བརྩེ་བའི་རླབས་ཀྱི་རི་མོ།
ཡིད་འཕྲོག་རྣ་བར་འཇེབས་པའི་ཁུ་བྱུག་དབྱངས།།
ལྟ་བུའི་སྙིང་གི་ཚོར་འདུ་ཟབ་མོའི་དཔྱིད།།
ངག་རིག་དབྱངས་ཀྱི་གླིང་བུ་འབུད་མཁན་ཁྱོད།།
ས་སྲོད་མེ་ལོང་ཉུལ་བའི་མགྲོན་པོ་ཡིན།།
ལམ་སྨོན་སྟབས་ཀ་འགྲིཊ་པའི་ནང་རོལ་ནས།།
ཀུན་རྟོག་འཕྲུལ་གྱི་རི་མོ་བསྒྲིགས་དང་ལྷན།།
ཚིག་གི་གར་ལ་རྩེན་ཏེ་ཆོས་དབྱིངས་ཀྱི།།
ལྷ་མོ་དབྱངས་ཅན་དྲན་བཞིན་གང་དུ་བཞུཊ།།
བདག་ནི་བྱིས་པ་ནང་བཞིན་བྱམས་པའི་ཚིག།
འགྱུར་མེད་ཡིད་ཀྱི་ནམ་མཁའ་དྭངས་མའི་ངོས།
གཟུགས་མེད་གཟུགས་སུ་བསྟར་ཏེ་ལོ་ཟླ་རུ།།
ཡུན་ཐུང་མི་ཚེའི་མར་མེ་རྫོགས་ལ་ཉེ།།
ཚེ་ནི་དགའ་སྐྱོ་གཉིས་ཀྱི་འདུག་རོགས་དང་།།
དགའ་སྐྱོ་གཉིས་ཀྱང་ལས་ཀྱི་གྲིབ་མ་སྟེ།།
སྐབས་རེ་དགའ་ཞིང་ལན་རེ་སྐྱོ་གདུང་གིས།།
མནར་དུས་མི་བཟོད་གདུང་བ་ཁྱོད་ལ་མོལ།།
སྙིང་གི་ཕྱི་ནང་ཕུལ་ཀྱང་མི་བསླུ་ཞིང་།།
གྲངས་མེད་ལོ་ཟླ་འདས་ཀྱང་མི་སུན་པའི།།
དབུས་ཀྱི་རི་དབང་འདྲ་བའི་རྟག་བརྟན་ཁྱོད།།
ཁོ་མོའི་སྙན་ངག་ནང་གི་ཚིག་རྒྱན་ཡིན།།
རི་ཁྱུ་མུན་པས་བཟུང་བའི་སྐབས་དག་ཏུ།།
ཤར་ཕྱོགས་ཟླ་བའི་འཁྲིས་སུ་ཡོད་དམ་ཀྱེ།།
ལེ་དབར་སྟོང་གིས་ཆོད་པའི་ཚུར་རོལ་ནས།།
ང་ཡི་མིག་ཟུང་གཉོམ་པོ་མཁའ་མཐར་ཤོར།།
ཞལ་རས་པདྨ་འཛུམ་པའི་འཛུམ་ཀོང་དུ།།
འདང་བརྩེའི་འོ་མ་འཁྱིལ་བའི་སྙིང་ཉེ་འམ།།
གཉུག་གཤིས་ཉི་མ་བཞིན་དུ་དྲོ་བའི་ཁྱོད།།
འཇིག་རྟེན་མི་ཚོགས་ཁྲོད་ཀྱི་ཕུལ་བྱུང་ཡིན།།
སྐྱིད་སྡུག་སྨུག་སྤྲིན་འཕྱུར་བའི་ན་ཚོད་ལ།།
སྣང་བ་གླུ་རུ་ལེན་མཁན་མོད་ན་ཡང་།།
བདག་ཡིད་གཙང་པོ་བཞུར་བའི་འགྲམ་ངོས་ན།།
བརྗེད་མེད་བག་ཆཊ་བསྐྲུན་མཁན་ཁྱོད་ཉིད་ཙམ།།
ལང་ཚོ་ལྗོན་པ་བཞིན་དུ་གསར་པའི་ཁྱོད།།
ནང་སེམས་མེ་ལོང་བཞིན་དུ་དག་པའི་ཁྱོད།།
བསླབ་བྱ་ཕ་མ་བཞིན་དུ་འཇོ་བའི་ཁྱོད།།
སྐྱེ་བ་ཚེ་རབས་གཅིག་གི་དྲན་ཤིང་ལགས།།
རྒོངས་ཀའི་རྟ་བདུན་རི་ལ་ཡིབ་པའི་ཤུལ།།
སྙན་ངག་ཟླ་བའི་ཟེར་ལ་འཁྱུད་དང་ལྷན།།
ཁེར་རྐྱང་འཚོ་བའི་གྲུ་ཟུར་རེ་རེ་ནས།།
འཁོར་འདས་གཅིག་ཏུ་སྦྲེལ་བ་ཁྱོད་ལ་དུངས།།
འདྲ་མིན་གཏམ་གྱིས་ཡིད་རབ་མི་ཁུགས་ཤིང་།།
ཁྲེལ་བའི་མིག་ལ་ཕྱི་ནང་མི་སྟོན་པའི།།
རང་ཚུགས་རི་བོ་བཞིན་དུ་བརྟན་པའི་ཁྱོད།།
རང་སེམས་སྙི་མོའི་རང་མཚང་སྟོན་ས་ཡིན།།
འཚོ་བར་དར་རྒུད་མོད་པ་འཁོར་བའི་གཤིས།།
མི་ཚེར་འགྱུར་ལྡོག་ཆེ་བ་ལས་ཀྱིས་དབང་།།
སྐྱིད་སྡུག་སྣང་བར་ཡིད་རྟོན་མི་འདུག་ཀྱང་།།
ཡིད་ཀྱི་དམིགས་རྟེན་ཁྱོད་རང་ག་ལ་བརྗེད།།
དུང་སེམས་དར་དཀར་སྦྲེལ་བའི་གླུ་ཚིག་དང་།།
འཁོར་བའི་གཏིང་མཐའ་དཀྲུག་པའི་སྙན་ངག་གིས།།
མི་སེམས་དར་ལྕོགས་བསྒུལ་བའི་བྱེད་པོ་ཁྱོད།།
ནང་སེམས་མེ་ཏོག་ཚལ་གྱི་ཟེའུ་འབྲུ་ཡིན།།
རྩོམ་སྒྲིག་པ། ལྷ་སྐྱིད།
ལྟ་བུའི་སྙིང་གི་ཚོར་འདུ་ཟབ་མོའི་དཔྱིད།།
ངག་རིག་དབྱངས་ཀྱི་གླིང་བུ་འབུད་མཁན་ཁྱོད།།
ས་སྲོད་མེ་ལོང་ཉུལ་བའི་མགྲོན་པོ་ཡིན།།
ལམ་སྨོན་སྟབས་ཀ་འགྲིཊ་པའི་ནང་རོལ་ནས།།
ཀུན་རྟོག་འཕྲུལ་གྱི་རི་མོ་བསྒྲིགས་དང་ལྷན།།
ཚིག་གི་གར་ལ་རྩེན་ཏེ་ཆོས་དབྱིངས་ཀྱི།།
ལྷ་མོ་དབྱངས་ཅན་དྲན་བཞིན་གང་དུ་བཞུཊ།།
བདག་ནི་བྱིས་པ་ནང་བཞིན་བྱམས་པའི་ཚིག།
འགྱུར་མེད་ཡིད་ཀྱི་ནམ་མཁའ་དྭངས་མའི་ངོས།
གཟུགས་མེད་གཟུགས་སུ་བསྟར་ཏེ་ལོ་ཟླ་རུ།།
ཡུན་ཐུང་མི་ཚེའི་མར་མེ་རྫོགས་ལ་ཉེ།།
ཚེ་ནི་དགའ་སྐྱོ་གཉིས་ཀྱི་འདུག་རོགས་དང་།།
དགའ་སྐྱོ་གཉིས་ཀྱང་ལས་ཀྱི་གྲིབ་མ་སྟེ།།
སྐབས་རེ་དགའ་ཞིང་ལན་རེ་སྐྱོ་གདུང་གིས།།
མནར་དུས་མི་བཟོད་གདུང་བ་ཁྱོད་ལ་མོལ།།
སྙིང་གི་ཕྱི་ནང་ཕུལ་ཀྱང་མི་བསླུ་ཞིང་།།
གྲངས་མེད་ལོ་ཟླ་འདས་ཀྱང་མི་སུན་པའི།།
དབུས་ཀྱི་རི་དབང་འདྲ་བའི་རྟག་བརྟན་ཁྱོད།།
ཁོ་མོའི་སྙན་ངག་ནང་གི་ཚིག་རྒྱན་ཡིན།།
རི་ཁྱུ་མུན་པས་བཟུང་བའི་སྐབས་དག་ཏུ།།
ཤར་ཕྱོགས་ཟླ་བའི་འཁྲིས་སུ་ཡོད་དམ་ཀྱེ།།
ལེ་དབར་སྟོང་གིས་ཆོད་པའི་ཚུར་རོལ་ནས།།
ང་ཡི་མིག་ཟུང་གཉོམ་པོ་མཁའ་མཐར་ཤོར།།
ཞལ་རས་པདྨ་འཛུམ་པའི་འཛུམ་ཀོང་དུ།།
འདང་བརྩེའི་འོ་མ་འཁྱིལ་བའི་སྙིང་ཉེ་འམ།།
གཉུག་གཤིས་ཉི་མ་བཞིན་དུ་དྲོ་བའི་ཁྱོད།།
འཇིག་རྟེན་མི་ཚོགས་ཁྲོད་ཀྱི་ཕུལ་བྱུང་ཡིན།།
སྐྱིད་སྡུག་སྨུག་སྤྲིན་འཕྱུར་བའི་ན་ཚོད་ལ།།
སྣང་བ་གླུ་རུ་ལེན་མཁན་མོད་ན་ཡང་།།
བདག་ཡིད་གཙང་པོ་བཞུར་བའི་འགྲམ་ངོས་ན།།
བརྗེད་མེད་བག་ཆཊ་བསྐྲུན་མཁན་ཁྱོད་ཉིད་ཙམ།།
ལང་ཚོ་ལྗོན་པ་བཞིན་དུ་གསར་པའི་ཁྱོད།།
ནང་སེམས་མེ་ལོང་བཞིན་དུ་དག་པའི་ཁྱོད།།
བསླབ་བྱ་ཕ་མ་བཞིན་དུ་འཇོ་བའི་ཁྱོད།།
སྐྱེ་བ་ཚེ་རབས་གཅིག་གི་དྲན་ཤིང་ལགས།།
རྒོངས་ཀའི་རྟ་བདུན་རི་ལ་ཡིབ་པའི་ཤུལ།།
སྙན་ངག་ཟླ་བའི་ཟེར་ལ་འཁྱུད་དང་ལྷན།།
ཁེར་རྐྱང་འཚོ་བའི་གྲུ་ཟུར་རེ་རེ་ནས།།
འཁོར་འདས་གཅིག་ཏུ་སྦྲེལ་བ་ཁྱོད་ལ་དུངས།།
འདྲ་མིན་གཏམ་གྱིས་ཡིད་རབ་མི་ཁུགས་ཤིང་།།
ཁྲེལ་བའི་མིག་ལ་ཕྱི་ནང་མི་སྟོན་པའི།།
རང་ཚུགས་རི་བོ་བཞིན་དུ་བརྟན་པའི་ཁྱོད།།
རང་སེམས་སྙི་མོའི་རང་མཚང་སྟོན་ས་ཡིན།།
འཚོ་བར་དར་རྒུད་མོད་པ་འཁོར་བའི་གཤིས།།
མི་ཚེར་འགྱུར་ལྡོག་ཆེ་བ་ལས་ཀྱིས་དབང་།།
སྐྱིད་སྡུག་སྣང་བར་ཡིད་རྟོན་མི་འདུག་ཀྱང་།།
ཡིད་ཀྱི་དམིགས་རྟེན་ཁྱོད་རང་ག་ལ་བརྗེད།།
དུང་སེམས་དར་དཀར་སྦྲེལ་བའི་གླུ་ཚིག་དང་།།
འཁོར་བའི་གཏིང་མཐའ་དཀྲུག་པའི་སྙན་ངག་གིས།།
མི་སེམས་དར་ལྕོགས་བསྒུལ་བའི་བྱེད་པོ་ཁྱོད།།
ནང་སེམས་མེ་ཏོག་ཚལ་གྱི་ཟེའུ་འབྲུ་ཡིན།།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

