ཕུགས་བསམ་གྱི་མགུར།

འཕུར་སྐྱོད།(ཆབ་མདོ) 琼迈文学网 2026-01-11
ནང་ཚོར་བ་དགུན་གྱི་དར་རས་གན།།
ཕྱི་འབྱུང་བཞི་རླུང་གིས་ཡང་ཡང་བསྒུལ།།
ཡིད་མཚོ་མོའི་ནང་དུ་འཁྱིལ་བ་ཡི།།
སེམས་བྱུ་རུ་འདྲ་བོ་འཁྱག་པ་ལ།།
དེ་སུ་ལ་མ་བཤད་གང་ལ་བརྗོད།།
གང་སྒེག་མ་བཞིན་དུ་བདག་ལ་དུང་།།
དུང་འོ་མ་འཁྱིལ་བའི་ནང་རོལ་ན།།
ལུས་ཕྱི་ནང་འཕྲོག་མཁན་ག་ཚོད་ཡོད།།
སེམས་ཕར་ཤོར་ཁྲོད་ཀྱི་དགེ་མ་དང་།།
ལས་མཉམ་འགྲོཊ་མེད་པ་ཁོ་ཐག་རེད།།
དེ་ཡིན་ཡང་སྡུག་བསྔལ་ང་ལ་མེད།།
ངས་སྡུག་བསྔལ་མོད་པོ་བཙལ་མི་འདོད།།
དེ་མི་འདོད་ན་ཡང་མི་ཆོག་འདྲ།།
ལྷ་དཀོན་མཆོག་གང་གིས་ཨེ་མཁྱེན་ཐལ།།

ལམ་རིང་ཐུང་སྟོང་འགར་སོང་བའི་མཐར།།
འགྲོ་འདོད་པའི་མེ་ཏོག་ཇེ་ཡག་རེད།།
གཟུགས་ཟག་བཅས་མི་རྟག་རང་བཞིན་ལ།།
བློ་ཀུན་རྟོག་འདི་ཉིད་འཁོར་ཐབས་བྲལ།།
སྨན་མཛེས་མ་སུ་དང་འབྲལ་སོང་རུང་།།
ངའི་ལམ་གྱི་རིང་ཚད་བརྗོད་པར་དཀའ།།
དུས་དབྱར་དགུན་གང་ལ་ཐུག་ན་ཡང་།།
ལར་འགྱུར་མེད་རང་བཞིན་འདི་ཉིད་དོ།།
ནང་དམ་བཅའ་རྡོ་རྗེའི་མདུད་པ་འདི།།
བློ་རྣམ་རྟོག་སུས་ཀྱང་དཀྲོལ་མི་ནུས།།
དེ་ནུས་ན་ཚེ་རབས་འདི་ལ་ནི།།
གནའ་མི་བཅའ་བླ་མ་དཀོན་མཆོག་གསུམ།།
ཞེ་སྣང་པས་འཆིང་བའི་སོ་སྐྱེས་ང་།།
ལུས་ལང་ཚོ་དར་ལ་བབ་མིན་ཡང་།།
ཚིག་སྒྱུ་འཕྲུལ་ཀློང་ནས་གཞོན་དུས་ཀྱི།།
ཡིད་བདག་འཛིན་འཐད་པ་འཁྲུངས་ནས་ཡོད།།

མགུར་ཡིད་ལ་མི་སྙན་སྟོང་ཕྲག་འགའ།།
མཚན་རྨི་ལམ་ལས་ཀྱང་བླངས་ནས་ཡོད།།
གཉིད་སད་དང་མ་སད་བར་གླཊ་ནས།།
ཡིད་འཁྲུལ་སྣང་འཇའ་ཚོན་དགུ་སྐོར་གྱིས།།
དབུས་ཆུ་སྐྱེས་དེ་ཉིད་མཛེས་པར་རྒྱན།།
ལྷ་ཇོ་ཤག་རྣམ་གཉིས་དགའ་ས་ཡོད།།
བྱ་སེམས་མེད་ཚོགས་ཀྱིས་དགའ་བའི་ངག།
དབྱར་ཟླ་གསུམ་རིང་ལ་ལེན་ངེས་སོ།།
དེ་མིན་ན་དེ་དང་མཚུངས་པ་ཡི།།
གཏམ་བཟང་པོས་རང་སེམས་དགྱེས་པར་བྱེད།།
བློ་འཁྲུལ་བའི་ཀློང་ནས་དེ་ལྟར་སྨྲས།།
ཤི་སོང་ན་འགྱོད་གདུང་མེད་རབས་གླེང་།།
བདེན་མི་བདེན་སྣ་མ་སྣ་ཚོགས་བཤད།།
དོན་དངོས་པོའི་གཤིས་ལ་ཇི་ཙམ་དུ།།
ནང་ཡིད་ཀྱི་དབང་པོ་ཉེ་བ་ན།།
གླེང་འདོད་ཀྱང་སྨྲ་སྒོ་འགག་ནས་སོང་།།
        ༡༠.༠༡.༢༠༢༦

རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕུགས་བསམ་གྱི་མགུར།

2026-01-11 འཕུར་སྐྱོད།(ཆབ་མདོ) ཀློག་གྲངས། མཆན ཡོད།
ནང་ཚོར་བ་དགུན་གྱི་དར་རས་གན།།
ཕྱི་འབྱུང་བཞི་རླུང་གིས་ཡང་ཡང་བསྒུལ།།
ཡིད་མཚོ་མོའི་ནང་དུ་འཁྱིལ་བ་ཡི།།
སེམས་བྱུ་རུ་འདྲ་བོ་འཁྱག་པ་ལ།།
དེ་སུ་ལ་མ་བཤད་གང་ལ་བརྗོད།།
གང་སྒེག་མ་བཞིན་དུ་བདག་ལ་དུང་།།
དུང་འོ་མ་འཁྱིལ་བའི་ནང་རོལ་ན།།
ལུས་ཕྱི་ནང་འཕྲོག་མཁན་ག་ཚོད་ཡོད།།
སེམས་ཕར་ཤོར་ཁྲོད་ཀྱི་དགེ་མ་དང་།།
ལས་མཉམ་འགྲོཊ་མེད་པ་ཁོ་ཐག་རེད།།
དེ་ཡིན་ཡང་སྡུག་བསྔལ་ང་ལ་མེད།།
ངས་སྡུག་བསྔལ་མོད་པོ་བཙལ་མི་འདོད།།
དེ་མི་འདོད་ན་ཡང་མི་ཆོག་འདྲ།།
ལྷ་དཀོན་མཆོག་གང་གིས་ཨེ་མཁྱེན་ཐལ།།

ལམ་རིང་ཐུང་སྟོང་འགར་སོང་བའི་མཐར།།
འགྲོ་འདོད་པའི་མེ་ཏོག་ཇེ་ཡག་རེད།།
གཟུགས་ཟག་བཅས་མི་རྟག་རང་བཞིན་ལ།།
བློ་ཀུན་རྟོག་འདི་ཉིད་འཁོར་ཐབས་བྲལ།།
སྨན་མཛེས་མ་སུ་དང་འབྲལ་སོང་རུང་།།
ངའི་ལམ་གྱི་རིང་ཚད་བརྗོད་པར་དཀའ།།
དུས་དབྱར་དགུན་གང་ལ་ཐུག་ན་ཡང་།།
ལར་འགྱུར་མེད་རང་བཞིན་འདི་ཉིད་དོ།།
ནང་དམ་བཅའ་རྡོ་རྗེའི་མདུད་པ་འདི།།
བློ་རྣམ་རྟོག་སུས་ཀྱང་དཀྲོལ་མི་ནུས།།
དེ་ནུས་ན་ཚེ་རབས་འདི་ལ་ནི།།
གནའ་མི་བཅའ་བླ་མ་དཀོན་མཆོག་གསུམ།།
ཞེ་སྣང་པས་འཆིང་བའི་སོ་སྐྱེས་ང་།།
ལུས་ལང་ཚོ་དར་ལ་བབ་མིན་ཡང་།།
ཚིག་སྒྱུ་འཕྲུལ་ཀློང་ནས་གཞོན་དུས་ཀྱི།།
ཡིད་བདག་འཛིན་འཐད་པ་འཁྲུངས་ནས་ཡོད།།

མགུར་ཡིད་ལ་མི་སྙན་སྟོང་ཕྲག་འགའ།།
མཚན་རྨི་ལམ་ལས་ཀྱང་བླངས་ནས་ཡོད།།
གཉིད་སད་དང་མ་སད་བར་གླཊ་ནས།།
ཡིད་འཁྲུལ་སྣང་འཇའ་ཚོན་དགུ་སྐོར་གྱིས།།
དབུས་ཆུ་སྐྱེས་དེ་ཉིད་མཛེས་པར་རྒྱན།།
ལྷ་ཇོ་ཤག་རྣམ་གཉིས་དགའ་ས་ཡོད།།
བྱ་སེམས་མེད་ཚོགས་ཀྱིས་དགའ་བའི་ངག།
དབྱར་ཟླ་གསུམ་རིང་ལ་ལེན་ངེས་སོ།།
དེ་མིན་ན་དེ་དང་མཚུངས་པ་ཡི།།
གཏམ་བཟང་པོས་རང་སེམས་དགྱེས་པར་བྱེད།།
བློ་འཁྲུལ་བའི་ཀློང་ནས་དེ་ལྟར་སྨྲས།།
ཤི་སོང་ན་འགྱོད་གདུང་མེད་རབས་གླེང་།།
བདེན་མི་བདེན་སྣ་མ་སྣ་ཚོགས་བཤད།།
དོན་དངོས་པོའི་གཤིས་ལ་ཇི་ཙམ་དུ།།
ནང་ཡིད་ཀྱི་དབང་པོ་ཉེ་བ་ན།།
གླེང་འདོད་ཀྱང་སྨྲ་སྒོ་འགག་ནས་སོང་།།
        ༡༠.༠༡.༢༠༢༦

རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།