ཁའི་རང་བཞིན་བརྗོད་པ།

འཕན་འོ་མཚོ།(མཛོད་དགེ) 琼迈文学网 2025-07-04
 

རྟགས་དང་རྟེན་འབྲེལ་མོལ་བའི་ཁ།།
ལས་དང་རྒྱུ་འབྲས་འཆད་པའི་ཁ།།
ཆོས་དང་འཇིག་རྟེན་འབྱེད་པའི་ཁ།།
ཁ་འདི་སྣང་བ་མཐའ་ཡས་ཡིན།།

བཟང་ངན་དཀར་ནག་རྩོད་པའི་ཁ།།
བདེ་སྡུག་སྤངས་བླངས་འདྲེན་པའི་ཁ།།
ལེགས་ཉེས་དགེ་སྡིག་གླེང་བའི་ཁ།།
ཁ་འདི་མ་ངེས་ཀུན་འབྲེལ་ཡིན།།

སེམས་ཀྱི་སྣང་ཚུལ་རྗོད་པའི་ཁ།།
དྲན་པའི་གདུང་ཚུལ་འཇལ་བའི་ཁ།།
བློ་ཡི་འཆར་ཚུལ་གཞལ་བའི་ཁ།།
ཁ་འདི་ཡིད་སེམས་ཕོ་ཉ་ཡིན།།

བསྟོད་པའི་འཇའ་དར་སྒྲོན་པའི་ཁ།།
སྨོད་པའི་མཆིལ་ཞགས་འཕེན་པའི་ཁ།།
གཏམ་གྱི་བརྗོད་པ་ཕུལ་བའི་ཁ།།
ཁ་འདི་ལྷ་མིན་འདྲེ་མིན་ཡིན།།

མི་བུ་ལྷ་རུ་བཞེངས་པའི་ཁ།།
ཕལ་བ་ཁྱི་རུ་ལབ་པའི་ཁ།།
ཐ་མ་འདྲེ་རུ་བགྲང་བའི་ཁ།།
ཁ་འདི་ཀུན་བཏགས་མཁན་པོ་ཡིན།།

གོང་ལ་ངོ་དགའ་གཏོང་བའི་ཁ།།
བར་ལ་མཐུན་ལམ་འཚོལ་བའི་ཁ།།
འོག་ལ་ཟུར་ཟ་བྱེད་པའི་ཁ།།
ཁ་འདི་ཕྱི་ཁྲ་ནང་ཁྲ་ཡིན།།

ཤགས་ཀྱི་ཀུ་རེ་འཐེན་པའི་ཁ།།
རྫུན་གྱི་འཁོར་ལོ་སྒྱུར་བའི་ཁ།།
ལབ་ཀྱི་རྒྱལ་ཁམས་མྱུལ་བའི་ཁ།།
ཁ་འདི་སྒྱུ་མའི་སྣང་འཕྲུལ་ཡིན།།

ཀུན་ཏུ་དགའ་བ་གནོང་བའི་ཁ།།
ཡོངས་སུ་ཁྲོ་བ་འགྱིད་པའི་ཁ།།
རེ་འགར་བཏང་སྙོམས་བཟོ་བའི་ཁ།།
ཁ་འདི་རྣམ་རྟོག་གཞི་མ་ཡིན།།

དགྲ་ལ་ཞེ་སྡང་རྩང་བའི་ཁ།།
གཉེན་ལ་ཞེ་ཆགས་སློང་བའི་ཁ།།
གཞན་ལ་གཏི་མུག་སྟེར་བའི་ཁ།།
ཁ་འདི་དུག་གི་ཕུང་བོ་ཡིན།།

ཁ་འདི་བདེ་ན་ཀུན་དང་མཐུན།།
ཁ་འདི་མང་ན་ཀུན་ཀྱང་སུན།།
ཁ་འདི་ཉུང་ན་གྲོགས་ཀྱང་དཀོན།།
ཁ་བཤད་རན་ཙམ་གནང་བར་གལ།།

ཁ་རུ་ཟོས་ཟོས་ཟས་ཀྱང་མིན།།
ཁ་ནས་བཤད་བཤད་ཚིག་ཀྱང་མིན།།
ཁ་ཡོད་ལག་ཡོད་ལྡན་པ་ཞིག །
ཁ་དོན་མཚུངས་བར་གྱིས་དང་རབ།།

ཁ་འབོད་ཙམ་གྱིས་དོན་མི་ཆོད།།
ཁ་ཡག་ཙམ་གྱིས་མཐའ་མི་བརྟན།།
ཁ་རྗེ་དབང་ཐང་རྒྱས་འདོད་ན།།
ཁ་མིན་དོན་ལ་བརྩོན་པ་དགོས།།

ཁ་བཤད་དགེ་བས་སངས་མི་རྒྱས།།
ཁ་ཁོག་མ་འདྲེས་འགྲོགས་མི་རིང་།།
ཁ་སེམས་སྣང་བ་མཐུན་པ་ཞིག །
ཁ་དགེ་ཡོང་བར་འབད་དེ་གཙོ།།

ཁ་མཆུ་ཡོང་བ་ཁ་ཡིས་ལན།།
ཁ་ངོ་དམར་བ་ཁ་ཡིས་ཉོས།།
ཁ་ལས་མི་དགེ་ཐམས་ཅད་རྩ།།
ཁ་རུ་ཐུག་པ་ཤེས་ན་ལེགས།།

ཁ་འདིས་མི་བཤད་དགུ་བཤད་དང་།།
ཁ་འདིས་མི་ཟ་དགུ་ཟ་ཡིས།།
ཁ་དང་ཁོག་ལ་མི་དགེ་ཞིག །
ཁ་ཡིས་བསླངས་བ་ཉུང་ཉུང་མིན།།

ཁ་ལ་སྐྱོན་ཆ་མང་ན་ཡང་།།
ཁ་ལ་ཡོན་ཏན་དེ་ལྟར་མང་།།
ཁ་བརྡ་བརྗོད་པ་ཁ་ཡི་དཔལ།།
ཁ་བདེ་ལྕེ་མྱུར་ཁ་ཡིས་གསོས།།

ཁ་སྐད་ཡི་གེ་ཁ་ལ་རག །
ཁ་ཏ་སློབ་གསོ་ཁ་ལ་ཐུག །
ཁ་ཏོན་དགེ་སྦྱོར་ཁ་ལ་བརྟེན།།
ཁ་ལག་བཞེས་པ་ཁ་ཡི་དྲན།།

ཁ་འདི་དགེ་ན་རྒྱལ་ཁམས་སྐྱིད།།
ཁ་འདི་དམ་ན་ཕྱི་ཐག་རིང་།།
ཁ་འདི་འཆམ་ན་ཞི་བདེ་ཡོང་།།
ཁ་འདི་དྲོ་ན་བཀྲ་ཡང་ཤིས།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁའི་རང་བཞིན་བརྗོད་པ།

2025-07-04 འཕན་འོ་མཚོ།(མཛོད་དགེ) ཀློག་གྲངས། མཆན ཡོད།
 

རྟགས་དང་རྟེན་འབྲེལ་མོལ་བའི་ཁ།།
ལས་དང་རྒྱུ་འབྲས་འཆད་པའི་ཁ།།
ཆོས་དང་འཇིག་རྟེན་འབྱེད་པའི་ཁ།།
ཁ་འདི་སྣང་བ་མཐའ་ཡས་ཡིན།།

བཟང་ངན་དཀར་ནག་རྩོད་པའི་ཁ།།
བདེ་སྡུག་སྤངས་བླངས་འདྲེན་པའི་ཁ།།
ལེགས་ཉེས་དགེ་སྡིག་གླེང་བའི་ཁ།།
ཁ་འདི་མ་ངེས་ཀུན་འབྲེལ་ཡིན།།

སེམས་ཀྱི་སྣང་ཚུལ་རྗོད་པའི་ཁ།།
དྲན་པའི་གདུང་ཚུལ་འཇལ་བའི་ཁ།།
བློ་ཡི་འཆར་ཚུལ་གཞལ་བའི་ཁ།།
ཁ་འདི་ཡིད་སེམས་ཕོ་ཉ་ཡིན།།

བསྟོད་པའི་འཇའ་དར་སྒྲོན་པའི་ཁ།།
སྨོད་པའི་མཆིལ་ཞགས་འཕེན་པའི་ཁ།།
གཏམ་གྱི་བརྗོད་པ་ཕུལ་བའི་ཁ།།
ཁ་འདི་ལྷ་མིན་འདྲེ་མིན་ཡིན།།

མི་བུ་ལྷ་རུ་བཞེངས་པའི་ཁ།།
ཕལ་བ་ཁྱི་རུ་ལབ་པའི་ཁ།།
ཐ་མ་འདྲེ་རུ་བགྲང་བའི་ཁ།།
ཁ་འདི་ཀུན་བཏགས་མཁན་པོ་ཡིན།།

གོང་ལ་ངོ་དགའ་གཏོང་བའི་ཁ།།
བར་ལ་མཐུན་ལམ་འཚོལ་བའི་ཁ།།
འོག་ལ་ཟུར་ཟ་བྱེད་པའི་ཁ།།
ཁ་འདི་ཕྱི་ཁྲ་ནང་ཁྲ་ཡིན།།

ཤགས་ཀྱི་ཀུ་རེ་འཐེན་པའི་ཁ།།
རྫུན་གྱི་འཁོར་ལོ་སྒྱུར་བའི་ཁ།།
ལབ་ཀྱི་རྒྱལ་ཁམས་མྱུལ་བའི་ཁ།།
ཁ་འདི་སྒྱུ་མའི་སྣང་འཕྲུལ་ཡིན།།

ཀུན་ཏུ་དགའ་བ་གནོང་བའི་ཁ།།
ཡོངས་སུ་ཁྲོ་བ་འགྱིད་པའི་ཁ།།
རེ་འགར་བཏང་སྙོམས་བཟོ་བའི་ཁ།།
ཁ་འདི་རྣམ་རྟོག་གཞི་མ་ཡིན།།

དགྲ་ལ་ཞེ་སྡང་རྩང་བའི་ཁ།།
གཉེན་ལ་ཞེ་ཆགས་སློང་བའི་ཁ།།
གཞན་ལ་གཏི་མུག་སྟེར་བའི་ཁ།།
ཁ་འདི་དུག་གི་ཕུང་བོ་ཡིན།།

ཁ་འདི་བདེ་ན་ཀུན་དང་མཐུན།།
ཁ་འདི་མང་ན་ཀུན་ཀྱང་སུན།།
ཁ་འདི་ཉུང་ན་གྲོགས་ཀྱང་དཀོན།།
ཁ་བཤད་རན་ཙམ་གནང་བར་གལ།།

ཁ་རུ་ཟོས་ཟོས་ཟས་ཀྱང་མིན།།
ཁ་ནས་བཤད་བཤད་ཚིག་ཀྱང་མིན།།
ཁ་ཡོད་ལག་ཡོད་ལྡན་པ་ཞིག །
ཁ་དོན་མཚུངས་བར་གྱིས་དང་རབ།།

ཁ་འབོད་ཙམ་གྱིས་དོན་མི་ཆོད།།
ཁ་ཡག་ཙམ་གྱིས་མཐའ་མི་བརྟན།།
ཁ་རྗེ་དབང་ཐང་རྒྱས་འདོད་ན།།
ཁ་མིན་དོན་ལ་བརྩོན་པ་དགོས།།

ཁ་བཤད་དགེ་བས་སངས་མི་རྒྱས།།
ཁ་ཁོག་མ་འདྲེས་འགྲོགས་མི་རིང་།།
ཁ་སེམས་སྣང་བ་མཐུན་པ་ཞིག །
ཁ་དགེ་ཡོང་བར་འབད་དེ་གཙོ།།

ཁ་མཆུ་ཡོང་བ་ཁ་ཡིས་ལན།།
ཁ་ངོ་དམར་བ་ཁ་ཡིས་ཉོས།།
ཁ་ལས་མི་དགེ་ཐམས་ཅད་རྩ།།
ཁ་རུ་ཐུག་པ་ཤེས་ན་ལེགས།།

ཁ་འདིས་མི་བཤད་དགུ་བཤད་དང་།།
ཁ་འདིས་མི་ཟ་དགུ་ཟ་ཡིས།།
ཁ་དང་ཁོག་ལ་མི་དགེ་ཞིག །
ཁ་ཡིས་བསླངས་བ་ཉུང་ཉུང་མིན།།

ཁ་ལ་སྐྱོན་ཆ་མང་ན་ཡང་།།
ཁ་ལ་ཡོན་ཏན་དེ་ལྟར་མང་།།
ཁ་བརྡ་བརྗོད་པ་ཁ་ཡི་དཔལ།།
ཁ་བདེ་ལྕེ་མྱུར་ཁ་ཡིས་གསོས།།

ཁ་སྐད་ཡི་གེ་ཁ་ལ་རག །
ཁ་ཏ་སློབ་གསོ་ཁ་ལ་ཐུག །
ཁ་ཏོན་དགེ་སྦྱོར་ཁ་ལ་བརྟེན།།
ཁ་ལག་བཞེས་པ་ཁ་ཡི་དྲན།།

ཁ་འདི་དགེ་ན་རྒྱལ་ཁམས་སྐྱིད།།
ཁ་འདི་དམ་ན་ཕྱི་ཐག་རིང་།།
ཁ་འདི་འཆམ་ན་ཞི་བདེ་ཡོང་།།
ཁ་འདི་དྲོ་ན་བཀྲ་ཡང་ཤིས།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།