ཧི་མ་ལ་ཡའི་སྲས་མོ།
ལྡེམ་ལྡེམ་གཡོ་བའི་འཁྲི་ཤིང་ལུས།།
སྲབ་འཇམ་གོས་ཀྱིས་རྒྱན་དུ་སྤུད།།
མི་ཚོགས་ཁྲི་སྟོང་འདུས་པའི་དབུས།།
ཧི་མ་ལ་ཡི་སྲས་མོ་མཛེས།།
དབྱངས་གསལ་སྲུང་བའི་མགྲིན་ཆུང་དེ།།
དཔྱིད་ཀྱི་དཔལ་མོར་འགྲན་བཟོད་བྲལ།།
མཛེེས་འཛུམ་ལྷ་མོའི་ཞལ་རས་ཅན།།
རྨ་བྱའི་གར་སྟེགས་གཡོ་བར་བྱས།།
གཟི་མིག་ཁྲ་ཆུང་ཆ་གས་བཏེགས།།
སྨིན་མ་ཁྱུང་ཆེན་གཤོག་པའི་རླབས།།
མཛེས་མའི་ནང་གི་དྭངས་རྩེ་མ།།
ཚངས་རྒྱལ་གླུ་ཡི་ཕྱི་ནང་འདྲ།།
ཞལ་ཟུང་པདྨ་རང་བྱོན་ལས།།
སུམ་ཅུའི་གཟུང་ཐག་མུ་ཏིག་ཕྲེང་།།
ཨམ་ཅོག་བྱུ་རུའི་ཕྲ་རྒྱན་བཏབ།།
སྐྲ་ཚོགས་ལྕང་ལོ་ལྡེམས་སེ་ལྡེམ།།
ལུས་ཀྱི་སྟངས་སྟབས་རེ་རེ་དང་།།
དབྱངས་ཀྱི་སྒྱུ་རྩལ་རེ་རེ་ཡིས།།
སྟོང་འདུས་གླུ་ཡི་ཕོ་བྲང་ནས།།
མི་ཚེའི་སྐྱ་རེངས་འཛུམ་གྱིས་བསུས།།
སྒལ་བ་དྲང་སྲོང་ཀ་བ་བཞིན།།
སོག་པ་ལྡེམ་མྱུར་རྩལ་གྱིས་ཕྱུག།
གོམ་པའི་འདེང་འཇོག་རེ་རེ་ཡང་།།
སྙིང་ལ་སིམ་ཞིང་ཡིད་ལ་གསལ།།
མདོ་སྟོད་མདོ་སྨད་བར་དབུས་གཙང་།།
མཚན་སྙན་བཞེས་པའི་གླུ་མ་མང་།།
འོན་ཀྱང་བདག་ཡིད་འཕྲོགས་པའི་མི།།
གཡང་ཕྱུག་ཁྱེད་ལས་མ་མཐོང་ངོ་།།
འཁྲབ་ན་མི་སེམས་དབང་མེད་བསྒུལ།།
མགུར་ན་རྣ་བའི་བྱིང་རྨུགས་དཀྲོགས།།
ཚོར་བའི་འཆོར་སྒེག་རེ་རེ་ཡིས།།
ཉེས་མེད་ཕོ་སེམས་སྡུག་ལ་སྦྱར།།
ཁྱོད་ནི་འཁོར་བའི་མེ་ཏོག་སྟེ།།
སྙན་ངག་མཁན་གྱི་ཚིག་རྒྱན་དང་།།
དབྱངས་མདུན་རྫོགས་པའི་གླུ་སྐད་དེ།།
ཞེ་རྩར་གླན་ནས་ཡུན་རིང་ཕྱིན།།
དབྱངས་ཅན་ལྷ་མོ་བསམ་པའི་ཡུལ།།
སེང་ལྕམ་འབྲུག་མོ་གཏམ་རྒྱུད་ཙམ།།
འོན་ཀྱང་རིགས་ཀྱི་མཛངས་མ་ཁྱེད།།
ཕལ་བའི་མིག་ལ་མངོན་སུམ་སྣང་།།
སྐབས་རེར་མཐོ་སྒང་འབྲོག་མོའི་གཤིས།།
ལན་རེ་ཕྱི་གླིང་མཛེས་མའི་ཉམས།།
གཉིས་ལྡན་ཡིད་འོང་སྣང་སྐྱིད་མ།།
མིག་ལ་མཛའ་ཞིང་རྣ་ལ་འཇེབས།།
དར་མའི་ལང་ཚོ་འཇའ་ལྟར་བཀྲ།
མཛེས་མའི་འཛུམ་མདངས་ཟླ་ལྟར་གསལ།།
ངག་གི་དཔལ་རྫོགས་ངག་དབང་ལྕམ།།
ཁྱོད་ནི་གླུ་ཡི་རྒྱལ་མོ་ལགས།།
རྩོམ་སྒྲིག་པ། དབང་མོ།
སྲབ་འཇམ་གོས་ཀྱིས་རྒྱན་དུ་སྤུད།།
མི་ཚོགས་ཁྲི་སྟོང་འདུས་པའི་དབུས།།
ཧི་མ་ལ་ཡི་སྲས་མོ་མཛེས།།
དབྱངས་གསལ་སྲུང་བའི་མགྲིན་ཆུང་དེ།།
དཔྱིད་ཀྱི་དཔལ་མོར་འགྲན་བཟོད་བྲལ།།
མཛེེས་འཛུམ་ལྷ་མོའི་ཞལ་རས་ཅན།།
རྨ་བྱའི་གར་སྟེགས་གཡོ་བར་བྱས།།
གཟི་མིག་ཁྲ་ཆུང་ཆ་གས་བཏེགས།།
སྨིན་མ་ཁྱུང་ཆེན་གཤོག་པའི་རླབས།།
མཛེས་མའི་ནང་གི་དྭངས་རྩེ་མ།།
ཚངས་རྒྱལ་གླུ་ཡི་ཕྱི་ནང་འདྲ།།
ཞལ་ཟུང་པདྨ་རང་བྱོན་ལས།།
སུམ་ཅུའི་གཟུང་ཐག་མུ་ཏིག་ཕྲེང་།།
ཨམ་ཅོག་བྱུ་རུའི་ཕྲ་རྒྱན་བཏབ།།
སྐྲ་ཚོགས་ལྕང་ལོ་ལྡེམས་སེ་ལྡེམ།།
ལུས་ཀྱི་སྟངས་སྟབས་རེ་རེ་དང་།།
དབྱངས་ཀྱི་སྒྱུ་རྩལ་རེ་རེ་ཡིས།།
སྟོང་འདུས་གླུ་ཡི་ཕོ་བྲང་ནས།།
མི་ཚེའི་སྐྱ་རེངས་འཛུམ་གྱིས་བསུས།།
སྒལ་བ་དྲང་སྲོང་ཀ་བ་བཞིན།།
སོག་པ་ལྡེམ་མྱུར་རྩལ་གྱིས་ཕྱུག།
གོམ་པའི་འདེང་འཇོག་རེ་རེ་ཡང་།།
སྙིང་ལ་སིམ་ཞིང་ཡིད་ལ་གསལ།།
མདོ་སྟོད་མདོ་སྨད་བར་དབུས་གཙང་།།
མཚན་སྙན་བཞེས་པའི་གླུ་མ་མང་།།
འོན་ཀྱང་བདག་ཡིད་འཕྲོགས་པའི་མི།།
གཡང་ཕྱུག་ཁྱེད་ལས་མ་མཐོང་ངོ་།།
འཁྲབ་ན་མི་སེམས་དབང་མེད་བསྒུལ།།
མགུར་ན་རྣ་བའི་བྱིང་རྨུགས་དཀྲོགས།།
ཚོར་བའི་འཆོར་སྒེག་རེ་རེ་ཡིས།།
ཉེས་མེད་ཕོ་སེམས་སྡུག་ལ་སྦྱར།།
ཁྱོད་ནི་འཁོར་བའི་མེ་ཏོག་སྟེ།།
སྙན་ངག་མཁན་གྱི་ཚིག་རྒྱན་དང་།།
དབྱངས་མདུན་རྫོགས་པའི་གླུ་སྐད་དེ།།
ཞེ་རྩར་གླན་ནས་ཡུན་རིང་ཕྱིན།།
དབྱངས་ཅན་ལྷ་མོ་བསམ་པའི་ཡུལ།།
སེང་ལྕམ་འབྲུག་མོ་གཏམ་རྒྱུད་ཙམ།།
འོན་ཀྱང་རིགས་ཀྱི་མཛངས་མ་ཁྱེད།།
ཕལ་བའི་མིག་ལ་མངོན་སུམ་སྣང་།།
སྐབས་རེར་མཐོ་སྒང་འབྲོག་མོའི་གཤིས།།
ལན་རེ་ཕྱི་གླིང་མཛེས་མའི་ཉམས།།
གཉིས་ལྡན་ཡིད་འོང་སྣང་སྐྱིད་མ།།
མིག་ལ་མཛའ་ཞིང་རྣ་ལ་འཇེབས།།
དར་མའི་ལང་ཚོ་འཇའ་ལྟར་བཀྲ།
མཛེས་མའི་འཛུམ་མདངས་ཟླ་ལྟར་གསལ།།
ངག་གི་དཔལ་རྫོགས་ངག་དབང་ལྕམ།།
ཁྱོད་ནི་གླུ་ཡི་རྒྱལ་མོ་ལགས།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

