གློ་བུར་བའི་རྟོག་འགྱུ།

ཁམས་ཟླ་སྲས།(དཔལ་ཡུལ) 琼迈文学网 2025-12-05

ཞེན་ཆགས་རྦ་རླབས་དྲག་འཕྱུར་ཡང་།  །
སྒྱུ་འཕྲུལ་དྲ་བར་ཡུན་འཐམ་པས།  །
སྙན་ཚིག་པད་མའི་གེ་སར་གྱིས།  །
ཡིད་ཀྱང་བདེ་བའི་ཚལ་དུ་བསྐྱལ།  །

འཆི་མེད་ལྷ་ལས་ཉམས་དགའ་བ།  །
སྤང་གཞུང་དབྱར་གྱི་མཛེས་སྡུག་གིས།  །
འཛུམ་དཀར་མེ་ཏོག་གྲོལ་བྱས་པས།  །
ཕྱག་སོར་རྩེ་ལ་སྙན་ངག་བསྐྲུན།  །

སྙིགས་དུས་འཁོར་བའི་བས་མཐའ་ན།  །
དགའ་སྐྱོའི་གསང་བ་ངག་གིས་ཀྱང་།  །
བསྒྲུགས་པའི་ཉམ་ཆུང་མི་དེ་ལ།  །
མཚོ་བྱུང་དགེ་ལེགས་འཕེལ་ལོ་སྐད།  །

དེ་ཡི་འཁྲིས་ཀྱི་ན་ཆུང་མ།  །
རབ་རྒྱས་ཀུན་དགའི་ཞིང་དྲུང་སྟེ།  །
ནང་སེམས་འཚོལ་རོགས་བྱས་གྱུར་པ།  །
མཆོག་གི་ལྷ་དེས་གནང་ངམ་ཅི།  །

གཙང་བོའི་རླབས་ཕྲེང་ཡང་བསྟར་དེར།  །
ཉ་མོའི་འཁྱུག་གར་རྩལ་རྫོགས་ཀྱང་།  །
རྣམ་དག་བདེན་པའི་གྲུ་ཁ་ནས།  །
སྙན་དབྱངས་གཡུ་ཆུང་དྲུག་དཀར་སྒྲུབ།  །

སྣ་ཚོགས་འཁོར་བའི་སྲུབ་ཀ་རུ།  །
རེ་དོགས་འཆིང་རྒྱས་བསྡམས་རུང་སྟེ།  །
མཁའ་མཐར་ཟླ་བའི་རིག་བྱེད་ཀྱིས།  །
ཡིད་ལ་བདེ་བའི་ངལ་གསོ་སྦྱིན།  །

ས་ལ་བཀྲ་བའི་མེ་ཏོག་ཚོམ།  །
ལག་གིས་འཐུ་ཡང་ཅི་ཟད་མོད།  །
དེ་ལྟ་རྒྱུ་སྐར་ཁྲི་སྟོང་གིས།  །
ཟླ་བའི་འཛུམ་ལ་ཅི་ཡང་ངལ།  །

གནས་པའི་མལ་གྱི་ཁྲི་སྟེང་ནས།  །
གཉིད་ཀྱི་ལས་སུ་མ་ཞུགས་པར།  །
སྙན་ཚིག་མེ་ཏོག་འཐུ་བྱེད་དེ། །
ཁེར་རྐྱང་སྣང་བའི་ཀློང་དུ་རྒྱུག །

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གློ་བུར་བའི་རྟོག་འགྱུ།

2025-12-05 ཁམས་ཟླ་སྲས།(དཔལ་ཡུལ) ཀློག་གྲངས། མཆན ཡོད།

ཞེན་ཆགས་རྦ་རླབས་དྲག་འཕྱུར་ཡང་།  །
སྒྱུ་འཕྲུལ་དྲ་བར་ཡུན་འཐམ་པས།  །
སྙན་ཚིག་པད་མའི་གེ་སར་གྱིས།  །
ཡིད་ཀྱང་བདེ་བའི་ཚལ་དུ་བསྐྱལ།  །

འཆི་མེད་ལྷ་ལས་ཉམས་དགའ་བ།  །
སྤང་གཞུང་དབྱར་གྱི་མཛེས་སྡུག་གིས།  །
འཛུམ་དཀར་མེ་ཏོག་གྲོལ་བྱས་པས།  །
ཕྱག་སོར་རྩེ་ལ་སྙན་ངག་བསྐྲུན།  །

སྙིགས་དུས་འཁོར་བའི་བས་མཐའ་ན།  །
དགའ་སྐྱོའི་གསང་བ་ངག་གིས་ཀྱང་།  །
བསྒྲུགས་པའི་ཉམ་ཆུང་མི་དེ་ལ།  །
མཚོ་བྱུང་དགེ་ལེགས་འཕེལ་ལོ་སྐད།  །

དེ་ཡི་འཁྲིས་ཀྱི་ན་ཆུང་མ།  །
རབ་རྒྱས་ཀུན་དགའི་ཞིང་དྲུང་སྟེ།  །
ནང་སེམས་འཚོལ་རོགས་བྱས་གྱུར་པ།  །
མཆོག་གི་ལྷ་དེས་གནང་ངམ་ཅི།  །

གཙང་བོའི་རླབས་ཕྲེང་ཡང་བསྟར་དེར།  །
ཉ་མོའི་འཁྱུག་གར་རྩལ་རྫོགས་ཀྱང་།  །
རྣམ་དག་བདེན་པའི་གྲུ་ཁ་ནས།  །
སྙན་དབྱངས་གཡུ་ཆུང་དྲུག་དཀར་སྒྲུབ།  །

སྣ་ཚོགས་འཁོར་བའི་སྲུབ་ཀ་རུ།  །
རེ་དོགས་འཆིང་རྒྱས་བསྡམས་རུང་སྟེ།  །
མཁའ་མཐར་ཟླ་བའི་རིག་བྱེད་ཀྱིས།  །
ཡིད་ལ་བདེ་བའི་ངལ་གསོ་སྦྱིན།  །

ས་ལ་བཀྲ་བའི་མེ་ཏོག་ཚོམ།  །
ལག་གིས་འཐུ་ཡང་ཅི་ཟད་མོད།  །
དེ་ལྟ་རྒྱུ་སྐར་ཁྲི་སྟོང་གིས།  །
ཟླ་བའི་འཛུམ་ལ་ཅི་ཡང་ངལ།  །

གནས་པའི་མལ་གྱི་ཁྲི་སྟེང་ནས།  །
གཉིད་ཀྱི་ལས་སུ་མ་ཞུགས་པར།  །
སྙན་ཚིག་མེ་ཏོག་འཐུ་བྱེད་དེ། །
ཁེར་རྐྱང་སྣང་བའི་ཀློང་དུ་རྒྱུག །

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།