གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་གར་གྱི་ལོ་སར་ངྷི་ཝ་ལི།

2016-05-09 15:08:25 ཐེ་བོ་སངས་རྒྱས། ཀློག་གྲངས། མཆན ཡོད།

IMG_6725.JPG

  ངྷི་ཝ་ལིའི་ནང་དོན་ནི་མར་མེའི་མཆོད་པ་སྟེ།དགའ་བྱེད་རྒྱལ་པོ་རཱ་མ་ཎ་ཡིས་ས་མཐའ་བསྐོར་ནས་ལོ་ངོ་བཅུ་བཞི་འགོར་ཙ་ན། སྲིན་པོ་ལངྐ་མགྲིན་བཅུ་ལས་བཙུན་མོ་སི་ཏཱ་ཕྱིར་འཕྲོགས་ཤིང་རྒྱལ་ཁའི་ངང་རང་ཁྱིམ་དུ་ལོག་སྐབས་དགའ་བསུའི་དུས་དྲན་དང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བྲམ་ཟེ་ཆོས་ལུགས་པའི་དུས་ཆེན་གཙོ་བོ་ཞིག་ཡིན། འདི་ངྷ་སེ་རཱ་སྟེ་ཚེས་བཅུའི་དུས་ཆེན་རྗེས་ཀྱི་ཉི་མ་ཉི་ཤུ་བ་དེ་རེད། ཡ་མཚན་པ་ཞིག་ལ་རྒྱ་བལ་གྱི་ཚེས་གྲངས་དང་བོད་ཀྱི་བརྩི་སྟངས་གཉིས་ཐོ་ཐུག་པར་མ་ཟད་ཀོང་པོའི་ལོ་སར་དང་གཅིག་ཏུ་ཁེལ་ཡོད་སྐད། ལོ་སར་བྱེད་སྟངས་ནི་དུད་ཁྱིམ་རེ་རེའི་སྒོའི་ཕྱི་རོལ་ཏུ་དཀར་ཐིག་འཐེན་ཞིང་མར་མེ་ཚོམ་བུར་བགྲམ། མེ་ཏོག་གི་ཕྲེང་བ་དྲ་བ་དྲ་ཕྱེད་དུ་བཀོད། ཁྱིམ་ཕུག་ཏུ་ལཱ་ཌོས་གིས་མཚོན་པའི་མངར་ཟས་རིགས་དང་འཇའ་ཚོན་ལྟ་བུའི་བཟའ་བཏུང་གི་སྡེར་ཁ་སྒྲིག་ཅིང་། མཚན་གང་བོར་ཤོག་སྤག་སྒྲ་ཆེན་དང་ཚོན་མདངས་ཅན་ཅི་རིགས་སྤར་ཏེ་ཁྱིམ་མཚེས་དག་གི་གཉིད་གཅོག་པར་བྱེད། བ་ལང་མཆོད་པ་སོགས་ངོ་མཚར་བའི་བྱེད་སྒོ་སྣ་ཚོགས་ཉིན་ལྔའི་རིང་སྤེལ། གལ་སྲིད་འདིའི་ཉིན་ཕྲུ་གུ་ཞིག་སྐྱེས་ན་དེ་ལྷ་རུ་བཀུར། དེང་སང་ཧིན་རྡུའི་ཆོས་ལུགས་པ་མ་ཟད་སིཀ་རིང་ལུགས་པ་དག་གིས་ཀྱང་འདི་ཆོས་ཀྱི་དུས་ཆེན་གལ་བོ་ཆེར་བརྩི། ད་དུང་རྒྱ་གར་ལས་གཞན་བལ་ཡུལ་དང་། ཤྲིལིངྒ། བྷང་ལ་ངྷེ་ཤི མ་ལེ་ཤིས་ཡ། སིངྒ་ཕོར་སོགས་སུ་དུས་ཆེན་འདི་ལ་རོལ་མཁན་ཧ་ཅང་མང་ངོ་།།


                                                                                                           རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།