ཤྲཱི་སེང་ཆོས་གྲྭ་ཆེན་མོའི་དུས་དྲན་མཆོད་བསྟོད་ངག་རིག་རྒྱ་མཚོའི་སྒྲ་དབྱངས།

རང་མདངས།(དཔལ་ཡུལ) 琼迈文学网 2026-10-06
 ༡
ཚངས་དབྱངས་སྙན་འགྱུར་འབུམ་ལྡན་ནམ་མཁའི་ནོར་བུ། །
གཞི་དབྱིངས་འོད་གསལ་མཁའ་ལ་དགྱེས་འཛུམ་བཅས་པས། །
བདག་མགྲིན་པདྨོ་གྲོལ་བའི་བྱིན་རླབས་འཐུག་པོ། །
ཕངས་མེད་ངག་དབང་ལྷ་མོས་ཡང་ཡང་སྩོལ་ཅིག །  
༢
རྒྱལ་ཀུན་ཐུགས་ཀྱི་ཐིག་ལེ་དབྱེར་མེད་འདྲེས་ཤིང་། །
ཁྲེགས་ཆོད་ཐོད་རྒལ་ལམ་ཟབ་ཡངས་པོ་མཁྱེན་མཁན། ། 
རིག་སྟོང་རྗེན་པར་མཇལ་བའི་ཟབ་མོའི་ལམ་ཁྲིད། །
མཚུངས་མེད་རྩ་བའི་བླ་མས་བདག་ཡིད་སྐྱོངས་རོགས། །  
༣
རབ་དགའ་དཔྱིད་ཀྱི་འབྱོར་བ་ནོར་བུའི་བང་མཛོད། ། 
མཛེས་སྡུག་གཅིག་ཏུ་བསྡུས་འདྲའི་ལྷ་ཡུལ་ངོ་མ། །
ཡེ་རྫོགས་ཆོས་ཀྱི་མཚན་སྙན་མགུལ་དུ་བཞེས་པའི། ། 
ཤྲཱི་སེང་མི་ལོ་ཉིས་བརྒྱའི་དུས་དྲན་བྱ་འོས། །   
༤
གྲུབ་དབང་པ༷དྨ༷འི་མཚན་འཆང་རི༷ག་འཛི༷ན་དེ་ཡི། །
སྐྱེས་རབས་གསེར་གྱི་ཕྲེང་བ་བར་མ་ཆད་པ། །
མི༷་འགྱུ༷ར་ནམ་མཁའི་རྡོ༷་རྗེ༷འི་ཐུགས་བསྐྱེད་སྐྱ་རེངས། །
ཤར་བས་ཉིན་མོར་བྱེད་པའི་ཆོས་སྡེ་འཁྲུངས་སོང་། ། 
༥
ཨོ་རྒྱན་བསམ་གཏན་ཆོས་གླིང་གངས་ཀྱི་ར་བར། ། 
སེ༷ང་ཕྲུ༷ག་མཁས་རྣམས་བསྐྱངས་བའི་སྡེར་ཆགས་རྒྱལ་པོས། ། 
འཆད་རྩོད་གསེར་གྱི་རལ་བ་ཐོག་མར་གསིག་མཁན། ། 
པ༷དྨ༷འི་མཚན་གྱིས་བཀྲ༷་ཤི༷ས་སྣང་བ་བསྩལ་སོང་། །  
༦
གསང་གསུམ་གཅིག་ཏུ་བསྡུས་པའི་རྒྱ༷ལ་བའི་སྲ༷ས་ཀྱི། ། 
གཞ༷ན་ཕ༷ན་ཉི་ཟླའི་སྣང་བ་ཕྱོགས་ཆད་མེད་པ། །
མཐ༷འ་ཡ༷ས་ཕན་བདེ་བསྐྲུན་པའི་དགེ་ལེགས་འོད་སྣང་། །
ཡལ་མེད་ལོ་ངོ་ཉིས་བརྒྱ་གསལ་བར་བྱས་སོང་། །  
༧
རུ་དམ་ཨོ་རྒྱན་ཆོས་གླིང་དབྱར་གསུམ་ཚལ་ན། ། 
གཞི་གསུམ་འདུལ་བའི་ཕྱག་བཞེས་སྦྲང་ཆར་ཟིལ་མས། །
ངུར་སྨྲིག་དམར་སེར་ལང་ཚོའི་ཆུ་སྐྱེས་རོལ་གར། །
སྲིད་འདིའི་བསྟན་པའི་རྒྱན་དུ་ཨེ་མ་ངོ་མཚར། །  
༨
མདོ་སྔགས་ཟུང་གི་པད་ཚལ་གཙང་མ་བཞེངས་ཤིང་། །
འཆད་ཉན་འཛིན་པའི་བུང་བས་གཤོག་འགྱུར་རྩེན་པའི། །
ལྔ་རིག་ཆུ་སྐྱེས་མཛེས་པའི་ལྷ་ཡུལ་དགའ་ཚལ། །
མི་འཇིགས་གངས་རིའི་ལྗོངས་འདིར་སྤེལ་བ་དྲན་སོང་། །  
༩
རིས་མེད་བསྟན་པའི་མགོན་དུ་མི་ཡི་ཚུལ་ཅན། ། 
གཞ༷ན་ཕ༷ན་ཆོ༷ས་ཀྱི༷་སྣ༷ང་བ༷་ཉི་ཟླའི་གཟི་བྱིན། ། 
བཀའ་རྙིང་ལ་སོགས་བསྟན་སྲིད་ཕྱོགས་བཞིར་སྤེལ་བའི། །
གནས་འདིའི་མཁན་རབས་དམ་པ་གངས་རིའི་མཛེས་རྒྱན། །  
༡༠
པཎ་གྲུབ་བཅུ་བདུན་ཐུགས་ཀྱི་དགོངས་པའི་ཡང་སྙིང་། །
མཆན་གྱི་ལང་ཚོས་སྤུད་པའི་གཞུང་འགྲེལ་བཅུ་གསུམ། །
འཆད་ཉན་དྲི་མེད་འཛིན་པ་བསྟན་པའི་རྒྱན་གྱུར། །
ནཱ་ལེནྡྲ་ཞེས་མཚན་སྙན་དོན་དང་ལྡན་པ། །   
༡༡
གཏེར་བརྒྱད་ལང་ཚོས་འཆིང་བའི་འཇམ་དཔལ་དགྱེས་པའི། །
མི༷་ཕ༷མ་ཕྱོ༷གས་ལ༷ས་རྣ༷མ་རྒྱ༷ལ་སྨྲ་བའི་དབང་ཕྱུག །
ལྔ་རིག་པདྨའི་ཚལ་ན་རྐང་དྲུག་བསྐྱངས་ཤིང་། །
ལེགས་བཤད་གསེར་གྱི་ཕྲེང་བ་འདི་ནས་བགྲངས་སོང་། །  
༡༢
འཆད་རྩོད་ལུང་རིགས་འབུམ་སྡེ་རླབས་ཀྱིས་འཁྱིལ་བའི། །
ལྔ་རིག་སྨྲ་བའི་མཛོད་འཆང་ཤེས་བྱའི་རྒྱ་མཚོར། །
ངུར་སྨྲིག་ལང་ཚོའི་ཆ་རྫོགས་གསེར་གྱི་ཉ་མོ། ། 
དུས་ཀུན་གཞན་ཕན་བསྒྲུབ་པའི་དཔལ་དེར་བསྔགས་འོས། །   
༡༣
འཇིགས་མེད་ཡོན་ཏན་མགོན་པོའི་རྟོགས་པ་འཕོ་ཞིང་། །
འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་བྱིན་རླབས་བགོ་ས། །
འཇིགས་རྔམ་དུར་ཁ་བཙན་པའི་ལོ་ནག་རྗེས་སུ། །
འཇིགས་མེད་ཐུགས་བསྐྱེད་ཆེ་བའི་ཁྱབ་བདག་བླ་མས། །  
༡༤
སྐུ་ཡི་ཟུངས་ཁྲག་དམར་པོ་བསྟན་སྲོག་བརྗེས་ཏེ། །
ཡང་དར་བསྟན་པའི་སྐྱ་རེངས་ཐོག་མར་བསུ་མཁན། །
རིགས་བདག་རྡོ་རྗེ་འཆང་དང་གཉིས་སུ་མེད་པ། །
སྐྱབས་རྗེ་པ༷དྨ༷་སྐ༷ལ་བཟ༷ང་སྙིང་ནས་དྲན་སོང་། །   
༡༥
མཁས་གྲུབ་རྒྱུ་སྐར་ཕྲེང་བ་བར་མ་ཆད་པ། །
མཁའ་ཐིག་ཉི་ཟླའི་དུས་སུ་ལེགས་པར་འཁྲིགས་ཤིང་། །
འཆད་ཉན་འོད་དཀར་བྱེ་བས་སྣང་བ་རྒྱས་པའི། །
ཤྲཱི་སེང་ཆོས་ཀྱི་ལྷ་སྡེ་བསྟན་པའི་ཆུ་འགོ  །   
༡༦
ཀ་དག་ལྷུན་གྲུབ་རང་ཞལ་རྗེན་པར་མཇལ་ས། ། 
ཁྲེགས་ཆོད་ཐོད་རྒལ་ཟབ་ལམ་མངོན་སུམ་གཟིགས་ས། ། 
གཞི་དབྱིངས་མན་ཤེལ་དཀར་པོ་དྭངས་གཙང་ཡིན་ས། །
དོན་ལྡན་རྫོགས་པ་ཆེན་པོའི་ཆོས་མིང་ཐོགས་ས། །  
༡༧
ཟད་མེད་ཤེས་བྱའི་སྒོ་མོ་ཡངས་པོ་ཕྱེས་ཤིང་། །
མཁས་པའི་མཛད་རྗེས་བྱེ་བ་བསྟན་ལ་བཞག་པའི། །
མཁན་རབས་གསེར་གྱི་ཕྲེང་ཚོམས་ཚལ་དུ་དངར་བ། །
རྒྱལ་བསྟན་ཉིན་མོ་བསུ་བའི་དཔལ་དུ་ཕེབས་པ། །  
༡༨
ཀ་དག་སྟོང་ཆེན་མཁའ་ལ་གཟིགས་མོར་ཕེབས་པའི། །
རྫོགས་ཆེན་བསྟན་པའི་ཁ་ལོ་སྐུ་རབས་རིམ་བྱོན། །
ལེགས་བཤད་སྨྲ་བའི་མཛོད་འཆང་རིག་པའི་དཔའ་བོ། །
མཁས་གྲུབ་ནོར་བུའི་དོ་ཤལ་མཁན་རབས་རིམ་བྱོན། །  
༡༩
མང་ཐོས་ལང་ཚོས་བསྐྲུན་པའི་སྐྱེད་མོས་ཚལ་ན། །
འཆད་རྩོད་དཔྱིད་ཀྱི་ཕོ་ཉའི་སྙན་ངག་འབུམ་གྱིས། །
མ་བོས་ངང་གིས་འདུ་བའི་དད་ལྡན་ཕོ་མོའི། །
མ་བཅོས་དད་པའི་པདྨོ་གནས་འདིར་བཞད་སོང་། །   
༢༠
ཐོས་བསམ་སྒོམ་པའི་སྣང་བ་ཕྱོགས་ཀུན་རྒྱས་ཤིང་། །
འཆད་རྩོད་རྩོམ་པའི་རྒྱལ་རྔ་རིང་ནས་བརྡུང་བ། །
མཁས་བཙུན་བཟང་པོའི་རྣམ་ཐར་དཔེ་རུ་མེད་པའི། །
དཔག་ཡས་ཡོན་ཏན་འབྱུང་གནས་ཤྲཱི་སེང་ཧཱ། །  
༢༡
དགེ་ལེགས་འབུམ་ཕྲག་བསྐྱེད་པའི་ཤེས་བྱའི་མ་མ། །
ལྷར་བཅས་འགྲོ་བའི་ཕྱག་ཟུང་སྙིམ་པའི་རྟེན་ས། །
རྒྱལ་སྲས་སེམས་དཔའ་གང་དེའི་ཐུགས་བསྐྱེད་སྨིན་པའི། །
ལུང་རྟོགས་བསྟན་པའི་མཛེས་ལྗོངས་སེམས་ཀྱིས་སྨོན་ས། །   
༢༢
མི་ནུབ་བསྟན་པའི་འཁོར་ལོ་རྟག་པར་བསྐོར་ཞིང་། །
མི་ཉམས་ཆོས་ཀྱི་དགའ་སྟོན་དུས་ཀུན་རོལ་བ། ། 
མི་འཇིགས་གདོང་ལྔའི་ཁྲི་ལ་རབ་ཏུ་བཏེགས་ཏེ། །
མི་རྗེ་ལྷ་ཡི་རྒྱལ་ས་བརྟན་པར་བཞུགས་ཤིག །   
༢༣
རབ་མཛེས་ཤེས་བྱའི་མཛེས་སྡུག་གཅིག་ཏུ་སྤུངས་པའི། །
རབ་གཞོན་དམར་སེར་འཁྱུད་པའི་ངུར་སྨྲིག་འདུས་སྡེ།  
རབ་བརྟན་མི་འགྱུར་ཁྲི་ལ་ཡུན་དུ་བཞུགས་ཤིང་། །
རབ་གསལ་བསྟན་པའི་འོད་དཀར་ཕྱོགས་མཐར་ཁྱབ་ཤོག །  
༢༤
དད་པའི་ལྷ་འདུན་གཙང་བའི་རྡུལ་བྲལ་མེ་ལོང་། །
ཡོན་ཆབ་གཙང་མས་བགྱིས་པའི་གུས་པའི་སྣང་བརྙན། །
མ་ལུས་ཚིག་གི་སྡེབ་སྦྱོར་རབ་ཏུ་བསྒྲིགས་པའི། །
དམན་པ་བདག་གིས་སྤྲིངས་པའི་སྙན་ཚིག་དྭངས་མ། །  
༢༥
འཕོ་འགྱུར་ཚོར་བ་ཟ་ཟིའི་སྣང་བརྙན་མོད་པོ། །
དད་འདུན་ལྷག་བསམ་གཙང་མའི་དབྱངས་དང་བསྲེས་ཏེ། །
སྡེབ་ལེགས་ཚིག་གིས་མཚོན་པའི་གཏམ་གྱི་ཕྲེང་བ། །
གསེར་མདོག་ལོ་ངོ་ཉིས་བརྒྱའི་དུས་སུ་བགྲངས་ཡོད། །  
     ཅེས་པ་འདི་ནི་རྫོགས་ཆེན་ཤྲཱི་སེང་ཆོས་སྡེའི་བསྟན་ཞབས་སུ་སྐྱེས་པ་གྱི་ན་བ་ཁང་དམར་དགོན་གྱི་བཀྲ་ཤིས་ཀྱིི་མིང་ཅན་ནམ་སྨྱུག་མིང་ལ་རང་མདངས་སུ་འབོད་པ་དེས་རྫོགས་ཆེན་ཤྲཱི་སེང་ཕྱག་བཏབས་ནས་མི་ལོ་ཉིས་བརྒྱར་ཕྱིན་པའི་དུས་དྲན་དུ་ཤར་ཐོས་བསམ་ནོར་བུ་གླིང་ནས་སྦྱར་བས་དགེ་ལེགས་འཕེལ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཤྲཱི་སེང་ཆོས་གྲྭ་ཆེན་མོའི་དུས་དྲན་མཆོད་བསྟོད་ངག་རིག་རྒྱ་མཚོའི་སྒྲ་དབྱངས།

2026-10-06 རང་མདངས།(དཔལ་ཡུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།