སྤང་གཞུང་དུ།།
མིི་རྟག་ལས་མཛེས་མེ་ཏོག་རབ་ཏུ་སྣང་།།
ལུས་སེམས་ཚོར་བའི་སྤྲིན་གྱི་བར་སྣང་དུ།།
གཉོམ་ཆུང་ཡུ་མོ་ཞིག་གི་ལས་དབང་བྲིས།།
ལས་ཀྱིས་གནང་བའི་འཁོར་བའི་མེ་ཏོག་མ།།
སྲིད་པ་འཁོར་བའི་སྐར་ཆེན་སྨིན་དྲུག་འདྲ།།
གཉུག་སེམས་སྣང་བ་ཕྲ་མོའི་ནམ་མཁའ་རུ།།
འཁོར་བའི་དབྱངས་ཅན་ཟླ་བ་རབ་ཏུ་ཚེས།།
རྣམ་རྟོག་མཐའ་མེད་ཅིག་གི་ཚོར་གཞུང་དུ།།
དབྱངས་ཅན་དྲན་པ་སྟོང་གི་གཏན་རྒྱུད་བྲིས།།
ནང་སེམས་དྭངས་མའི་བརྩེ་བའི་དེ་ཉིད་ལ།།
དབྱངས་ཅན་གཉུག་སེམས་ཕྲ་མོ་རབ་ཏུ་འདྲེས།།
ནང་སེམས་ཀྱི་ཚོར་བས་དེད་པའི་སྙན་ངག་གི་རྒྱན་དུ་གྱུར་བའི་འཁོར་བའི་དབྱངས་ཅན་ཞེས་རྩོམ་ཐུང་འདི་འབྲི་སྙིང་འདོད་བྱུང་ངོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

