སྐྱབས་གཅིག་འཁོར་ལོའི་མགོན་པོ་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་པའི་རྒྱལ་མཚན་ལ་ཞུ་མཆིད་དུ་ཕུལ་བའི་སྙན་ཚིག་རྫོགས་ལྡན་ངག་གི་དཔལ་དབྱངས་ཞེས་བྱ་བ།
མཛེས་སྡུག་དར་གྱི་ཆུན་འཕྱང་རླུང་གིས་བསྐྱོད། །
གནག་སྣུམ་རལ་བའི་ལན་ཚར་རྒྱབ་ཏུ་དཔྱངས། །
སྲིད་ཞིའི་ཉམས་འགྱུར་སྟོང་གི་ཆོ་ག་མཁན། །
མཚོ་བྱུང་ངག་གི་སྲས་མོས་ཤིས་པ་སྩོལ། །
ཐུབ་བསྟན་ལུང་རྟོགས་ཉི་ཟླའི་རྣ་ཆ་ཟུང་། །
བསྟན་པའི་ཁང་བཟང་རྒྱལ་མཚན་ཆེར་འདོགས་པ། །
རང་བྱུང་པདྨ་རྣམ་པར་བསྒྱུར་བའི་འཕྲུལ། །
སྐལ་བཟང་དགའ་བའི་འབྱུང་གནས་གང་དེས་སྐྱོངས། །
འདི་ན་ལག་སོར་པདྨའི་འཁོར་ལོ་ནི། །
འཛུམ་པ་གསར་བའི་རྣམ་འགྱུར་ལ་ཞུགས་ནས། །
ངག་རིག་སྦྲང་རྩིའི་བུ་མོ་ན་ཆུང་མ། །
འདོད་དོན་གསོལ་བའི་མགྲིན་རྔ་རྡུང་ལ་བྲེལ། །
ཚོགས་གཉིས་བསོད་ནམས་བསྲུབས་པའི་ཉིང་ཁུ་ལས། །
ཁྱེད་ཞབས་གཙུག་ཏུ་རེག་པའི་དགའ་སྟོན་ནི། །
སྲིད་ཞིའི་ངོ་མཚར་གཅིག་ཏུ་སྤུངས་ན་ཡང་། །
རྣམ་པའི་ཆ་ཙམ་མི་མཚོན་གཞན་ལྟ་ཅི། །
ཁོ་བོའི་སྐྱེས་སྦྱང་མཛོད་ཀྱི་ཁང་བཟང་དུ། །
སྙན་ཚིག་དྲི་མེད་རིན་ཆེན་ཅུང་མཆིས་པ། །
བསྐལ་བར་ཞབས་རྡུལ་རྙེད་པའི་ཉེར་ལེན་དུ། །
ཕུལ་བའི་ཚུལ་ལ་དགྱེས་ཞལ་འཛུམ་པར་ཞུ། །
མདོ་སྔགས་ཆོས་ཚུལ་བསམ་འཕེལ་ཡིད་བཞིན་ནོར། །
མ་ལུས་གཅིག་ཆར་མཁྱེན་པའི་རྣམ་དཔྱོད་རྩལ། །
སྟོབས་སུ་རྫོགས་པའི་གྲགས་པ་སྙན་པའི་དབྱངས། །
རྒྱ་མཚོའི་ཕ་མཐར་བརྒལ་བ་ཁྱེད་གཅིག་ཙམ། །
ཁུངས་ལྡན་དམ་པའི་མན་ངག་སྣང་བའི་ཟེར། །
རྣམ་དཔྱོད་དཔྱིད་ཀྱི་འདབ་བརྒྱ་ཕོན་པོའི་ཁར། །
འཐུངས་པས་ལེགས་བཤད་བསུང་ཞིམ་མངར་བའི་རོ། །
ཕྱོགས་ཀུན་འགྲེམ་བྱེད་གཉིས་པ་བཙལ་དུ་མེད། །
ཆོས་སྲིད་བ་གམ་གཞན་ལས་མངོན་མཐོ་བ། །
བཀྲ་ཤིས་གཡས་འཁྱིལ་ལྷ་ཡི་ཁང་བཟང་རྩེར། །
བདེ་གཤེགས་བསྟན་པའི་རྒྱལ་མཚན་ཟླ་མེད་པ། །
དུས་འདིར་བསྒྲེང་བའི་ངོ་མཚར་བློ་ལས་འགོངས། །
ཐུབ་བསྟན་ལུང་རྟོགས་མཇའ་རིས་འཁྱིལ་བ་ཡི། །
བསྟན་པའི་རྒྱལ་མཚན་མངོན་པར་འཕགས་པ་དེ། །
མཁས་བཙུན་གྲུབ་པའི་ཤེ་མོངས་འབུམ་ཕྲག་གིས། །
སྒྲེང་བའི་སྣང་བརྙན་ད་དུང་ཡིད་དུ་མཛའ། །
སྡེབ་ལེགས་སྙན་ཚིག་དབྱངས་ཅན་མགྲིན་པའི་གླུ། །
སྲིད་འདིར་སྒྲེང་ལ་མི་ངལ་སྤོབས་པའི་གསུང་། །
ཆེས་ཆེར་གཟེངས་སུ་མཐོ་བའི་བསིལ་གྲིབ་འོག །
སྙན་པས་གདུངས་བའི་འགྲོ་ཀུན་ངལ་གསོ་མཆིས། །
མཁས་རྣམས་མངོན་དགའི་ཕུལ་བྱུང་སྙན་པའི་ཚིག །
ལེགས་སྦྱར་དྲི་ཟའི་པི་ཝང་བདུངས་བའི་དུས། །
མཚོ་བྱུང་ངག་དབང་ལྷ་ཡང་རབ་སྐྱེངས་ཏེ། །
སྐབས་གསུམ་ལྷ་ཡི་ལྗོན་པའི་ཚལ་དུ་ཡིབ། །
འདི་ན་ལང་ཚོ་ལ་ལུང་འབུམ་བརྒལ་ནས། །
མི་རིང་འཆི་བའི་དགྲ་སར་ཉེ་ན་འང་། །
ཞེ་བློ་བདེ་བའི་ཐོས་སྒོམ་རྣོན་པོའི་མཚོན། །
སྤུ་ཙམ་མེད་པའི་ཚུལ་ལ་སྙིང་ནད་ཆེ། །
ཀྱི་ཧུད་ཉེ་དུའི་འདུ་འགོད་རྒྱང་བསྲིང་ནས། །
བས་མཐའི་ཚལ་དུ་ཕྱིན་ཀྱང་ཆོས་མིན་གྱི། །
ཆུ་ཤིང་རུལ་བའི་ལྗོན་ལ་རྒྱབ་བརྟེན་པས། །
རེ་བའི་དངས་མ་སྨོན་པའི་ཡུལ་དུ་ལུས། །
ཀུན་ཉོན་སྲིད་རྩའི་ཆུ་བོ་གཡས་འཁྱིལ་གྱི། །
འདོད་ཡོན་དུག་གི་རླངས་པ་འཕྱུར་བའི་རྫིང་། །
ཆགས་སྡང་ལུས་ཅན་འབུམ་གྱི་གནས་གཞི་དེས། །
མྱོས་པའི་སྣང་ཚུལ་ད་དུང་མ་འགགས་ལགས། །
ལྟར་སྣང་དགེ་བའི་རྔོན་པ་སེར་གོས་ཅན། །
གཏན་བདེའི་སྲོག་ལ་གཟན་པའི་མདའ་ལྔ་བོ། །
འཕེན་མཁས་གཤོར་དུ་ཚུད་ལ་བྱ་བའི་ཐབས། །
མ་རྙེད་དབུགས་ཀྱི་བརྩེགས་མ་འདོན་བཞིན་མཆིས། །
ཁྱེད་ཞལ་སྟོན་མཚན་ཟླ་བ་རྫོགས་པའི་ཆ། །
དྭངས་གསལ་བློ་ཡི་མཚོ་རུ་ལེགས་ཕབས་ཏེ། །
གསོལ་འདེབས་སྒོ་གསུམ་དལ་མེད་བྲེལ་དང་ལྷན། །
ཡང་ཡང་འབོད་པར་དགོངས་མཛོད་སྐྱབས་གཅིག་རྗེ། །
ལེགས་བཤད་གསུང་གི་བཅུད་བཟང་འཐུང་ན་ཡང་། །
དགྱེས་ཞལ་པདྨའི་དགའ་ཚལ་མཇལ་དཀའ་བས། །
སྐུ་མཆོག་ཉི་མའི་དཀྱིལ་འཁོར་ཡང་དང་ཡང་། །
མཇལ་བའི་གེགས་ལ་སུན་པ་སྙིང་ནས་ཆེ། །
བརྩེ་ཆེན་ཟླ་བ་འཛུམ་པའི་བསིལ་གྲིབ་ནི། །
ཡོངས་ལ་རིས་སུ་མི་འབྱེད་ཀུན་ཁྱབ་ཏུ། །
འགྱེད་ཚེ་ལས་ཉོན་ཚ་བས་གཟིར་བ་ཡི། །
བདག་ལ་ལྷག་པར་དགོངས་ཞེས་ངག་ཏུ་ཐལ། །
ཕྲ་རྒྱས་ནད་ཀྱི་ཉེན་པའི་ཉམ་ཆུང་བདག །
མི་ཤིགས་ཐིག་ལེའི་སྲུང་བའི་གུར་ཁང་དུ། །
བྱམས་བརྩེའི་དོན་ཡོད་ཞགས་པས་རྣམ་བཅིང་ནས། །
བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔལ་སྩོལ་ཅིག །
ཆེར་སྙིགས་རླུང་གིས་བསྐྱོད་པའི་དུག་ལྔའི་རླབས། །
མཚོ་མཐའི་སྙིང་ལ་ཕོག་པའི་ནད་གདུང་གིས། །
ཡང་ཡང་ཚལ་བར་བརླགས་པའི་ལས་དམན་བདག །
ཐུགས་རྗེའི་གུར་ཁྱིམ་ནང་ནས་མ་འདོར་ཞུ། །
ལྔ་བརྒྱ་ཐ་མའི་མི་བསྲུན་དྲེགས་པའི་གཟུགས། །
ཀུན་རྟོག་ཡིད་ཀྱི་དཔུང་དང་ལྷན་ཅིག་ཏུ། །
བསླབ་གསུམ་ཁྲིམས་ལ་དགྲ་རུ་སྡང་བཞིན་མཆིས། །
འདི་ཡང་ཁྲོས་པའི་དབལ་གྱི་ཚར་གཅོད་ཞུ། །
ཐབས་ཤེས་དག་པའི་གོ་ཆ་ཁྱེད་ལ་མངའ། །
ལྟ་སྤྱོད་བསྒོམ་པའི་མཚོན་ཆས་ཁྱེད་ཀྱང་ཕྱུག །
མ་དག་བདུད་བཞིའི་གཡུལ་ངོ་ཕམ་བྱས་ཏེ། །
ལྔ་ལྡན་ཚོམ་བུར་བཀོད་འདི་ཁྱེད་ལ་འོས། །
བྱས་བསགས་ལས་ཀྱི་རྒྱུད་མངས་སྒྲས་དྲངས་ཏེ། །
སྐྱེ་སྲིད་རྐང་འཐུང་སྟུག་པའི་ལྡིང་ཁང་དུ། །
བར་མེད་མྱུར་བུར་རྒྱུ་བའི་རྣམ་ཤེས་བུ། །
དག་པའི་ཚལ་དུ་བདས་ཤིག་བདག་གི་མགོན །
བཅོ་བརྒྱད་དོན་ཡོད་ལུས་ཀྱི་མལ་ནང་དུ། །
ཀུན་ཉོན་སྲིད་པའི་རྩ་བར་སྔས་བཅས་པས། །
ཐོས་བསྒོམ་མལ་ལས་ལྡིང་བའི་དགའ་སྟོན་ནི། །
རེ་བའི་ངོས་ན་རྨི་ལམ་བཞིན་དུ་འཛད། །
མདོར་ན་ཀུན་ཉོན་ཞགས་པས་དམ་བཅིངས་ཤིང་། །
དོན་མེད་ཆགས་སྡང་རླབས་ཕྲེང་རྟག་འཕྱོ་བས། །
སྐྱེ་བར་ལུས་སེམས་དལ་བའི་གཡུང་དྲུང་རིས། །
བདག་ཡིད་འཛིན་ཁྱོན་དུ་ཕབས་པར་མཛོད། །
གངས་ལྡན་པདྨ་དགྱེས་པའི་དགའ་ཚལ་དུ། །
བསྒོམ་པ་ཆུ་རྒྱུན་བསྲིང་བའི་དྲང་སྲོང་ཁྱེད། །
བདག་དང་ཉེ་བར་བཞུགས་པའི་གཏམ་ཕྲེང་གིས། །
ཡིད་ཀྱི་གཡོ་བ་དལ་ཅིག་ལྷོད་ཀྱི་ཀློད། །
རིང་ནས་ཁྱེད་ཞབས་རེག་པའི་ལྷ་གྲལ་དུ། །
རྙེད་ཀྱང་མཇལ་བའི་བར་སྟོང་ཕྲ་དྲགས་པས། །
ཞུ་མཆིད་ངག་གི་པདྨའི་འདབ་མ་ནི། །
ཚིག་གི་མཚོ་རུ་མི་འབྱེད་ཀ་མེད་ལགས། །
ཁྱེད་ཞབས་ཉི་ཟླའི་བཏེགས་པའི་ཁྲི་འཕང་མདུན། །
རྨད་བྱུང་ཚིག་འབྲས་ལེགས་པའི་ལྷ་དར་འདི། །
ཕུལ་བའི་བསོད་ནམས་ཟླ་ཤེལ་དཀར་པོའི་མདངས། །
གཞོམ་བྲལ་སྐུ་ཡི་དཀྱིལ་འཁོར་རྒྱས་ཆེད་བསྔོ། །
ཅེས་པའང་རིང་ནས་ཁྱབ་བདག་བླ་མའི་གསུང་གི་བཅུད་ལ་རོལ་བའི་སྐལ་བ་ཅན། མདོ་སྨད་ཡུལ་གྱི་སྙུག་འཛིན་པར་ཁས་འཆེ་བ་ལུ་ལམ་སྨན་ལྷ་འབོད་པས་གངས་ལྗོངས་མཁས་པ་འབྱུང་བའི་བསྟི་གནས། ལྔ་རིག་པདྨ་འཛུམ་པའི་དགའ་ཚལ་དུ་སྙན་ངག་མེ་ལོའི་རྒྱན་རྣམས་ཕལ་ཆེར་བློར་མ་འདྲེས་པར་སྦྱང་པ་གནད་སྨིན་དུ་བྱས་པའི་ཉེར་འབྲས་སུ་སྙན་ངག་མེ་ཏོག་གི་ཆུན་པོ་དད་པའི་སྙིམ་པར་བཀོད་དེ། གུས་པའི་རྣམ་འགྱུར་མཐའ་དག་མངོན་པར་འདུ་བར་བྱས་ནས་ཕུལ་བ་འདི་ཡང་བླ་མའི་ཐུགས་དགོངས་དག་པའི་མཁའ་ཀློང་ནས་གཟིགས་ཏེ་རེ་སྨོན་ཡིད་བཞིན་དུ་འགྲུབ་པའི་གསོལ་འདེབས་དྲག་ཏུ་བྱས་བཞིན་བྲིས་པའོ།། ཛཡནྟུ།།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།