མགྲོན་པོ་ཕྱི་གསལ་ནང་གསལ།(ཞར་བཀོད་གཅིག་ཡོད)

གངས་ཆབ་ལྷ་སྲས།(དཀར་མཛེས) 琼迈文学网 2025-06-08
ས་ཀྱི་ལང་ཚོ་མིག་གི་དཔྱིད་དུ་ལྡེམ།།
རེ་བའི་ཉི་མདངས་འཚོ་བའི་རྟེན་དུ་འཚེར།།
ཐང་གི་འཇའ་འོད་འཛིན་པའི་བྱིས་བློ་ཅན།།
སྒྱུ་མའི་ཆང་གིས་བཟི་བའི་མགྲོན་པོ་ཡིན།།
 
ཆར་ཆུས་ས་གཞི་བརླན་པའི་ས་སྲོས་རེ།།
འབྲུག་སྒྲ་འུར་གྱིས་ལྡིར་བའི་ས་སྲོས་རེ།།
སྟོང་གཉི་སྣང་བར་ཞེན་པའི་བྱིས་བློ་ཅན།།
སྤྲིན་འབྱུང་ཉམས་སུ་བསྟར་བའི་མགྲོན་པོ་ཡིན།།
 
ཕྱི་ཡི་མཛེས་དཔལ་སྙིང་གི་བུ་ལྟར་གཅེས།།
ནང་གི་བདེ་དྲོད་མ་ཚོར་ངལ་གྱིས་གཏམས།།
རྨི་ལམ་བདེན་པར་རློམ་པའི་བྱིས་བློ་ཅན།།
སྔོན་གྱི་བུ་ལོན་འདེད་པའི་མགྲོན་པོ་ཡིན།།
 
སྐྱིད་མ་སྡུག་གི་ཁངས་ཆར་ཡེར་བ་མེད།།
གཉིད་མ་སད་ཀྱི་རྟོག་འཆར་སད་དུས་མེད།།
ལངས་མ་འགྱེལ་གྱིས་གསོན་པའི་བྱིས་བློ་ཅན།།
འཁོར་བའི་སྙིགས་རྡུལ་འཐུ་བའི་མགྲོན་པོ་ཡིན།།
 
འཛུམ་སྒོ་གཏན་དུ་བརྒྱབ་པའི་མཚན་མོ་རེ།།
སྡུག་ཡུས་ཐོད་པར་དཔྱངས་པའི་མཚན་མོ་རེ།།
འདི་སྣང་ལས་ལ་སུན་པའི་བྱིས་སེམས་ཅན།།
སྙན་ངག་རོ་ཏོ་ཆགས་པའི་མགྲོན་པོ་ཡིན།།
 
ན་ཚོད་མེ་ཏོག་འདབ་ཁ་རྙིད་ཀྱིས་བཅུན།།
ཤེས་རབ་རལ་གྲིའི་སོ་ཁ་བཙའ་ཡིས་ཟིན།།
མིག་རྒྱང་ཐུང་བའི་རྨོངས་རྟུལ་བྱིས་བློ་ཅན།།
རང་སྣང་རླུང་ལ་བསྐུར་བའི་མགྲོན་པོ་ཡིན།།
 
ཚེ་ཡི་ས་ཁྱོན་མུན་པའི་གྲིབ་ཀྱིས་བཟུང་།།
ལོ་ཟླའི་ཆུ་ཐིགས་བཙགས་ཀྱང་སྙིང་བོས་སྟོང་།།
འདོད་ཡོན་མེ་ལྕེ་གཟུར་ཡང་བྲལ་ཐབས་དབེན།།
མདུན་ལམ་རླུང་ཁའི་སྡོང་ལོ་འབྲས་མེད་མཆོངས།།
 
 བདག་མེད་ཀྱི་སྣང་བ།
 
ནམ་མཁའ་ཡུག་ཅིག་སྟེང་ལ་ཉི་ཟླའི་བགྲོད་ལམ་མི་འབྲི།།
ཆར་བ་ཉིལ་ཉིལ་ལྷུང་ཞིང་མེ་ཏོག་ཐོལ་གྱིས་བཞད་སོང་།།
དཔྱིད་ཟླ་ཚེས་པ་འདྲ་ཡང་ཁངས་སྐྱ་ད་དུང་འབབ་པས།།
ངས་ནི་ནམ་ཟླ་འདི་ཡི་རང་ཚུགས་མཐོང་ཡ་མི་འདུག།
སྲ་ཞིང་འཐས་པར་གྱུར་པའི་སྣང་བ་ག་ལེར་བདེ་མོ།།
ཡང་ཞིང་གཡོ་བར་བྱེད་པའི་སྣང་བ་ག་ལེར་བདེ་མོ།།
སེམས་ལ་གྲང་འཁྱག་ཟུག་ནས་གླུ་རེ་ཁྱོད་ལ་ལེན་དུས།།
ཕྱིར་མིག་ཀློང་གི་འཇིག་རྟེན་དངན་ཏེ་ཡོམ་ཡོམ་འདར་བྱུང་།།
 
ཞོགས་པར་ཉི་འོད་ཚ་ཡང་ཕྱི་དྲོར་གྲང་ངར་མཆེད་པས།།
ཉིན་མོ་ངོ་གཉིས་མ་ལ་བློ་སེམས་གཏད་ཐབས་བྲལ་བ།།
དགོངས་ཀའི་མཚམས་སྤྲིན་དམར་པོ་སྙིང་གི་གུར་དུ་བྱོན་ན།།
གཏམ་རྒྱུད་རི་མོ་སྤར་གང་སྲོད་ཀྱི་གྲིབ་མར་གཏད་ཆོག།
འཛུམ་ལ་ལྷད་ཞུགས་མེད་པའི་སྣང་བ་ག་ལེར་བདེ་མོ།།
ཞེ་ལ་བཙའ་ཆགས་མེད་པའི་སྣང་བ་ག་ལེར་བདེ་མོ།།
སེམས་ཉིད་རྒྱང་ལ་འཐེན་ཞོར་གླུ་རེ་ཁྱོད་ལ་ལེན་དུས།།
ཚེ་ཡི་མིག་ཀོང་ནང་ནས་འོད་ཀྱི་ཟེགས་མ་འཐོར་བྱུང་།།
 
འཁོར་བའི་གྲིབ་མའི་འོག་ཏུ་མནར་བའི་ཡིད་གཞུང་སྙི་མོ།།
ཡང་ཡང་བརྡབ་གསིག་མ་བྱེད་འཆི་བའི་རྐྱེན་རེ་འཕྲད་ན།།
འགྱོད་གདུང་མཆུ་མའི་བརླན་གཤེར་བསུབ་ཀྱང་བསུབ་རྒྱུ་ཅི་ཡོད།།
རྡོ་བ་ཆུ་ལ་སྦངས་འདྲའི་སྣང་བ་ག་ལེར་བདེ་མོ།།
མིད་པ་མཆི་མས་བརྣངས་པའི་སྣང་བ་ག་ལེར་བདེ་མོ།།
རུས་རྐང་གཤོག་པར་ཐོགས་པའི་གླུ་རེ་ཁྱོད་ལ་ལེན་དུས།།
མཚར་སྒྲུང་ཞིག་ལ་ཉན་བཞིན་ཡི་མུག་རླབས་རིས་འཕྱོ་བྱུང་།།

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མགྲོན་པོ་ཕྱི་གསལ་ནང་གསལ།(ཞར་བཀོད་གཅིག་ཡོད)

2025-06-08 གངས་ཆབ་ལྷ་སྲས།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།