«ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་བདམས་བསྒྲིགས»བཀླགས་པའི་མྱོང་ཚོར།

རོང་པོ་རང་འཚོལ།(ནག་ཆུ) 琼迈文学网 2026-01-04

     ཡུན་རིང་ཡུན་རིང་ཞིག་ལ་བདག་གིས་དཔེ་དེབ་བཀླགས་པའི་མྱོང་ཚོར་ཟེར་བ་ཅི་ཡང་འབྲི་མ་མྱོང་། འདི་ནས་ཡར་བརྩིས་པའི་མི་ལོ་བཅའ་བཅུའི་སྔོན་དུ་ངས་དཔེ་དེབ་བཀླགས་པའི་མྱོང་ཚོར་འདྲ་མིན་འབྲི་མྱོང་བ་མ་ཟད། ངོ་མི་ཆོད་པའི་དྲ་གྲོགས་འགའི་རྩོམ་དེབ་ལའང་སྔོན་འགྲོ་འབྲི་མྱོང་བ་དྲན། ཡིད་མ་ཆེས་ན་ཁྱོད་ཀྱིས་ངའི་རྩོམ་རྙིང་དག་བཙལ་ནའང་རྙེད་ངེས་ཡིན། དེ་དང་དེའི་དུས་སུ་ང་རང་ནི་གང་ལྟར་ཅི་ཞིག་འབྲི་རྒྱུ་རྙེད་ཚེ་དཀའ་སྣང་འཚེར་སྣང་དང་བླང་དོར་རིགས་དབྱེ་གང་ཡང་མེད་པར་བྱུང་རྒྱལ་དུ་ཁོག་ལ་ཤར་ཚད་ཡི་གེར་བཀོད་དེ་གང་སར་ཐོག་རྒྱག་འབྲུག་འུར་བྱེད་མཁན་ཞིག་ཡིན། ད་ལྟ་བསམས་ནའང་དེ་དག་ཡོད་ཚད་སྐྱོན་དུ་བལྟར་མི་ཐུབ་སྟེ། མ་མཐར་ཡང་དེ་ལྟར་གང་བྱུང་ཅི་བྱུང་དག་བྲིས་བྲིས་པས། ངའི་རྩོམ་གྱི་ཚིག་སྡེབ་དང་། དག་ཆ། བརྗོད་པ་སྤེལ་སྟངས་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་།

  འོན་ཏེ་བར་སྐབས་ཤིག་ནས་ང་རང་གཉིད་ཅུང་ཟད་སད་དེ། རྩོམ་རིག་རང་ལ་འཐམ་ཐུབ་པ་བྱུང་བས་ད་གཟོད་ཡི་གེའི་ལས་སུ་ཞུགས་མཁན་དག་ལའང་འགན་ཁུར་དང་། བླང་བྱ། ཆོས་སྐད་ལྟར་ན་བསླབ་བྱ་ཆ་རེ་ཡོད་པ་ཤེས་ཤིང་། དུས་དེ་ནས་བཟུང་ངས་རང་གི་གང་བཤད་ཚིག་དང་གང་བྲིས་རྩོམ། དེ་བཞིན་ཡིག་འབྲུ་རེ་གཉིས་འབྲི་ཤེས་པ་ཙམ་གྱིས་མཁས་པའམ། སྙན་ངག་པ། རྩོམ་པ་པོ། བསམ་བློ་བ་སོགས་སུ་མི་འགྲོ་བ་དང་། ལྷག་ཏུ་བརྩམས་ཆོས་དཔེ་ཆ་མཛོ་རྒན་འདྲ་བ་མང་དུ་བཏོན་ཀྱང་ཁུ་སིམ་མེར་བཞུགས་པའི་རང་རེའི་རྩོམ་རིག་རྒྱལ་སྲས་འགའ་མཐོང་བས། རང་གི་དེ་སྔའི་སྣང་བ་གང་ཤར་གྱི་བྱ་བ་དག་ནོར་བ་མིན་རུང་འཁྲུལ་བ་ཡིན་པའི་ངེས་ཤེས་རྙེད། དེ་བས་ཤེས་ཡོན་རྒན་པོ་དེ་ཚོའི་བརྩམས་ཆོས་ཀློག་ཐེངས་རེར་རང་ཉིད་ཚད་གང་དུ་ལྷུང་ཡོད་པ་ལྷང་ལ་འབུད་ཡོང་བས། དེ་ནས་བཟུང་ངས་རང་སེམས་ནང་དུ་བཀུག་སྟེ་སློབ་གཉེར་ལ་ཞུགས་ཅི་ཐུབ་བྱས་པ་ཡིན།

  ལར་དཔེ་ཀློག་ཟིན་ཐོ་འབྲི་རྒྱུ་དང་གཞན་གྱི་བརྩམས་ཆོས་ལ་བཀླགས་ཚོར་འབྲི་རྒྱུ་སོགས་ནི། དཔྱད་རྩོམ་དང་ལོ་རྒྱུས་འབྲི་བ་ལྟར་དེ་འདྲའི་ཁུངས་ལུང་དང་རྒྱབ་ལྗོངས་ཆེན་པོ་མི་དགོས་ཤིང་། དེ་ལ་ཡིན་གཅིག་ཤེས་ཡོན་གྱི་ཚད་ཐིགས་འདི་ཡིན་ཟེར་བ་ཅི་ཡང་མེད་པས་སུས་བྲིས་ཀྱང་འབྲིར་རུང་ལ་ཇི་ལྟར་བྲིས་ཀྱང་འབྲིར་ཆོག་མོད། གཅིག་ནས་གོང་ལྟར་སྔོན་ལ་རང་ཉིད་རྐང་པ་བརྟན་པོ་མ་ཚུགས་པར་གཞན་གྱི་འགྲོ་ལུགས་འདུག་སྟངས་ཟེར་ནས་གླེང་མི་ཕོད་ལ། གཉིས་ནས་ད་ལྟའི་ཆར་དཔེ་ཀློག་པའི་སྡེ་དང་དཔེ་དེབ་བཀླགས་ཚོར་འབྲི་མཁན་འགའ་ཞིག་ནི། གཞན་གྱི་ངོ་སྲུང་གི་ཕྱིར་དང་གྲོགས་པོ་ངོ་ཤེས་ཀྱི་ཕྱིར། ཐ་ན་བཀླགས་ཚོས་བྲིས་ཏེ་རྐུབ་སྟེགས་གོང་མར་ཨེ་འཕར་རམ། འབྲེལ་བ་དེ་དག་བརྒྱུད་ནས་རང་གི་བརྩམས་ཆོས་དུས་དེབ་གཞན་དང་གཞན་དུ་ཨེ་འཁོད་ཀྱི་རེ་བ་འཆང་མཁན་ཡང་མངོན་མངོན་རྗེན་རྗེན་དུ་འདུག་པས། སྐབས་རེར་དེ་དག་གི་དཔེ་དེབ་བཀླགས་ཐོ་མཐོང་དུས་སྐྱུག་མེར་ལྡང་ཡོང་ཞིང་། དེ་དག་མཐོང་བས་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ«གོ་གནས་མྱུར་འཐོབ་ཀྱི་མན་ངག་གསེར་གྱི་ཁེམ་བུ»ཅེས་པ་དེ་མིག་ལམ་ལ་འཆར་དུ་འཇུག་ཡོང་།

  གཏམ་ཉོག་དེ་དག་སྔོན་དུ་བཏང་ནས་དཀྱུས་སུ་ཞུགས་ན། ཉེ་སྔོན་གྲོགས་པོ་འགས༢༠༢༥ལོའི“གཡུ་དྲུག་དཀར་དཔེ་ཚོགས”ཀྱི་དེབ་ལྔ་ང་ལ་སྐྱེས་སུ་བསྩལ་མོད་དཔེ་ཆ་གཅིག་ཀྱང་ཁ་འབྱེད་མ་ཐུབ་པར་ཡུན་ཙམ་ལུས། སྟོང་ལོ་གསར་ཚེས་འདིར་ད་གཟོད་ངས«ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་བདམས་བསྒྲིགས»ཞེས་པ་འདི་གཞི་ནས་ལག་ཏུ་བླངས་ཤིང་ཞིབ་ཀྱིས་ཐེངས་ཤིག་བཀླགས་པར། བགྲེས་པོ་ཨ་ར་ཅན་དེའི་སྒེར་གཤིས་དང་རྩོམ་གཤིས་སོགས་ལ་དང་བ་བརྟས་ཏེ་བཀླགས་ཚོར་ཞིག་ཀྱང་འབྲི་འདུན་བྱུང་།

  གཅིག རྩོམ་པ་པོར་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་དམ།

  རྩོམ་པ་པོར་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་མེད་སོགས་ནི་རྩོད་གཞི་ཅན་ཞིག་ཡིན་འདུག་ཅིང་། རྩོམ་རིག་ནི་རྩོམ་རིག་རང་ཡིན་པས་དེ་ཉིད་ཆབ་སྲིད་དང་ཆོས་ལུགས། ཡང་ན་གཞན་དང་གཞན་ལ་ཁུར་ཁྱེར་བའི་དགོས་པ་གང་ཡང་མེད་ཟེར་མཁན་དང་། ཡང་རྩོམ་རིག་ནི་བསམ་བློའི་དར་ཆ་དང་སྤྱི་ཚོགས་འཚོ་བའི་ནད་འབྱིན་མཁན་འབའ་ཞིག་ཡིན་པས། རྩོམ་རིག་ལ་དགག་སྒྲུབ་ཀྱི་འདུ་ཤེས་དགོས་པ་གཙོ་ཆེར་འཛིན་མཁན་རིགས་གཉིས་སུ་ཡོད་འདུག་པ་ལས། རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ནི་ཕྱི་མའི་རིགས་ཡིན་པ་ཀུན་གྱིས་ཤེས་གསལ་ལ། ཁོང་གི་ཐོལ་རྩོམ་བདམས་བསྒྲིགས་དེར་ཡང་རང་རེའི་སྤྱི་ཚོགས་ཀྱི་དགེ་སྐྱོན་དང་། འཚོ་བའི་ངོ་རིས། ལུགས་ཀྱི་ཆོ་ག དེ་བཞིན་འུ་ཚོའི་ཁ་ཟས་སྤྱོད་ཐབས་ཡན་ལ་སེམས་ཁུར་དཔེ་མེད་ཅིག་གནང་འདུག་ལ། རྩོམ་ཐུང་ལྡེབ་མ་གཅིག་རེ་གཉིས་རེ་ཙམ་ཡིན་ནའང་དེའི་ནང་ཁོང་ཉིད་དགའ་སྡུག་ཉིན་མཚན་ལྟར་འཁོར་ནས་བསྐྱོད་ཀྱིན་འདུག་པས། ཉེ་ཆར་ངས་དགེ་རྒན་ཞིག་གི་ངག་ལས“རྩོམ་པ་པོ་ཞིག་ཡིན་ན་སྐྱེས་བུ་ཆེན་པོ་ཞིག་ཡིན་དགོས། སྐྱེས་བུ་ཆེན་པོ་ཞིག་ཡིན་ན་ཁུར་ཆེན་པོ་ཞིག་ཐེག་དགོས”ཟེར་བ་ཐོས་པས། དེ་ནི་རྩོམ་པ་པོ་ཁོང་དང་ཁོང་ལྟ་བུ་ལ་ཟེར་བ་ལོས་ཡིན་སྙམ།

  དེ་བཞིན་ཐོལ་རྩོམ་བདམས་བསྒྲིགས་དེར་བཀོད་པའི་རྩོམ་པ་པོའི་ངག་ལས་ཀྱང་། རྩོམ་ལ་བརྗོད་བྱ་རྗོད་བྱེད་དོན་དང་རྣམ་པ་གང་གི་ཐད་ནས་ཀྱང་འགན་ཁུར་དང་། ཞིབ་ཚགས། དོ་ནན་དགོས་ཚུལ་གྱི་དགོངས་འཆར་ཡང་ནས་ཡང་དུ་བཏོན་འདུག་ལ། དེའང་འགན་ཁུར་ཞེས་པ་ནི་རྩོམ་ཞིག་འབྲི་བའི་བློས་བསླང་ཙམ་དང་དེ་ལ་དག་སྡེབ་ལེགས་པོ་དགོས་རྒྱུ་ཙམ་ལ་གསུངས་པ་མིན་པར། རྩོམ་འབྲི་བ་ནི་མི་སྒེར་ཞིག་གི་འཆར་ཡན་དང་ཚོར་སྣང་ཙམ་མིན་པར་ཐུན་མོང་གི་སེམས་ཚོར་ཡོད་དགོས་པའི་དོན་རེད། དེ་ལྟར་བསམས་ན་རང་རེའི་རྩོམ་པ་པོའི་སྡེ་རུ། ལྷག་ཏུ་རང་རེའི་སྙན་ངག་དང་བརྩམས་སྒྲུང་འབྲི་མཁན་གྱི་གྲལ་ན། རང་སྣང་གང་ཤར་གྱི་ཉམས་མགུར་འཐེན་མཁན་ཙམ་ལས། “འདུ་ཤེས་པ”མིའི་མཚན་ཉིད་ཚང་བ་དུ་ཙམ་ཡོད་དམ། དེས་ན་སྔར་ཞིག་ནས་རང་རེའི་སྙན་སྙན་ངག་པའི་སྡེ་ལ“ན་ཟུག་མེད་པའི་སྡེ”ཞེས་འབོད་ཀྱིན་ཡོད་སྐད་ལ། ལྷག་པར་ད་སྐབས་རང་ཉིད་དང་བཅས་པས་རྩོམ་རིག་ནི་མི་སྒེར་གྱི་འཆར་སྣང་དང་སྐད་ཆའི་རོལ་རྩེད་ཙམ་དུ་འཁྲུལ་བཞིན་མེད་དམ་སྙམ་པའི་སེམས་ཁྲལ་ཡང་བྱུང་།

  རང་རེའི་རྩོམ་རིག་སྨྲ་བའི་ཁྱུ་མཆོག་བདུད་ལྷ་རྒྱལ་གྱིས་ཀྱང་རྩོམ་པ་པོར་སྤྱི་ཚོགས་ཀྱི་འགན་ཁུར་དགོས་མིན་ཐད“སྤྱིར་ནུབ་གླིང་སོགས་སུ་སྤྱི་ཚོགས་འཕེལ་རྒྱས་ཚད་མཐོར་ཐོན་པས། དེ་དག་ན་རྩོམ་རིག་ཀྱིས་སྤྱི་ཚོགས་འགན་ཁུར་མི་དགོས་ཟེར་ནའང་འགྲིག་མོད། རང་རེར་ནི་ད་དུང་སྤྱི་ཚོགས་འཚོ་བ་གང་ཐད་ནས་རྗེས་ལུས་ཡིན་པས། རྩོམ་པ་པོར་དེའི་ཚོད་ཀྱིས་འགན་ཁུར་འདུ་ཤེས་རེ་ཡོད་དགོས”ཞེས་དགོངས་འཆར་གནད་དུ་སྨིན་པ་ཞིག་གསུང་སོང་བས། རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱིས་ནི། ཐོག་མཐའ་ཀུན་ཏུ་དེ་འདྲའི་ཁུར་བོ་ཆེན་པོ་ཞིག་ཁྱེར་ནས་རྩོམ་འབྲིའི་བྱ་བར་གཞོལ་བཞིན་འདུག་པས། དེ་ནི་སྨྱུ་གུ་ལག་ཏུ་ལེན་མཁན་ཡིན་ཚད་ལ་ཡོད་མི་སྲིད་པའི་སྒེར་གཤིས་ཁྱད་པར་བ་ཞིག་དང་རྩོམ་གཤིས་བླ་ན་མེད་པ་ཞིག་ཏུ་མཐོང་།

  རྒྱུན་དུ་ཁོང་གི་སྒྲུང་རིང་ཐུང་གང་ཞིག་བྲིས་རུང་གང་མཚར་མཚར་དང་གང་དྲན་དྲན་འབྲི་བའི་མཚམས་ལས་བརྒལ་ཏེ། ཡིན་གཅིག་གནད་དོན་གཅིག་ལ་བབས། དེར་ནད་ཐོག་གཙག་ཁེལ་གྱི་བསྡུས་བཟུགས་གསོན་པོ་རེ་བཞེངས་ནས། སྤྱི་ཚོགས་དང་། འཚོ་བ། ཡང་ན་ཡུལ་ཚན་དང་། མི་སྡེ་གང་རུང་ཞིག་ལ་ལམ་སྟོན་མཛད་ཀྱིན་འདུག་ལ། ད་ཐེངས་ཁོང་གི་ཐོལ་རྩོམ་བདམས་བསྒྲིགས་དེར་ཡང་། དོན་དང་ཚིག་འབྲུ་རེ་རེ་ནས་ཕ་རོལ་ཕྲག་ཏུ་བླངས་པའི་གཏམ་འབའ་ཞིག་ཏུ་སྣང་བས། ཞིབ་ཏུ་བསམས་ན་མི་དེར་གཅེས་སེམས་འདྲེན་ཡོང་བ་ཞིག་ཀྱང་རེད།

  གཉིས། རྩོམ་པ་པོས་ཚིག་སྦྱོར་ལ་དོ་སྣང་དགོས་སམ།

  ཡང་ཚིག་སྦྱོར་ལ་འབད་པ་དང་བཞུན་བརྡར་གཏོང་རྒྱུ་དེའང་ད་སྐབས་བརྩོད་གཞི་ཅན་ཞིག་ཏུ་འགྱུར་གྱིན་འདུག་སྟེ། མི་ལ་ལའི་ངག་ལྟར་ན་རྩོམ་ལ་བློ་སྦྱོང་དགོས་པ་ལས་ཚིག་སྦྱོར་མི་དགོས་ཟེར་ཞིང་། ཐ་ན་རྩོམ་ལ་ཚིག་སྦྱོར་བཟང་ན་ཀློག་སྙིང་མི་བྲོ་ཟེར་མཁན་ཡང་མཆིས་པས་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་ཟེར་བ་དང་། སྙན་ངག་ནི་རྣ་བར་སྙན་ཞིང་ཡིད་ལ་འཇིབས་པའི་ངག རྩོམ་རིག་གི་སྐད་ཆ་ནི་ཐ་སྙད་ཡོད་ཚད་བཙོ་སྦྱང་བྱས་པའི་ཉིང་ཁུ་ཡིན་དགོས་ཟེར་བ་དེ་ཚོར་གོ་བ་ཇི་ལྟར་ལེན་དགོས་མིན་མི་ཤེས། ལྷག་ཏུ་རྩོམ་ལ་ཚིག་སྦྱོར་མི་དགོས་ཟེར་མཁན་དེ་ཚོས་རང་རྩོམ་ནི་གཞན་གྱིས་ཀློག་དཀའ་བ་རེ་འབྲི་ཡོང་ཞིང་། ཐ་ན་མིང་བརྡའི་ཆ་ཡ་སྡེབ་སྟངས་དང་། ཆོས་དང་ཆོས་ཅན་གྱི་ཚིག་འགྲོས། སྐད་ཆའི་སྤྱི་འགྲོས་ཡོད་ཚད་འཇོལ་ཉོག་དུ་བཏང་སྟེ། རང་རེའི་བརྗོད་པའི་ལུགས་ལས་རིང་དུ་འགལ་བའི་ཡིག་འབྲུ་སྣ་ཚོགས་སྤུང་བཞིན་མཆིས་པས། དེ་དག་དགེ་མཚན་ཡིན་པའི་སྨོན་ལམ་འདེབས།

  ཇི་ལྟར་ནའང་ཕྲན་ནི་རྩོམ་གང་ཞིག་ཁ་ལ་བླངས་པ་ཙམ་གྱིས་ཚིག་སྦྱོར་བཞུན་བརྡར་མ་བཏང་བ་དང་། ཡིག་ནོར་མང་བ། བརྗོད་པ་མི་གཙང་བའི་རིགས་དག་ལ་ཤིན་ཏུ་སུན་སྣང་ཡོང་བ་ཞིག་ཡིན། ལར་རང་རེའི་རྩོམ་པ་པོ་རྒན་པ་སུ་ཞིག་གི་རྩོམ་ལ་བལྟས་ཀྱང་ཚིག་སྦྱོར་ཞུན་བརྡར་མ་སོང་བ་དང་བརྡ་དག་ཐ་སྙད་ལ་མ་བྱང་བ་ཞིག་མཐོང་དཀའ་བས། རྩོམ་ལ་ཚིག་སྦྱོར་ཡག་ན་མི་མཛེས་ཟེར་བ་ནི་འུག་པའི་སྐད་ཆ་ཡིན་པ་ལོས་ཤེས། རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་རྩོམ་ལ་བལྟས་ན་དེ་བས་ཀྱང་གསལ་ངེས་ཏེ། ད་ཐེངས་ཁོང་གི་ཐོལ་བརྩོམས་བདམས་བསྒྲིགས་འདི་ཁོ་ནར་བལྟས་ནའང་། ཁོང་གི་ལྷུང་ལྷུང་བཞུར་བའི་རྩོམ་གྱི་ཆུ་རྒྱུན་རེ་རེར་བརྗོད་པ་མི་བདེ་བ་དང་། ཚིག་དོན་འགལ་བ། ཚིག་ལོག་བརྡ་འགལ་དེ་རིགས་མཐོང་རྒྱུ་ལྟ་ཅི། དེབ་ཧྲིལ་པོར་ཚིག་ཆད་ལྷག་སོང་བ་དང(ཕྲད་ཆད་ལྷག་དང་བྱ་ཚིག་གཅིག་གྱུར་མ་བྱུང་རེ་གཉིས་ཕུད)ཡིག་ནོར་བཏགས་ནོར་བཙལ་ནའང་རྙེད་དཀའ་བའི་ཚོད་དུ་འདུག་པས། ཁོང་ནི་རྩོམ་ལ་ཞིབ་ཚགས་ཅན། བྱ་བར་ཞིབ་ཚགས་ཅན། མདོར་ན་མི་ཞིབ་ཚགས་ཅན་ཞིག་ཡིན་པ་གསལ་པོར་ཤེས་ཡོང་།

  གང་ལྟར་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་རྩོམ་གྱི་ཚིག་སྦྱོར་དང་། ཐ་སྙད་བཀོལ་སྟངས། ལུང་འདྲེན་དང་། མཆན་འགྲེལ་འགོད་སྟངས། ཐ་ན་ཚེག་ཤད་འཇོག་སྟངས་འདོར་སྟངས་ནས། རྩོམ་གྱི་དུམ་མཚམས་དབྱེ་སྟངས། ཁོག་འབུབ་གསེད་བཀྲོལ་བྱེད་ལུགས་སོགས་གང་ལ་བལྟས་ཀྱང་། གསར་རྩོམ་གྱི་ལས་ལ་ཞུགས་མཁན་ཡིན་ན་ཁྱོད་ལ་འདི་བྱོས་དང་འདི་སྒྲུབས་ཞེས་མ་བཤད་ཀྱང་། ནག་ཆུང་ཡི་གེའི་ངོས་དེ་ག་ནས་ཀྱང་ལེན་རྒྱུ་བསྔོག་རྒྱུ་ཇི་སྙེད་ཅིག་ཡོད་ངེས་ཅན་དུ་མཐོང་།

  གསུམ། རྩོམ་པ་པོ་ཞིག་ཡིན་ན་མཁྱེན་ཡོན་དགོས་སམ།

  “་་་ ཅི་ཞིག་འབྲི་བྱའི་གནད་ལ་ཞིབ་ཐོན་པ། ཚིག་སྦྱོར་ལེགས་པ། ད་དུང་རྩོམ་ལ་ལར་འབྲེལ་ཡོད་ཀྱི་རྒྱུ་ཆ་བཏུས་པ་དང་། དེ་དག་གི་གོ་རིམ་བསྒྲིགས་ནས་རྩོམ་ཐུང་ངུ་ཞིག་གིས་དོན་གྱི་གནད་འབྱིན་སྟངས་དེ་འདྲ་ནི། ད་ལྟ་ཞིབ་འཇུག་པ་ཡིན་ནོ་ལོའི་དཔྱད་རྩོམ་དག་གིས་ཀྱང་དོ་ཟླར་མི་འདུག་སྙམ” སྐད་ཆ་འདི་ནི་ངས་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་ཐོལ་རྩོམ་དག་བཀླགས་རྗེས་རྩོམ་པ་པོ་སྒེར་ལ་བསྐུར་ཤོར་བའི་སེམས་གཏམ་ཡིན། ངོ་མ་འདི་ལྟར་རང་བསམས་སྟེ། ཁོང་གི་ཐོལ་རྩོམ་རེ་རེ་ནས་ཀློག་དུས་རྩོམ་ཐུང་ངུ་རེས་ཀྱང་གནད་ཆེན་པོ་རེ་གསལ་སྟོན་ཐུབ་ཀྱིན་འདུག་ལ། ཞར་ནས་ཁོང་ནི་རྩོམ་འབྲིའི་ཐབས་རྩལ་ལ་བྱང་ཆུབ་པ་ཙམ་མ་ཟད། རྒྱལ་ཕྱི་རྒྱལ་ནང་གི་རྩོམ་རིག་དང་། དེ་བཞིན་ཤར་ནུབ་སྤྱིའི་རྩོམ་རིག་ལ་མཁྱེན་རྒྱ་ཡོད་མཁན་ཞིག་ཡིན་པ་ཤེས་ཡོང་བ་མ་ཟད། ཁོང་ནི་རྩོམ་ཅི་ཞིག་བྲིས་ཀྱང་དེ་འབྲེལ་གྱི་རྒྱབ་རྟེན་མང་པོ་ཆུ་བཞུར་བཞུར་བྱེད་མཁན་ཞིག་ཏུ་མཐོང་།

  དཔེར་ན། ཐོལ་རྩོམ་བདམས་བསྒྲིགས་དེར་བཀོད་པའི«ཐ་མག»དང་། «ཥ་ཤིས་ཀར་གྱི་ཟིན་ཐུན» «བོད་ཡིག་གི་འཛམ་གླིང་རྩོམ་རིག» «སྒྱུ་རྩལ་བརྩམས་ཆོས་ནི་འབྲུ་རིགས་ཀྱི་ཐོན་ཚད་ལྟར་ཅི་ཙམ་མང་ན་དེ་ཙམ་བཟང་བ་ཞིག་མ་ཡིན»ཞེས་པའི་བཅར་འདྲིའི་ནང་དོན་དག་ཀློགས་ལ་སོམས་དང་། ཁོང་གིས་ཅི་ཞིག་འབྲི་བ་ཙམ་མ་ཡིན་པར་ཇི་ཙམ་ལྟ་ཀློག་བགྱིས་པའང་གསལ་པོ་མཐོང་ངེས་ཡིན་ལ། ཞོར་དུ་རྩོམ་པོ་པོ་ཞིག་ཡིན་ན་རང་གི་ལག་ལ་སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་མི་ཆོག་པར། གཞན་གྱི་ས་ལ་བརྩམས་ཆོས་སྤུངས་ཡོད་པ་དེ་དག་ཀྱང་མཐོང་དགོས་པའི་མན་ངག་གསལ་རྗེད་དུ་བཏོན་འདུག

  གོང་ལྟར་ཁོང་གི་ཐོལ་རྩོམ་རེ་འགར་ནི། ཤེས་བྱའི་འདུས་ཚད་ཟབ་ཅིང་འབྲེལ་ཡོད་ཀྱི་ཁུངས་ལུང་གསལ་བ། དེ་དག་གོ་རིམ་བསྒྲིགས་ནས་རྩོམ་ཐུང་ངུ་ཞིག་ལའང་དོན་གྱི་གནད་འབྱིན་སྟངས་དམིགས་བསལ་བ་རེ་མཆིས་པས། རང་རེའི་ཁ་དཔེར“ཚིག་ཉུང་ལ་དོན་འདུས་པ”ཞེས་པའང་འདི་འདྲ་ལ་ཟེར་བ་ལོས་ཡིན་སྙམ་པ་སྟེར། དྲང་པོར་ཞུས་ན་ཐོལ་རྩོམ་ཐུང་ཐུང་ཞིག་གིས་ཀྱང་དོན་གྱི་གནད་ལ་བབས་ནས་གང་ཞིག་ཆད་ལྷག་མེད་པར་གསར་གསལ་རྗེན་རྗེན་དུ་འབུད་སྟངས་དེ་འདྲ་ནི། ད་ལྟ་རང་རེའི་དཔྱད་བརྗོད་པ་དང་ཞིབ་འཇུག་པ་ཡིན་པ་སྐད་ཀྱི་བརྩམས་ཆོས་དག་གིས་ཀྱང་ནུས་སམ་སྙམ་པའི་དོགས་པ་སྟེར་ཡང་། ཁ་ལ་བདག་པོ་མ་བརྒྱབ་ཚེ་རྐུབ་ལ་ཐལ་ལྕག་འབབ་སྲིད་པས་དེ་ཙམ་བྱ།

  བཞི། རྩོམ་པ་པོས་ཐ་སྙད་གྲབས་གསོག་བྱ་དགོས་སམ།

  ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་དག་བཀླགས་ཡོང་དུས། ང་རང་ཧང་སང་ས་གཞན་ཞིག་ནི་ཐ་སྙད་ཀུན་ལ་དབང་འབྱོར་བ་དེ་ཡིན། ང་རང་རྒྱུན་དུ་དཔེ་ཀློག་བྱེད་སྐབས་བརྩམས་ཆོས་ཤིག་ནས་ཐ་སྙད་དམིགས་བསལ་བ་རེ་རྙེད་ཚེ་བུང་བ་སྐྱེད་ཚལ་དུ་ཞུགས་པ་ལྟར་ཅུང་ཙམ་ཐ་སྙད་ཀྱི་ཟེའུ་འབྲུ་སོ་མ་དེར་ཐོགས་འགྲོ། ད་ཐེངས་ཁོང་གི་ཐོལ་བརྩོམས་བདམས་བསྒྲིགས་དེ་ལས་ཀྱང་གཞན་གྱི་བརྩམས་ཆོས་སུ་མཐོང་དཀའ་བའི་ཐ་སྙད་གསར་བ་མང་དུ་རྙེད་ཅིང་། ལྷག་པར་རང་དང་རང་གི་ཁ་ཐོག་ལྕེ་ཐོག་ན་མ་ཎི་བཞིན་བགྲང་བཞིན་ཡོང་ཀྱང་། ད་བར་ཇི་ལྟར་འབྲི་དགོས་མིན་མ་ཤེས་པར་ལུས་པའི་ཡུལ་སྐད“ཤ་བརྩེད་ལོད”ཅེས་པ་ལྟ་བུ་མང་དག་ཅིག་ཡི་གེར་ཇི་ལྟར་འབེབ་དགོས་མིན་གཞི་ནས་ཤེས་ཐལ།

  གཞན་ཡང་ཁོང་གི་རྩོམ་རེ་རེ་ནས་བཀླགས་ཡོང་ན་བགྲེས་པོ་ཨ་ར་ཅན་དེ་རང་རེའི་ཚིག་མཛོད་གཅིག་རེད་ཟེར་ཡང་མི་འགྲིག་པ་མེད་པ་འདྲ་སྟེ། དཔེར་མཚོན་ཞུས་ན། ཁོང་གི་ཐོལ་རྩོམ«ཨ་མའི་ལག་ཟས»ཞེས་པ་དེ་ཁོ་ནར་བསམས་ནའང་། དེའི་ནང་གི་རང་རེའི་འབྲོག་རྒན་དག་གི་ཟ་འཐུང་སྐོར་གྱི་ཤེས་བྱ་ཐང་མར་བརྡལ་ཅིང་། དེ་དག་རེ་རེ་རེེ་རེེར་མིང་བརྡ་ཇི་ལྟར་བཀོལ་ཚུལ་དང་། གཡོ་སྦྱོར་ཇི་ལྟར་བྱེད་ཚུལ། ཐ་ན་ཟས་ཅི་ཞིག་ལ་བྲོ་རྫས་གང་ཞིག་འདེབས་ཚུལ་དང་། ཟས་གཅིག་ལ་རྫས་གཞན་ཞིག་བཏབ་ཚེ་མིང་ཇི་ལྟར་འགྱུར་ཚུལ་དང་། རོ་བྲོ་ཇི་ལྟར་འགྱུར་ཚུལ་རེ་རེ་ནས་བརྗོད་པ་ངག་གིས་མཚོན་སྟངས་དེ་འདྲ་སུ་ཡིན་ཡིན་གྱིས་འཇོན་པ་ཞིག་ག་ལ་ཡིན།

  ཉེ་ཆར་མཁས་མཆོག་དུང་དཀར་གྱི་རྩོམ་ཞིག་ག་ཞིག་གང་ན་སྤེལ་རྗེས། ཁོང་ལྟ་བུ་མིན་ཚེ་རྩོམ་དེ་དྲ་འཁྱོང་མི་སྲིད་ལ། ལྷག་ཏུ་ཁོང་མིན་ཚེ་དངོས་པོ་དེ་དག་གི་མིང་བརྡ་དེ་དག་ཀྱང་ཤེས་མཁན་མེད་ངེས་ཅེས་བཤད་སོང་མོད། རང་རེའི་ལོ་གཞོན་ཚོས་བོར་ཟིན་པའི་མིང་བརྡ་དག་ངོ་མ་རང་རེའི་ལོ་གཞོན་ཚོའི་ངག་ནས་རྙེད་མི་སྲིད་ཀྱང་། བགྲེས་པོ་ཨ་ར་ཅན་ཁོང་དང་ཁོང་དག་གི་བརྩམས་ཆོས་སུ་ད་དུང་གསོན་པོར་གནས་ཏེ་མཆིས། དེས་ན་མཁས་མཆོག་དུང་དཀར་ལྟ་བུ་ཐ་སྙད་བྱེ་བའི་བདག་པོ་དེ་འདྲ་འབྱུང་དཀའ་ཡང་། མཐའ་གཅིག་ཏུ་མེད་ངེས་པ་དེ་འདྲ་རང་ཡང་མིན་ཚོད་གདའ།

  ལྔ། རྩོམ་པ་པོར་སྒེར་གཤིས་དང་རྩོམ་གཤིས་ཡོད་དགོས་སམ།

  གཞན་ད་ཐེངས་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་ཐོལ་རྩོམ་བདམས་བསྒྲིགས་དེ་ནི། ལྷུག་རྩོམ་ལྟ་བུ་སྒྱུ་རྩལ་བརྩམས་ཆོས་གྱི་གྲལ་དུ་བགྲང་རུང་མིན་མི་ཤེས་པས། ཕྲན་གྱིས་ཀྱང་བརྩམས་ཆོས་དེ་དག་གི་སྒྱུ་རྩལ་རིན་ཐང་ཅི་ཡང་གླེང་རྒྱུ་མིན། ཨ་ལ་ཀུ་རེ་སྟེ། སྒྱུ་རྩལ་ཞེས་པའི་སྒྱུ་མའི་འཇིག་རྟེན་དེ་ནི་བདག་ལྟ་བུའི་ངག་སྒོ་ནས་གང་བྱུང་གླེང་ཐུབ་པ་ཞིག་ག་ལ་ཡིན། ད་ནི་འདི་ལྟར་རྩོམ་མཇུག་བསྡུས་ན་ཀློག་པ་པོ་ཚོས་ངས་ཚེ་རིང་དོན་གྲུབ་ལགས་ལ་ངོ་བསྟོད་འབའ་ཞིག་བྱས་སོང་སྙམ་སྲིད་ཀྱང་། ངས་ནི་ངོ་མ་ཁོང་གི་བརྩམས་ཆོས་ལས་སྐྱོན་ཆ་གླེང་དུ་རི་བ་ཕལ་ཆེར་མ་མཐོང་། ཡིན་གཅིག་བསམ་འཆར་ཞིག་འདོན་དགོས་ཟེར་ན། ད་ཐེངས་ཁོང་གི་ཐོལ་རྩོམ་བདམས་བསྒྲིགས་སུ་རྩོམ་ཐུང་རེ་གཉིས་ཤིག་ཧ་ཅང་བསྡུས་དྲགས་པ་དང་། དྲ་རྩོམ་སྣང་མེད་དག་བཏུས་ཏེ་བཀོད་པ་ཡིན་འདུག་སྙམ་པ་བྱུང་བས། ཁྱེད་ལྟ་བུ་རྩོམ་རྒན་ཞིག་ལ་བརྩམས་ཆོས་ཀྱིས་ནམ་ཡང་འཕོངས་མི་སྲིད་པས། ཕྱིས་དཔེ་དེབ་གང་འདྲ་ཞིག་ཕུད་རུང་བརྩམས་ཆོས་ལ་འདོར་ལེན་ལེགས་པར་མ་བཏབ་ཚེ། བརྩམས་ཆོས་སྤྱིའི་བཞིན་རས་ལ་རྨས་མི་ཕོག་ངེས་པ་མི་འདུག་སྙམ།

  མདོར་ན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་བརྩམས་ཆོས་དག་བཀླགས་ན། གཅིག་ནས་ཁོང་ནི་གང་ལའང་དགག་སྒྲུབ་ཀྱི་མདའ་མོ་ཤེད་ཀྱིས་འཕེན་མཁན་ཞིག་དང་། དེ་བས་སྤྱི་ཚོགས་འཚོ་བའི་ནད་རྟགས་ཀུན་ལ་ཁབ་གཙག་འབུག་གཙག་བྱེད་ནུས་མཁན་ཞིག མཐོ་བ་བླ་སྤྲུལ་ཟོབ་རྫུ་ནས་དམའ་བ་རྒྱ་ལམ་གྱི་བྱང་བུ་ཆུང་ཆུང་ཚུན་ལ་མིག་ཟུང་བགྲད་དེ་མཛུབ་མོ་ཐད་ཀར་འཛུགས་མཁན་ཞིག་དང་། དེ་བཞིན་ལས་གྲོགས་བློ་མཐུན་གྱི་ངོ་སྲུང་དང་རང་གི་རྩམ་ཁུག་དོན་དུ་མཐོ་དམན་བྱ་བ་ཅི་ལའང་གཅམ་བུ་སྨྲ་བ་རྒྱང་དུ་དོར་ནས་འགན་ཁུར་ཁྲག་ཏུ་ལེན་མཁན་ཞིག་ཡིན་པས། ཁོང་དང་ཁོང་གི་བརྩམས་ཆོས་ནི་སྤྱི་ཚོགས་ཀྱི་ངན་རུལ་འབྱིན་བྱེད་དང་ཐུན་མོང་གི་སེམས་སྒྲ་གསོན་པོ་ཡིན་པར་སུ་ཡིས་བསྙོན།

  གང་ལྟར་བདག་ནི་ཁོང་གི་བརྩམས་ཆོས་དག་ལ་མཇལ་ཐེངས་རེེར། རྩོམ་རྒན་དེའི་ལྷག་བསམ་དང་སྙིང་སྟོབས་ལ་དང་བ་རབ་ཏུ་འབར་ཅིང་། ད་ལྟ་རྒྱ་ཚོགས་སྟོང་འདུས་ཀྱིས“སྣང་བ་སྐྱིད་པོ་གཅིག་སོ། སྣང་བ་སྐྱིད་པོ་གཉིས་སོ”ཞེས་ས་ལྡིང་གནམ་ལྡིང་བྱེད་བཞིན་པའི་དུས་སུ། རྨ་ལུང་ཁུགས་པ་དང་པོ་རུ་སྐྱེས་པའི་ཕོ་རྒོད་གཅིག་གིས་འདི་ལྟར་རང་ཁོ་ནས་ཁུར་བོ་ཆེན་པོ་ཞིག་ཁུར་ཏེ་སྨྱུ་གུ་ལག་ནས་འབྲལ་མི་བྲ་བ་ལ་སྙིང་རྗེ་ཡང་སྐྱེ་ཡོང་། ཚུལ་དེ་ནི་ད་ལྟའི་རང་རེའི་རྩོམ་པ་པོ་དང་བརྩམས་ཆོས་གཞན་གང་ལའང་མངོན་དུ་མེད་པའི་སྙིང་སྟོབས་དང་སྒེར་ཚུགས་བླ་མེད་ཅིག་ཡིན་འདུག་པས། མཇུག་མཐར་ཁོང་གི་སྒེར་གཤིས་དང་རྩོམ་གཤིས་ཁྱད་པར་བ་དེ་ལ་གུས་འདུད་ཅིག་ཀྱང་ཞུ་འདོད་བྱུང་།

  རྩོམ་སྒྲིག་པ། ལྷ་སྐྱིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

«ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་བདམས་བསྒྲིགས»བཀླགས་པའི་མྱོང་ཚོར།

2026-01-04 རོང་པོ་རང་འཚོལ།(ནག་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།