༢༠༡༢ལོ།

  འཛམ་གླིང་སྤྱིའི་ངོས་ཐད་ནས་བཤད་ན༢༠༡༢ལོ་ནི་ཆེས་སྤྱིར་བཏང་གི་ལོ་ཞིག་ཡིན་པས་གླེང་རིན་ཆེར་མེད་མོད་ཀྱང་མཱ་ཡ(Maya)བས་ལོ་འདི་ནི་བསྐལ་བ་མཐའ་མའི་ལོ་སྟེ་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་མུན་པའི་གཏིང་རིམ་ལ་འཐིམས་པར་བཤད།  མཱ་ཡ་བའི་ལུང་བསྟན་ལྟར་ན་༢༠༡༢ལོའི་ཟླ༡༢པའི་ཚེས༢༡ཉིན་ནས་ས་ཆེན་པོ་འདི་དྲག་ཏུ་གཡོས་ནས་འབའ་འབུ་སེམས་ཅན།   རི་རབ་ཁང་ཁྱིམ་དང་བཅས་པ་ཐལ་བའི་རྡུལ་དུ་བརླགས་ཏེ་འཇིག་རྟེན་འདི་མྱ་ངམ་གྱི་དུར་ཐང་ཆེན་པོ་ཞིག་ཏུ་གྱུར་འགྲོ་བར་བཤད། ཚུལ་འདི་ལ་མི་མང་པོ་ཞིག་གིས་བདེན་ཁ་དང་ཡིད་ཆེས་ཡེ་ནས་སྟེར་མི་སྲིད། ཡིན་ཀྱང་འབྲེལ་ཡོད་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས་ཏེ་སེམས་རྣལ་མོས་ཞིབ་བསྡུར་བྱས་པ་བརྒྱུད་ནས་ང་ལ་བློ་བསྐྱེད་ཆེན་པོ་ཞིག་ཐོབ་པ་ནི་དོན་དག་གང་ལ་ཐུག་ཀྱང་བརྟག་དཔྱད་ཞིབ་མོ་ཞིག་སྔོན་དུ་མ་སོང་བར་སྡོམ་ཚིག་འགོད་རྐྱང་བྱེད་པ་ནི་རང་ཉིད་ལ་འགན་མ་ཁུར་བའི་རྟགས་མཚན་ཉག་གཅིག་གོ །   དེ་ཡང་ང་ཚོས་བསྐལ་བ་མཐའ་མའི་ལོ་འདི་གླེང་བར་མྰ་ཡ་ཤེས་རིག་ནི་མི་གླེང་ཐུ་མེད་ཀྱི་གནས་སུ་གྱུར་ཡོད །  མྰ་ཡ་ཤེས་རིག་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་དར་བའི་ཡུན་སྔ་ལ་ཁྱབ་ཡུལ་རྒྱ་ཆེ་བ།   ཤུགས་རྐྱེན་གཏིང་ཟབ་པ་སྟེ།    སྤྱི་ལོ་སྔོན་གྱི༢༥༠༠ལོའི་སྐབས་ཙམ་ལ་མེ་གླིང་ས་ཁུལ་དུ་དར་བ་ནས་རིག་གནས་དང་ཚན་རྩལ།  ལི་ཐོ་སོགས་ཀྱི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། ལྷག་པར་དུ་མྰ་ཡ་ལུང་བསྟན་རིག་པས་འཛམ་གླིང་མི་དམངས་ལ་བརྗོད་མི་ཚར་བའི་ངོ་མཚར་མང་པོ་ཞིག་གནང་ཡོད་པས།  མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་གི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན་པར་བཤད་ཀྱང་མི་ཆོག་པ་མི་འདུག་སྙམ།    ཡིན་ཀྱང་བསམ་དགོས་པ་ཞིག་ལ་མཚར་སྡུག་འོད་སྟོང་འབར་བའི་མཱ་ཡ་ཤེས་རིག་འདི་ནི་སྐད་ཅིག་ཉིད་ལ་གློ་བུར་དུ་ནུབ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ཁུ་སིམ་གྱི་མཁར་གྲོང་འགའ་དང་དེ་ལ་འཐིམས་པའི་དབུགས་རིང་ནར་མོ་ཞིག་ལས་ཅི་ཡང་མི་འདུག     ཡིན་ཀྱང་མྰ་ཡ་བས་ང་ཚོར་མག་མོག་གི་བསམ་གཞིག་མང་པོ་ཞིག་བསྐྱུར་ཡོད།  ཞིབ་འཇུག་རྣམས་ཀྱིས་མྰ་བ་བའི་ལུང་བསྟན་ལ་ཞིབ་འཇུག་གི་རིན་ཐང་བསམ་གྱིས་མི་ཁྱབ་པ་ལྡན་པ་སྟེ།  ལུང་བསྟན་ལས༩༩མངོན་དུ་གྱུར་བ་ལོ་རྒྱུས་ཀྱི་དོན་དངོས་ལས་ར་སྤྲོད་བྱུང་ཡོད། རླངས་འཁོར་དང་གནམ་གྲུའི་ཐོན་སྐྱེད་བྱེད་ཡུན་དཔོག་ཡོད་པ་ལྟ་བུ།   དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་མྰ་ཡ་ཤེས་རིག་གི་རེད་ལས་ཞིབ་འཇུག་པ་ཁ་ཤས་ཀྱི་རང་གི་སྡོད་གནས་ཀྱི་གྲུ་ཟུར་གང་རུང་ནས་སྐྱེས་སྐར་དང་འཆི་ཡུན་གྱི་དུས་ཚོད་རྙེད་པ་དངོས་ཡོད་དང་མཐུན་པའི་ངེས་པ་རྙེད་པ་ལྟ་བུ་ནི་མངོན་སུམ་གྱི་རིག་པས་འགྲེལ་བཤད་བསྐྱོན་དཀའ་བར་འདུག་གོ  
 འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་བློ་ལས་འགོངས་བའི་ལོ་རྒྱུས་ཀྱི་གོད་ཆགས་ཆེན་པོ་གསུམ་བྱུང་བ་ལས་གོད་ཆགས་ཆེན་པོ་གཅིག་ནི་བཟློག་མེད་གཤིན་རྗེའི་བཀའ་ཡིག་བཞིན་མཱ་ཡ་བའི་ཐོག་ཏུ་བབས་པར་མྰ་ཡ་ཤེས་རིག་དེ་ལོ་རྒྱུས་ཀྱི་འཇའ་ལུས་སུ་འཐིམས་པ་རེད།
  དེ་ཡང་མྰ་ཡ་ལོ་རྩིས་ལྟར་ན་བསྐལ་བ་ཆགས་པ་ནས་ད་ལ་ཐུག་གི་ཡུན་འདི་ཉི་མའི་རབས(Age of sun)ལྔས་གྲུབ་པ་དང་དེས་མིའི་རིགས་ཀྱི་ལོ་རྒྱུས་སུ་གོད་ཆགས་ཆེན་པོ་ལྔ་འབྱུང་བ་གོ་ཐུབ་པར་བཤད།  དེ་ལས་ཉི་མའི་རབས་བཞི་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ཡུན་གྱིས་འདས་ཟིན་པ་རེད།   ཏག་ཏག་ཉི་མའི་རབས་ལྔ་བ་འབྱུང་བའི་སྐབས་སུ་ཉི་མ་མེད་པར་འགྱུར་བ་དང་ས་གཞི་དྲག་ཏུ་གཡོས་ནས་གོད་ཆག་ཆེན་པོ་བྱུང་སྟེ་འཇིག་རྟེན་འདི་རྡུལ་དུ་བརླགས་སྲིད་པ་མྰ་ཡ་ལོ་རྩིས་ཀྱི་༣༡༡༣ལོ་དང་སྤྱི་ལོའི་༢༠༡༢ལོའི་ཟླ༡༢པའི་ཚེས་༢༢ཉིན་ལ་འཁེལ་ནས་འདུག་གོ །   སྤྱིར་འཛམ་གླིང་གི་མི་རིགས་མང་པོ་ཞིག་གི་ངག་རྒྱུན་དུ་བསྐལ་བ་འཇིག་པའི་སྐོར་གྱི་ངག་རྒྱུན་དང་གཏམ་རྒྱུད།   ལུང་བསྟན་སོགས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་ནའང་།   ཞིབ་འཇུག་པ་རྣམས་ཀྱིས་མྰ་ཡ་ལུང་བསྟན་ལ་འདི་འདྲའི་དོ་སྣང་དང་གཙིགས་བྱེད་དོན་ཅི་ཡིན་ཟེར་ན།  མྰ་ཡ་ལོ་རྩིས་ནི་གནའ་བོའི་ལོ་རྩིས་དག་ལས་དེང་རབས་ཚན་རིག་གི་བདེན་པ་དང་ཆེས་ཉེ་བས་སོ།།   ཁོ་ཚོས་སྔ་མོ་ནས་སའི་གོ་ལ་ནི་སྒོང་གཟུགས་ཅན་གྱི་འཁོར་སྐར་ཞིག་ཡིན་དང་དེ་ཉི་མར་བསྐོར་ནས་འཁོར་བའི་ཆོས་ཉིད་དམར་རྗེན་དུ་བཏོན་ཡོད་ལ།   དེ་ལས་ཀྱང་སའི་གོ་ལ་ཉི་མར་སྐོར་བའི་སྤྱི་འཁོར་གྱི་ཡུན་ཚད་ནི་ཉིན༣༦༥དང་དུས་ཚོད༦སྐར་མ༢༤སྐར་ཆ༢༠ལ་གཏན་དུ་འཁེལ་བ་ཉེ་རབས་ཚན་རིག་གི་དཔྱད་འབྲས་དང་བར་ཁྱད་ཆེན་པོ་མི་འདུག   གཞན་ད་དུང་འཁོར་སྐར་དག་གི་རྒྱུ་ལམ་དང་འཁོར་བསྐྱོད་བྱེད་པའི་ཡུན་ཚད་སོགས་ཀྱང་དག་པོར་འདུག་ཅེས་གཟུར་གནས་དཔྱོད་ལྡན་པ་དག་གིས་མགྲིན་གཅིག་ཏུ་སྨྲ་ལ། ཨ་རིའི་མཁའ་འགྲུལ་ཅུའུ་དང་འཛམ་གླིང་སྐད་བརྡ་རིག་གི་མཁས་དབང་གྲགས་ཅན་མང་པོ་ཞིག་གིས་དེ་ལ་བདེན་ཁ་འདུག་པའི་རྣམ་འགྱུར་འཛིན་གྱིན་ཡོད །
  མཱ་ཡ་བའི་ལུང་བསྟན་ལྟར་ན༢༠༡༢ལོའི་ཟླ༡༢པའི་ཚེས༢༡ཉིན་གྱི་ས་རུབ་པ་ནས་ཕྱི་ཉིན་གྱི་སྐྱ་རེངས་དུས་ནམ་ཡང་འགྱོགས་རྒྱུ་མི་འདུག   སྐབས་དེར་མི་རྣམས་སྐྲག་སྣང་གིས་གང་བྱུང་དུ་རང་ཤི་རྒྱག་པ་དང་ཕན་ཚུན་དམར་གསོད་བྱེད་པ་སོགས་ཀྱི་ཚུལ་ཧ་ཅང་ཡ་ང་བར་བཤད།    བཤད་ཚུལ་འདི་ལ་གཞིགས་ན༢༠༡༢ལོར་སའི་གོ་ལར་འགྱུར་ལདོག་ཆེན་པོ་ཞིག་འབྱུང་བར་གདོན་མི་ཟ་སྙམ།
  ཆེད་ལས་མཁས་པས་མཱ་ཡའི་གཏོར་གཟུགས་བང་སོའི་ལྡེབས་ངོས་ཀྱི་འདྲ་གཟུགས་ཞིབ་འཇུག་བགྱིས་ཏེ་བློ་ཡུལ་ལས་འདས་པའི་སྡོམ་ཚིག་ཅིག་རྙེད་པ་ནི།   མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་དུས་རིམ་ལ་དབྱེ་བ་མངོན་གསལ་བཏོད་ནས་ཤེས་རིག་གི་དུས་རིམ་ཆེན་པོ་ལྔ་རུ་བསྡུས་ནས་བསྟན་འདུག་ལ།    དུས་རིམ་སོ་སོའི་ཤེས་རིག་གི་ངོ་བོ་དང་རྣམ་པ།   དོན་སྙིང་མི་འདྲ་སྟེ།   གཤམ་དུ་དེའི་སྐོར་ཅུང་ཟད་མཚམས་སྦྱོར་བ་ལ།
༡  ནུས་འདས་ཤེས་རིག་གི་དུས་རིམ།  (Gandalian civilization)  
  དུས་རིམ་འདིའི་མི་རྣམས་ཀྱི་གཟུགས་ཚད་སྨི༡ཡས་མས་ཡོད་ལ།   སྐྱེས་པར་གཡུ་མདོག་ལྡན་པའི་མིག་གསུམ་རེ་ཡོད་ཅིང་མིག་རེ་རེའི་ནུས་པ་མི་འདྲ།   དེར་སྔོན་དཔག་དང་གསོད་གཏུབས་ཀྱི་ནུས་པ་དྲག་པོ་ལྡན།  སྐྱེས་མར་མིག་གཉིས་ལས་མེད་ཅིང་ནུས་པའི་ཆ་ནས་སྐྱེས་པར་མི་དོ་བས་སྐྲག་སྣང་གིས་འཚོ་དགོས་པར་འདུག   འོན་ཀྱང་སྐྱེས་མའི་མོ་མཚན་ལ་ལྷ་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཡོད་དེ།  ཁོ་ཚོའི་བྱིས་པ་སྦྲུམ་པར་ལྷ་དང་འབྲེལ་གཏུགས་བྱས་ཏེ་མོས་མཐུན་བྱུང་ཚེ།  ད་གཟོད་སྐྱེས་རྒྱུན་སྤེལ་ཐུབ་པར་འདུག    ཤེས་རིག་འདི་སྐམ་ས་ཆེན་པོ་དང་མཉམ་དུ་མཚོ་རུ་ནུབ་ནས་འཇིག་པར་བཤད།
༢   བཟའ་བཏུང་ཤེས་རིག་གི་དུས་རིམ།  (Mesopotamian civilization)
དུས་རིམ་འདིའི་མི་རྣམས་ལ་མིག་གཉིས་ལས་མེད་པས་ནུས་པ་ཁྱད་པར་པའང་མི་འདུག
མི་རྣམས་རང་བཞིན་གྱིས་བཟའ་བཏུང་ལ་དགའ་ཞིང་དེར་འཇོན་པའི་ཆེད་མཁས་མང་དུ་བྱུང་སྟེ།   དེ་འབྲེལ་གྱི་རིག་གནས་མ་ལག་འཐུས་ཚང་ཞིག་ཆགས།  ཤེས་རིག་འདི་ལྷོ་སྣེ་གླིང་དར་ཁྱབ་ཆེན་པོ་བྱུང་མཐར་སའི་གོ་ལའི་སྡུད་སྣེ་བརྗེ་སྤོར་ཁྲོད་ཤུལ་མེད་དུ་ཉམས་པ་རེད།
༣   སྐྱེས་དངོས་ནུས་པའི་ཤེས་རིག་གི་དུས་རིམ། (Mu where asian civilization)
དུས་རིམ་འདིའི་མི་རྣམས་ཀྱིས་སྐྱེས་དངོས་ཀྱི་མྱུ་གུ་འབུས་བའི་གོ་རིམ་ཁྲོད་ནུས་ཤུགས་བླ་ན་མེད་པ་ཞིག་ཡོད་པ་ཤེས་ཏེ་ཞིབ་འཇུག་བགྱིས་ཏེ་སྐྱེས་དངོས་ནུས་པ་སྔོགས་ནས་འཕྲུལ་ཆས་སྣ་སྣ་ཚོགས་བཟོས་ཏེ་མིའི་རིགས་ཀྱི་འཚོ་བ་ལ་ཕན་བདེ་བླ་མེད་བསྐྲུན།  ཡིན་ཀྱང་མཐའ་མར་ཤེས་རིག་གི་རྒྱུན་འདི་སྐམ་ས་ཆེན་པོ་དང་མཉམ་དུ་མཚོ་རུ་ནུབ་ནས་ཆད་པར་བཤད།  
༤  འོད་ཀྱི་ཤེས་རིག་གི་དུས་རིམ།    (Atlantis  civilization)
དུས་རིམ་འདིའི་མི་རྣམས་རང་བཞིན་གྱི་བློ་རྣོ་ཞིང་སྐྱེན་པ། གཟུགས་མཛེས་ཤིང་བཞིན་ལེགས་པ།  ཟས་གོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པར་མ་ཟད་འོད་ཀྱིས་ནུས་པ་ལྡན་ལ་བཀོལ་སྤྱོད་གང་ལེགས་བྱུང་བས་བདེ་སྐྱིད་ཀྱི་དཔལ་དང་ལྡན་པ་ཞིག་ཏུ་བཤད།
ཡིད་སྐྱོ་བ་ཞིག་ལ་ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཤེས་རིག་འདིའི་རྒྱུན་ཐག་ཡང་ཡུན་གྱིས་ཆད་ནས་ཉམས་པ་རེད།
༥   བརྩེ་དུང་ཤེས་རིག་གི་དུས་རིམ། (Emotions  civilization)
འདི་ནི་ད་ཡོད་ཀྱི་དུས་རིམ་འདི་སྟེ།  འགྲོ་བ་མིའི་རིགས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཤུགས་དྲག་ལྡན་པས་བརྩེ་དུང་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྣམ་འགྱུར་བཟུང་ཡོད།  དེ་ཡང་༢༠༡༢ལོའི་ཟླ༡༢པ༢༡ཉིན་ད་རབས་ཀྱི་དུས་རིམ་འདི་འཇིག་ནས་ཤེས་རིག་གི་དུས་རིམ་གསར་བ་ཞིག་མགོ་རྩོམ་དགོས་པར་བཤད།   ཡིན་ཀྱང་འདིར་བསམ་དགོས་པ་ཞིག་ལ་མྰ་ཡ་ལུང་བསྟན་ལས་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་འཇིག་པའི་གསལ་ཁ་བཏོད་མི་འདུག་ཀྱང་མི་རྣམས་ལ་བསམ་བློ་འདུ་ཤེས་ལ་གོ་རྟོགས་གསར་བ་ཞིག་དང་ངེས་ཤེས་གསར་བ་ཞིག་རྙེད་པ་ལ་བརྟེན་ནས (Cosmic Awareness and Spiritual Transition)ཤེས་རིག་གི་དུས་རིམ་གསར་བ་ཞིག་ལ་བར་བརྒལ་བྱེད་པ་ཤུགས་ནས་བསྟན་འདུག་པར་ཆེད་ལས་ཞིབ་འཇུག་པ་དག་གིས་ཁ་ཞེ་གཉིས་མེད་ཀྱིས་སྨྲའོ །།
མྰ་ཡ་བ་སྔོན་ཐོན་གྱི་ཚན་རིག་ལག་རྩལ་ལ་བྱང་ཆ་ལྡན་པར་མ་ཟད། གནམ་དཔྱད་རིག་པ་དང་གྲངས་རིག་པའི་གོ་རྟོགས་དང་ཆུ་ཚད་ཡང་བློ་ཡུལ་ལས་འགོངས་པའི་ཚད་དུ་ཐོན་འདུག་ལ།   དེ་ལས་ཀྱང་བཟོ་བསྐྲུན་གྱི་ལག་རྩལ་དང་སྲིད་པ་ཆགས་པ་ལུགས་ངོས་འཛིན་གྱི་བློ་གྲོས་དང་རྣམ་དཔྱོད་ནི་དེ་ལས་ཀྱང་ཧ་ལས་པའི་ཚད་འདུག་པར་བཤད།   འོ་ན་བསྐལ་བ་འཇིག་པའི་ལུང་བསྟན་འདི་ལ་དོན་དངོས་ཀྱི་རིན་ཐང་གཙང་དག་ཅིག་ཡོད་དམ་མེད་ཅེ་ན།  གཤམ་ནས་འདི་དང་འབྲེལ་བ་དམ་ཟབ་ལྡན་པའི་དངོས་ཡོད་ཀྱི་གནས་ཚུལ་ཁག་ཅིག་ཇི་བཞིན་དུ་ངོ་སྤྲོད་པར་བྱ་སྟེ།
༡  ཨ་རིའིNASAནས་ལོ་ངོ་བདུན་ལྷག་གི་རྗེས་སུ་ཉི་མར་རྒྱུན་ལྡན་མིན་པའི་འགྱུར་ལྡོག་གི་སྣང་ཚུལ་འབྱུང་སྲིད།  
༢  འཛམ་གླིང་གི་དབང་གྲགས་ཅན་གྱི་གནམ་དཔྱད་རིག་པ་བ་དང་དངོས་ལུགས་རིག་པའི་ཁྱུ་མཆོག    གློག་རྡུལ་རིག་པའི་ཆེད་མཁས་པ་མང་པོ་ཞིག་གིས་མཉམ་དུ་ཞིབ་འཇིག་བྱས་པ་བརྒྱུད་ནས༢༠༡༢ལོར་སའི་གོ་ལ་དང་ཉི་མའི་སྡུད་ར་ལྡོག་པའི་གནས་ལུགས་རྙེད།  རབས་སྔོན་མར་སྣང་ཚུལ་འདི་འདྲ་བ་བྱུང་བའི་དུས་ནི་ཏག་ཏག་གཏུམ་འབྲུག་གི་སྐྱེས་རྒྱུན་ཆད་པའི་དུས་སྦས་དེ་ཡིན་འདུག   མིའི་རིགས་ཀྱི་ལོ་རྒྱུས་སུ་ད་སྔ་འདི་ལྟ་བུའི་སྣང་ཚུལ་བྱུང་བའི་སྐོར་ཡིག་ཐོག་ཏུ་བཀོད་པ་མི་འདུག   དེ་ཡང་སྡུད་ར་ལྡོག་པའམ་སྡུད་སྣེ་ལྡོག་པ་ཞེས་པ་ནི་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེའི་སྡུད་རའི་གནས་སྟངས་ལ་བླ་འོག་བརྗེ་བའི་འགྱུར་ལྡོག་ཆེན་པོ་བྱུང་བའི་སྣང་ཚུལ་ལ་ཟེར། སྡུད་ར་ལྡོག་པའི་སྣང་ཚུལ་བྱུང་བའི་རྟགས་མཚན་ནི་སའི་གོ་ལའི་སྟེང་གི་སྐྱེ་དངོས་དང་སེམས་ཅན་གྱི་རིམས་འགོག་གི་ནུས་པ་ཤོར་བ།   མེ་རི་དང་ས་འགུལ།  ཆུ་ལོག་རྒྱུག་པའི་སྣང་ཚུལ་རྒྱུན་མི་ཆད་པ།  སའི་གོ་ལའི་སྡུད་རའི་ནུས་པ་ཇེ་ཞན་དང་སྨུག་ཕྱིའི་འོད་ཀྱི་གནོད་པ་ཇེ་ཆེ་འགྲོ་བ།
སའི་གོ་ལའི་ལྗིད་ཤུགས་ལ་འགྱུར་ལྡོག་འབྱུང་བ།  རྒྱུ་སྐར་གཞན་དག་གི་རྒྱུ་ལམ་འཁྲུགས་ནས་སའི་གོ་ལ་དང་རྡུང་ཐུག་འབྱུང་བ་སོགས་སོ ། །   
༣  ཨུར་ནེ་ནོའི(Elnino)སྣང་ཚུལ།     
  ༢༠༡༡ལོ་ནི་ཨུར་ནེ་ནོ་ལ་མཚོན་ན་ལོ་ཁྱད་པར་བ་ཞིག་སྟེ། ལོ་འདིར་ཉི་འཛིན་ཐེངས་བཞིར་བྱུང་བ་ལས་ཟླ༡ཚེས༤དང་ཟླ༦ཚེས༡ཉིན།  ཟླ༡༡ཚེས༢༥ཉིན་ལ་ཉིན་འཛིན་སྣེ་ཁུལ་ནས་བྱུང་བ་དང་ཟླ༧ཚེས༡ཉིན་གྱི་ཉི་འཛིན་དེ་འཕྲེད་ཐིག་གི་གྲངས་ཚད་མཐོ་བའི་ཁུལ་དུ་བྱུང་བ་རེད།
  ༢༠༡༢ལོར་ཉི་འཛིན་ཐེངས་གཉིས་བྱུང་བ་ལས་ཟླ༥ཚེས༢༠ཉིན་འཕྲེད་ཐིག་གི་གྲངས་ཚད་མཐོ་བའི་ཁུལ་དུ་བྱུང་བ་དང་ཟླ༡༡ཚེས༡༣ཉིན་གྱི་ཉི་འཛིན་དེ་འཕྲེད་ཐིག་གི་གྲངས་ཚད་བར་མའི་ཁུལ་དུ་བྱུང་བ་རེད།
  ཉི་འཛིན་རྐྱེན་གྲངས་ཀྱི་གཞུང་ལྟར་རྩིས་ན་༢༠༡༡ལོའི་ཨུར་ནེ་ནོའི་ཉི་འཛིན་རྐྱེན་གྲངས་ནི10.5དང་། ༢༠༡༢ལོར13 དེ་ལས་ཤེས་ཐུབ་པ་ནི་༡༩༩༧ལོའི་ཉི་འཛིན་རྐྱེན་གྲངས12ལས་ལྷག་པ་མེད་མོད་ཀྱང་ལོ་དེར་དུས་རབས་ཉི་ཤུ་བའི་ཆེས་ཡ་ང་བའི་དོན་རྐྱེན་དེ་བྱུང་བ་རེད།  དེ་ལས་ཞིབ་འཇུག་པ་ཁ་ཤས་ཀྱིས་རང་བྱུང་ཁམས་ཀྱི་སྟེས་དབང་གི་སྣང་ཚུལ་འདི་ལྟ་བུའི་མཐུན་རྐྱེན་འཛོམས་པ་ལ་རྐྱེན་ནས་༢༠༡༢ལོར་སྡུད་རའི་ཉམས་ཉེན་གྱིས་ས་སྒང་རིལ་མོར་འཚོ་ཞིང་གནས་པའི་སེམས་ཅན་རྣམས་ལ་འཇིག་ཉེན་ཆེན་པོ་བཟོ་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག་གོ། ༢༠༡༢ལོ་ཆེས་སྤྱིར་བཏང་གི་ལོ་ཞིག་ཡིན་སྲིད་ལ།   སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཀྱང་སྲིད།   གང་ལྟར་ཀྱང་ང་ཚོ་རེ་བ་དང་ཡིད་ཆེས་ཀྱིས་འཚོ་དགོས་པ་དོན་དངོས་ཡིན་འདུག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༢ལོ།

2012-11-23 གཡག་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།