དུས་ཚོད་དང་བར་ཐག་གིས་བསྐྱུར་བའི་བརྩེ་བ།

ཁྱུང་ཐར་རྒྱལ། (རྩེ་ཁོག) 琼迈文学网 2026-03-13

                               —-ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་《ཁྱོད་གང་ན་ཡོད》ཅེས་པའི་བཀླགས་ཚོར།

  [ནང་དོན་གནད་བསྡུས] འདི་ནི་ཚིག་ཉུང་དོན་འདུས་ཀྱི་སྒྲུང་ཐུང་ཞིག་ཡིན་ལ། སྒྲུང་གི་བྱུང་རིམ་དང་སྒྲིག་གཞི་ཚགས་དམ་ཞིང་ཤོང་རྒྱ་ཧ་ཅང་ཆེ་བར་མ་ཟད། སྐད་ཆའི་བཞུ་སྦྱངས་དང་བཀོལ་སྤྱོད་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་འདུག དེར་མ་ཟད། རྩྭ་ཐང་གི་གཞོན་ནུ་ཕོ་མོ་གཉིས་ཀྱི་མངོན་ཆུང་གི་བརྩེ་བ་དེ། དུས་ཚོད་དང་བར་ཐག་གིས་གནམ་སའི་བར་ནས་བསྐྱུར་བས་ཡོད་ཚད་དྲན་ཤིང་ཙམ་དུ་གྱུར།

  [གཙོ་ཚིག] བརྩེ་བ། བྱུང་རིམ། སྒྲིག་གཞི། སྐད་ཆ། ཤོང་ཚད།

  དང་པོ། བརྗོད་བྱ་ཆུང་ཡང་གཏམ་རྒྱུད་ཀྱི་ཤོང་ཚད་ཆེ་རུ་བསྐྱེད་འདུག

  སྒྲུང་ཐུང་འདིར་རྫི་བོ་ན་གཞོན་ཕོ་མོ་གཉིས་གཅིག་སེམས་གཅིག་ལ་ཆགས་པ་ཙམ་ལས་ཕན་ཚུན་བར་དོན་དག་ཅི་ཡང་འབྱུང་མ་ཐུབ། དེ་ནི་གཙོ་བོ་དུས་ཚོད་དང་བར་ཐག་ཅིག་གིས་ཁོ་གཉིས་ཀྱི་བརྩེ་བ་ལ་བར་ཆད་བཟོས་པའམ། ཡང་ན་ལས་དབང་བཙན་པོས་རྩེ་སྤྱད་དང་སྡུག་ལ་གཏད་པ་ཙམ་ལས་མ་འདས། བརྗོད་བྱའི་ཆ་ནས་བཤད་ན་ཁྱབ་ཧ་ཅང་ཆུང་ནའང་། གཏམ་རྒྱུད་ཀྱི་ཤོང་ཚད་ཆེ་རུ་བསྐྱེད་ཡོད་པས་སྒྲུང་ཐུང་ཅུང་ལེགས་པོའི་གྲས་སུ་བརྩི་ཆོག་པར་མ་ཟད། སྒྲུང་ཐུང་འདིས་ད་དུང་ཉམས་བཞིན་པའི་འབྲོག་པའི་སྲོལ་རྒྱུན་གྱི་མི་སྐྱ་ཕོ་མོའི་འཚོ་བ་ཞིག་ཕྱིར་དྲན་བྱེད་དུ་བཅུག་ཡོད། དེ་ཡང་ཡིན་ཏེ། མཁས་དབང་དགེ་ཆོས་ཀྱིས“སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད། །བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད། །”ཅེས་པ་ལྟར། སྐྱེས་པ་རྣམས་ཀྱིས་མཚན་མོར་བུད་མེད་འཚོལ་བའི་སྲོལ་རྒྱུན་གྱི་རིག་གནས་ཤིག་ཡིན། ང་ཚོས་འདིར“ཁྱི་ཁ་གཙེ་བ”འམ“ཝུར་བརྟག་པ”ཡང་ན“ཕོ་བདའ”སོགས་ཅི་རིགས་སུ་འབོད། ས་ཆ་སོ་སོའི་འབོད་སྟངས་མ་འདྲ་བ་མ་གཏོགས། དོན་གྱིས་མཚན་མོར་བུད་མེད་འཚོལ་བའི་འདོད་པའི་ལས་ཀ་དེ་ཡིན། སྔོན་ཆད་ཡུལ་ལུང་ཕན་ཚུན་བར་དང་རུ་ཁ་ཁྱིམ་མཚེས་བར་འགྲིམ་འགྲུལ་དེ་འདྲ་སྟབས་བདེ་མིན་ལ། དེང་སང་གི་ལག་འཁྱེར་ཁ་པར་སོགས་མེད་པས་ཕན་ཚུན་འབྲེལ་བ་བྱེད་རྒྱུ་དེ་ཧ་ཅང་དཀའ་མོ་ཞིག་ཡིན། དེའི་ཕྱིར། དངོས་སུ་ངོ་ཐུག་ནས“ང་དོ་དགོང་ཡོང་རྒྱུ་ཡིན”ནམ། “ང་དོ་དགོང་ཡོང་ཁོ་ཐག་ཡིན”ཞེས་གསལ་བཤད་དམ་ཨུ་ཚུགས་བྱེད་དགོས་པ་དེ་འདྲར་ཐུག་ཡོད། འདི་ནི་དུས་སྐབས་དེའི་འཚོ་བའམ། ལོ་རྒྱུས་ངོ་མ་དེ་ཡིན“སྒྲུང་གཏམ་ནི་གསོན་པའི་ལོ་རྒྱུས་ཡིན།”[1] ཞེས་པ་དང་“སྒྲུང་གཏམ་ཡོད་པ་ནི་དོན་དངོས་སུ་ལོ་རྒྱུས་ཁྲོད་ཀྱི་ཆེས་གསོན་ཉམས་ལྡན་ཞིང་། ཆེས་ཤ་ཁྲག་འཛོམས་པའི་འཚོ་བའི་ཁྲོད་ཀྱི་ཞིབ་ཕྲའི་གནས་ཚུལ་ཉར་འཛིན་བྱེད་པའི་ཆེད་དུ་ཡིན”[2] ཞེས་པ་ལྟར། སྒྲུང་འདིས་ཀྱང་གསོན་ཉམས་ལྡན་པའི་མི་ཡི་ལོ་རྒྱུས་དང་། སྒྲུང་གཏམ་ནང་གི་མི་སྣ་དེའི་ཤ་ཁྲག་འཛོམས་པའི་འཚོ་བའི་ཁྲོད་ཀྱི་ཞིབ་ཕྲའི་གནས་ཚུལ་བྲིས་ཡོད། གཞོན་ནུ་དེས་བུ་མོ་ལ“ང་དོ་དགོང་ཡོང་ཨེ་ཆོག”སོགས་དྲིས་པར།
      “མི་ཆོག་ཨ”
      “ཡོང་མི་ཞིག་ཡོད་དམ”
      “མེད། ངོ་མ་མེད”
      “དེས་ན་ང་ཡོང་ཁོ་ཐག་ཡིན། ཁྱོད་ཚང་རུ་སྐོར་གྱི་ཚུར་སྣེའི་གམ་ན་རས་གུར་རྟ་སྒ་མ་ཅན་གན་ཡིན་པ་ངས་ཤེས་ཡོད”ཞེས་གཞོན་ནུ་དེ་དང་གཞོན་ནུ་མ་དེའི་སྐད་ཆའི་ནང་ན་སྐད་ཆ་ཡོད་ཅིང་། ཕན་ཚུན་རང་གི་བརྩེ་བ་སྟོན་བཞིན་ཡོད་ནའང་། དུས་ཚོད་དང་བར་ཐག་ཅིག་གིས་ཁོ་གཉིས་ཀྱི་མ་འོངས་པ་ཟེར་བ་དེ་གབ་ཚིག་ལྟ་བུ་ཞིག་ཏུ་བཏང་ལ། དེའི་འཕྲོར་གཞོན་ནུ་དེ་ཞིང་ཆེན་སྨན་ཁང་དུ་ཨ་ཁུ་ཚང་གི་ཞི་མོ་གཉོར་རོགས་དུ་སོང་ནས་ཉིན་བཞི་བཅུ་འགོར་བ་དང་། ཕྱིར་རྩྭ་ཐང་དུ་ཐོན་དུས་བུ་མོ་དེ་ཚང་ཕྱིར་རང་གི་ཕ་ཡུལ་དུ་ལོག་སྟེ་མཚེར་ཤུལ་སྟོང་ཤིག་གེར་གྱུར་ཡོད་པས“ཁྱོད་གང་ན་ཡོད”ཅེས་དོན་མེད་ཀྱི་དྲི་བ་ཞིག་འདོན་པ་ལས་ཁོའི་སེམས་ཡང་སྟོང་ཤིག་གེར་གྱུར། གཏམ་རྒྱུད་ཀྱི་བརྗོད་བྱ་དེ་ཙམ་ལས་མ་འདས་ཀྱང་། བུ་མོ་དེ་སློབ་གྲྭར་མུ་མཐུད་དུ་འགྲོ་མ་ཐུབ་པ་དང་། ལྷག་པར་དུ་ཁོ་ཚང་ས་འདིར་ཡོང་དོན་སོགས་ཀྱིས་གཏམ་རྒྱུད་ཀྱི་ཤོང་ཚད་སྔར་ལས་ཆེ་རུ་བཏང་འདུག དེའི་དོན་གསལ་པོར་བཀྲལ་ན“ཉིན་ཞིག་གི་དགོང་མོར་ནམ་རྒྱུན་ང་རྒྱལ་ཅན་གྱི་སྡེ་དཔོན་ཚང་གི་ཞི་ལུ་ཁྱི་ཁ་གཙེ་རུ་འགྲོ་བའི་ལམ་བར་ནས་ཁྱོད་ཚང་གི་སྒོ་ཁྱི་ལ་གཉོགས། ཁྱོད་ཀྱི་ཨ་ཕ་སྒོར་བུད་དེ་དེང་ཐོག་ཁ་འཛིང་བྱས་ཤིང་། མཚམས་ཤིག་ལ་ལག་འདྲེས་སོང་། མ་བསམ་ས་ནས་ཞི་ལུ་དེ་ཁྱོད་ཀྱི་ཨ་ཕའི་ལག་ལ་ཞ་སོང་། དེ་ནས་ཁྱོད་ཚང་གི་རུ་བྲོས་ནས་རྨ་ཆུའི་ཕར་ཁའི་རུ་སྐོར་དེར་ཡོང་།”[3] ཞེས་དོན་རྐྱེན་གྱི་བྱུང་རིམ་ལ་གསལ་ཁ་གཏོད་དེ་གཏམ་རྒྱུད་ཀྱི་ཤོང་ཚད་ཆེ་རུ་བཏང་ཡོད། དེར་མ་ཟད། གཟུ་བཤད་ནས་གྱོད་འགྲིག་རག་བར་དུ་སྡེ་གྲལ་ནས་བུད་དེ་བསྡད་པ་དང་། དེའི་རིང་ལ་ཆབ་སྲིད་ལས་འགུལ་རབ་དང་རིམ་པ་བྱུང་བ། དགོན་པར་འགྱེད་བཏང་ནས་བཤགས་པ་བྱས་པ། ཕྱུགས་ཟོག་དང་རྩྭ་ས་སྒེར་ལ་བགོས་རྗེས་འགྲོ་ས་མེད་པས། ཕྱོགས་གཉིས་ཀས་གོང་རིམ་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་སོགས་ཚིག་ཉུང་དོན་འདུས་ཀྱིས་འཐུས་པར་བྱས་ཀྱང་། དེས་གཏམ་རྒྱུད་ཀྱི་ཤོང་ཚད་རྒྱ་བསྐྱེད་པ་ལ་ནུས་པ་ཆེན་པོ་ཐོན་ཡོད། སྤྱིར་སྤྱི་ཚོགས་ནི་སྣ་མང་རྙོག་འཛིང་གི་སྐྱེ་ལྡན་གྱི་ལུས་གཟུགས་ཧྲིལ་པོ་ཞིག་ཡིན་ལ། དེ་ནི་སྣ་མང་རྙོག་འཛིང་གི་འཚོ་བས་གྲུབ་པ་ཁོ་ན་ཡིན་པས་རྩོམ་པ་པོས་གཏམ་རྒྱུད་ཀྱི་བྱུང་རིམ་དང་། འཕྲོས་དོན། ཡིད་འགྱུར་བཅས་ཀྱི་བརྗོད་པ་སྤེལ་མར་སྤེལ་བ་དེས་སྒྲུང་ཐུང་འདིའི་འཚོ་བ་དངོས་ཀྱི་ཟབ་ཚད་ཀྱང་མཐོ་རུ་བཏེགས་ཡོད།

  སྒྲུང་གཏམ་གྱི་མཇུག་སྡུད་སྟངས་ལ་རྨི་ལམ་གྱི་བཀོལ་འབྲི་སྤྱད་པ་འདི་ཡང་ཐབས་མཁས་ཀྱི་ལག་ཐབས་ཤིག་སྟེ། “རྨི་ལམ་དུ་ཁྱོད་ཀྱིས་རྟོལ་བུ་རྔ་ལོ་དེ་བཞོན་ནས་འུ་གཉིས་རྒྱུན་དུ་ཐུག་སའི་རི་སྒང་དེ་ན་འགྲོ་བཞིན་ཡོད་ལ། ངས་ནུས་ཤུགས་ཅི་ཡོད་བཏོན་ནས་བརྒྱུགས་ནའང་ཁྱོད་ཀྱི་རྗེས་མི་ཆོད”[4] པ་དང་། ཏག་ཏག་སྐབས་དེར་་རྟོལ་བུ་རྔ་ལོ་དེས་རྔ་ལ་དྲུག་མདོར་བསླངས་པ་དང་མཉམ་དུ་བར་སྣང་ལ་འཕུར་སོང་ཞེས་གཏམ་རྒྱུད་ལ་སྡོམ་ཚིག་བཞག་ཡོད། སྒྲུང་གཏམ་གྱི་སྤྱི་ཁོག་ནས་བལྟས་ན་འདི་ནི་སེམས་ཁམས་ཞིབ་འབྲི་གཙོ་བོར་བཟུང་བའི་སྒྲུང་གཏམ་ཞིག་ཡིན་ལ། ཀློག་པ་པོ་འགའ་རེས་སྒྲུང་གཏམ་འདི་ལ་སྙན་ངག་གི་བྲོ་བ་ཞིག་ཀྱང་འདུག་པར་བཤད་པ་འང་བདེན་ཤས་ཆེ་སྟེ། རི་མོ་ལྟ་བུའི་སེམས་ཁམས་ཀྱི་ཞིབ་འབྲི་འདི་དང་གཞོན་ནུ་ཕོ་མོ་གཉིས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རང་གཤིས་དང་། དུས་ཚོད་དང་བར་ཐག་གིས་བསྐྱུར་བའི་བརྩེ་བ་འདི་དུངས་བརྗོད་སྙན་ངག་གི་བརྗོད་བྱ་ཞིག་དང་། སྒྲུང་ཐུང་འདི་སྙན་ངག་གིས་མཚོན་པར་བྱས་ཚེ་དེ་ལའང་བྲོ་བ་གཞན་ཞིག་དང་ཁྱད་ཆོས་གཞན་ཞིག་འབྱུང་ངེས་རེད་ཨང་བསམ་སོང་།

  གཉིས་པ། སྒྲིག་གཞི་ཚགས་དམ་ལ་བྱུང་རིམ་བསྒྲིགས་ལེགས་པ།

  སྒྲིག་གཞི་དང་བྱུང་རིམ་ནི་སྒྲུང་གཏམ་གྱི་གྲུབ་ཆ་གལ་ཆེན་གཙོ་བོ་གཉིས་ཡིན་ལ། སྒྲིག་གཞི་ཚགས་དམ་ལ་བྱུང་རིམ་བསྒྲིགས་ལེགས་པ་དེས་སྒྲུང་གཏམ་དེ་ལེགས་འགྲུབ་བྱུང་ཡོད་མེད་ལ་ཚད་འཇལ་བྱེད་བཞིན་ཡོད། ཅུང་ལེགས་འགྲུབ་བྱུང་པའི་སྒྲུང་གཏམ་ཞིག་ཡིན་ན་དེ་ལ་ཁ་འཐོར་དུ་མ་སོང་བའི་སྒྲིག་གཞི་ཞིག་དང་། དྭངས་གཙང་གི་ཆུ་མིག་ཞིག་ལྟར་ལྷོད་བག་གིས་བཞུར་བའི་བྱུང་རིམ་ཞིག་དགོས།

  “ཅི་ཞིག་ལ་སྒྲིག་གཞི་ཟེར་རམ་ཞེ་ན། དེ་ནི་བརྩམས་ཆོས་ཀྱི་ཕུང་བོ་གྲུབ་སྟངས་ཤིག་ལ་བཤད་དེ། གསལ་པོར་བཤད་ན་མི་སྣ་གསར་བཟོ་དང་བརྗོད་བྱའི་བསྟན་དོན་མཚོན་པའི་དགོས་མཁོ་ལྟར། རྩོམ་མཁན་གྱིས་བློས་བསླངས་བྱས་ཟིན་པའི་མི་སྣ། དོན་རྐྱེན་སྣང་ཡུལ་སོགས་དྲང་སྲོལ་ཟུང་འབྲེལ། འཇགས་འགུལ་སྣོལ་སྡེབ། རྒྱས་བསྡུས་འཚམ་པ། གྲིམ་ལྷོད་རན་པའི་སྒོ་ནས་ཚོགས་ཤིང་འདུས་ཏེ་གཅིག་འདུ་འོས་མཚམས་ཆ་ཚང་བཅས་ཡིན་པའི་སྒྱུ་རྩལ་གྱི་ཕུང་བོ་ཞིག་སྒྲིག་པ་དེ་ལ་ཟེར་རོ།”[5]

  《ཁྱོད་གང་ན་ཡོད》ཞེས་པའི་སྒྲུང་ཐུང་འདིར། ང་ནི་རྫི་བོ་གཞོན་ནུ་ཞིག་སྟེ་རི་སྒང་ན་ཕྱུགས་ཟོག་འཚོས་ནས་ཡོད་ཅིང་། ཁྱོད་ནི་ཕྱུགས་རྫི་གཞོན་ནུ་མ་ཞིག་སྟེ། རི་དེའི་ཉིན་ངོས་ཀྱི་ལུང་མདོ་ན་ཕྱུགས་འཚོས་ནས་ཡོད་ཅིང་། ཕྱུགས་ཟོག་ཕན་ཚུན་འདྲེས་པ་ལས་ངོ་ཐུག་པ་དང་རིམ་བཞིན་ལབ་གླེང་གི་ཁྲོད་དང་མངོན་ལྐོག་གང་རུང་ནས་བརྩེ་དུང་ཆགས་པ། མཐར་ཡུལ་དུས་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གིས་ཁ་བྲལ་བའི་ཞེན་ཆགས་ཀྱི་སྒྲིག་གཞི་དང་བྱུང་རིམ་དེ་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་འདྲེས་ནས་ཡོད་པས་དབུགས་ཐེངས་གཅིག་གིས་བཀླགས་ཚར་འགྲོ་བའི་ཁྱད་ཆོས་ཤིག་མངོན་པར་ཐོན་འདུག འདི་ནི་སྒྲུང་གཏམ་གྱི་དགེ་མཚན་མངོན་གསལ་དོད་པོ་ཞིག་ཡིན་ཏེ། སྒྲུང་གཏམ་གྱི་བརྗོད་བྱ་སྨོས་ཅི། སྒྲིག་གཞི་དང་བྱུང་རིམ་གྱི་ཆ་ནས་ཀྱང་དགེ་མཚན་འདི་མངོན་པར་གསལ་ཡོད།

  ཕྱུགས་རྫི་བུ་མོ་དེས་ཐོག་མར་ཁ་མི་གྲགས་པ་དང་། དེ་ནས་ཕན་ཚུན་སེམས་གཏམ་བཤད་པ། མཇུག་མཐར་གཏན་བྲལ་དུ་སོང་བ་སོགས་བྱུང་རིམ་མཐོ་ནས་མཐོ་རུ་སླེབས་པ་འདིས་སྒྲུང་གི་སྤྱི་ཁོག་ལ་གསོན་ཤུགས་གཞན་ཞིག་བསྣན་འདུག་སྙམ།

  གསུམ་པ། སྐད་ཆ་ནི་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཙམ་ཡིན་པས་མི་ཆོག

  སྒྲུང་གཏམ་གྱི་སྐད་ཆ་ནི་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཙམ་ཡིན་པས་མི་ཆོག་པར། སྐད་ཆ་དེ་རབ་ཡིན་ན་མདོ་དབུས་ཁམས་གསུམ་ཚང་མས་གོ་ཐུབ་པ་ཞིག་དང་། སྐད་ཆ་དེ་ལ་ད་དུང་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་ཞིང་སྒྱུ་རྩལ་གྱི་འགུགས་ཤུགས་ལྡན་པའི་སྐྱེ་ལྡན་གྱི་ལུས་གཟུགས་ཧྲིལ་བོ་ཞིག་ཡོད་དགོས།

  “སྐད་ཆ་ནི་སྤྱི་ཚོགས་ཀྱི་ཆགས་པ་དང་བསྟུན་ནས་བྱུང་བར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གོང་དུ་འཕེལ་བ་རེད། དུས་རབས་བདུན་པའམ་བརྒྱད་པའི་གནའི་བོད་སྐད་ནས་ད་ལྟའི་བར་བོད་ཀྱི་སྐད་ཡིག་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཆེད་དུ་ཞིབ་འཇུག་མ་བྱས་ན་གོ་བ་ལེན་དཀའ་བའི་གནས་ལ་ཐུག”[6] ལྷག་པར་དུ་བོད་ཡུལ་མདོ་དབུས་ཁམས་གསུམ་ལ་མཚོན་ན། ཡུལ་ལུང་སོ་སོར་ཁ་འཐོར་དུ་གནས་པས་སྐད་ཆ་གཅིག་གྱུར་ཡོང་རྒྱུ་དེ་ཧ་ཅང་དཀའ་བའི་གནས་ཤིག་ཡིན་ལ། རྩོམ་པ་པོ་ཞིག་ལ་མཚོན་ན་མདོ་དབུས་ཁམས་གསུམ་ཚང་མས་གོ་བའི་ཐ་སྙད་དང་སྐད་ཆ་ཞིག་བཀོལ་རྒྱུ་ནི་དེ་བས་ཀྱང་དཀའ་ཁག་ཆེ་བ་ཞིག་རེད། སྐུ་ཞབས་ཚེ་རིང་དོན་གྲུབ་ལ་མཚོན་ན་དཀའ་ཁག་འདི་གདོང་གིས་བསུ་དགོས་བྱུང་། ཁོས་སྒྲུང་གཏམ་འབྲི་དུས་ཚིག་མཛོད་དུ་ཡོད་པའི་ཐ་སྙད་དང་དམངས་བྱིངས་ཀྱིས་ཁས་ལེན་པའི་མིང་ཚིག་དེ་དག་ལ་བསམ་གཞིགས་དང་བརྡར་ཤ་བཅད་ནས་བཀོལ་བ་ལས། གང་བྱུང་དུ་སུས་ཀྱང་མི་གོ་བའི་ཡུལ་ལུང་ཉི་ཚེ་བ་དག་བཀོལ་བར་ཧ་ཅང་འཛེམས། ད་དུང་ཁོས་སྒྲུང་གཏམ་དུ་བཀོལ་བའི་སྤྱི་ནས་ཁས་ལེན་ཞིང་ད་ལྟའི་གཞོན་རབས་མང་པོར་དེ་འདྲའི་ཆ་རྒྱུས་མེད་པའི་ཐ་སྙད་དམ་མིང་ཚིག་སྟེ། དཔེར་ན་མགོ་སྐྱོར་དང་རྩྭ་ཁྱིགས། ལག་ལ་ཞ། སྐྱ་རྐྱང་། བར་ཞག བྱ་བྱིས་སོགས་ལ་གང་ལ་གང་འཚམས་ཀྱིས་མཆན་བཏབ་ཡོད།

  “སྤྱིར་བཏང་ཡི་གེ་ནི་སྐད་ལ་བརྟེན་ནས་གྲུབ་ཅིང་། སྐད་དང་ཡི་གེ་གཉིས་ཡོངས་སུ་མཐུན་པ་ཞིག་ཡིན་ན་འགྲིག་མོད་ཀྱང་། ཡུལ་སྐད་ཀྱི་སྒྲ་མང་པོ་ཞིག་ཚིག་མཛོད་དུ་བཀོལ་མེད་པ་འདིས་བརྗོད་འདོད་ཀྱི་དོན་གང་ཞིག་སྟོན་པ་ལ་ཐ་སྙད་ཀྱིས་མི་འདང་བའི་དཀའ་ཁག་ལ་འཕྲད་ཡོང་།”[7]དེའི་ཕྱིར་རྒན་ཚེ་རིང་དོན་གྲུབ་ཀྱིས་འབྲོག་ལས་ཀྱི་ཚིག་མཛོད་ཅིག་ཡོད་ན་ཧ་ཅང་འགྲིག་པར་འདོད་ཅིང་། ད་ལྟ་དེའི་སྐོར་ལ་ཕངས་སེམས་དང་རེ་བ་ཆེན་པོ་རྒྱག་གིན་འདུག ལྷག་པར་དུ་སྒྲུང་གཏམ་གྱི་སྐད་ཆ་ནི་ཧ་ཅང་ཉིང་བཏུས་དང་རྣོ་ཟུར་ཅན། གཅིག་གྱུར་གྱི་རང་བཞིན་ཅན་ཞིག་ཡིན་དགོས་པ་ལས། ཆང་འཐུང་གི་བཟི་གཏམ་དང་ལོ་ལོན་གྱི་ཉོག་བཤད་ལྟ་བུ་ཞིག་ཡིན་ན་མི་འགྲིག ཚེ་རིང་དོན་གྲུབ་ཀྱིས“རྩོམ་རིག་གི་སྐད་ཆ་ནི་ཟས་ཀྱི་བྲོ་བ་དང་འདྲ།བྲོ་བ་ཞིམ་པོ་མེད་ཚེ་འཚོ་བཅུད་ཇི་འདྲ་བཟང་ཡང་ཟ་མཁན་ཉུང་།”ཟེར། དངོས་གནས་དེ་འདྲ་རེད་དེ། རྩོམ་རིག་གི་སྐད་ཆ་དང་ལྷག་པར་དུ་སྒྲུང་གཏམ་གྱི་སྐད་ཆ་ནི་ཚང་མས་གོ་སླ་བའི་བཞུ་སྦྱངས་ཀྱི་སྐད་ཆ་དེ་འདྲ་ཡིན་དགོས། དེའི་ཕྱིར་སྒྲུང་ཐུང་《ཁྱོད་གང་ན་ཡོད》ལྟ་བུར་མཚོན་ནའང་སྐད་ཆའི་བཀོལ་སྤྱོད་ཕུན་སུམ་ཚོགས་པ་རང་འདུག་སྟེ། དཔེར་ན“རེད་ཡ། ངེད་མིང་སྲིང་ཚང་མ་ས་འདིར་སྐྱེས་པ་ཡིན་པས་འགྲོ་འདོད་མེད་ནའང་ལོ་ལོན་རྒན་རྒོན་ཚོས་སྐྱེ་ས་སྐྱེ་ཡུལ་དྲན་ནས་མི་བཟོད་ཀི །རུས་པ་སྤར་མོ་གང་བོ་ས་མཐའ་འདི་རུ་མི་འཇོག་ཁོ་ཐག་ཡིན་ཟེར་ནས་ཨུ་ཚུགས་བྱས་པས་ང་ཚོར་ང་ཚོར་ཡང་ཐབས་བཀོད་མེད།”[8] ཟེར་བ་དང་། ཡང་“ཚང་མ་གཉིད་རྗེས་ང་ཐད་ཀར་ཁྱོད་ཀྱི་ཕུ་བོའི་རས་གུར་ནང་ལ་ཡོང་། ཁྱོད་ཀྱང་དེར་ཤོག ཡང་ན་ཁྱོད་སྔར་ནས་རས་གུར་ནང་ཉལ་བསྡད་ན་འགྲིག”[9] ལྟ་བུ་དེ་ཚང་མས་ཅུང་གོ་སླ་བའི་ཡིག་སྐད་དང་ཁ་སྐད་འདྲེས་མའི་སྤྱི་སྐད་ལྟ་བུ་ཞིག་ཆགས་ཡོད་པ་འདིས་མཚོན་ནོ།

  དེའི་ཕྱིར་སྐུ་ཞབས་ཧྥིན་ཡུས་ཀྲུའུ་ཡིས“སྤྱིར་སྐད་ཆ་ལ་རིགས་གཉིས་སུ་དབྱེ་བར་བྱ་སྟེ། གཅིག་ནི་ངག་ཐོག་གི་སྐད་ཆ་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཁ་ནས་རྒྱུན་དུ་བཤད་ཅིང་ཡིག་ཐོག་ཏུ་མ་བཀོད་པའི་སྐད་ཆ་དང་། ཅིག་ཤོས་ནི་ཡིག་ཐོག་གི་སྐད་ཆ་སྟེ། མི་རིགས་སྤྱིའི་ཐུན་མོང་གི་སྐད་ཆ་གཞིར་བྱས་པའི་སྟེང་དུ་ལས་སྣོན་བྱས་ཤིང་ཡིག་ཐོག་ཏུ་བཀོད་ཟིན་པའི་སྐད་ཚད་ལྡན་ཅན་ནོ།”[10] ཞེས་པའང་གོང་གི་ཚེ་རིང་དོན་གྲུབ་ཀྱི་སྐད་ཆའི་བཀོལ་སྤྱོད་འདི་འདྲར་དམིགས་པ་ཡིན་ལས་ཆེ།

  བཞི་བ། གཏམ་ལྷག་མ།

  སྒྲུང་གཏམ་ཞིག་ནི་འཇིག་རྟེན་ཞིག་སྟེ། དེའི་ནང་དུ་བྱ་དངོས་མང་པོ་ཞིག་དང་། དེའི་ཁྱབ་ཁོངས་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན། འདིར་ཆུང་ས་ནས་བཤད་ན། རྫི་བོ་གཞོན་ནུ་མ་དེའི་འོ་དྲི་དང་ལྕི་དྲི་དེས་ཁོར་ཡུག་ཅིག་གམ་འཚོ་བ་ཞིག་གཏན་ཁེལ་བྱས་ཟིན་པ་མ་ཟད། ཐ་ན་གཞན་དང་མི་མཚུངས་པའི་དམིགས་བསལ་གྱི་མི་སྣ་ཞིག་ཀྱང་ཞིབ་འབྲི་བྱས་ཚར་ཡོད། འདི་འདྲའི་མི་སྣའི་ཁྱད་ཆོས་གཙོ་བོ་གཅིག་བཟུང་བ་དེས་མང་པོ་འབྲི་མི་དགོས་པར། མི་སྣ་དེའི་གཟུགས་དབྱིབས་དང་ངོ་གདོང་རགས་རམ་ཙམ་བྲིས་པས་མི་སྣ་དེ་ཡོངས་འགྲུབ་བྱས་ཡོད་སྙམ། གཞན་ད་དུང་ན་གཞོན་རྫི་བོ་དེས“ང་ད་དུང་ཁྱོད་ཀྱི་འོ་དྲི་དང་ལྕི་དྲི་འདྲེས་མའི་དྲི་མ་དེ་ལ་ཤིན་ཏུ་དགའ།”ཞེས་པ་ལས་ཀྱང་རྫི་བོ་དེ་འབྲོག་ལས་ཁོ་ནའི་འཚོ་བ་ལས་རིང་དུ་གྱེས་ཡོད་པ་དང་། སྔོན་ཆད་རང་གིས་ཀྱང་ཁོར་ཡུག་འདི་ནས་འཚོ་བ་རོལ་མྱོང་བ་ཤེས་སུ་བཅུག

  གཞན་ཡང་ལོ་ལོན་རྒན་རྒོན་ཚོས་སྐྱེ་ས་སྐྱེ་ཡུལ་དྲན་ན་ཕྱིར་སོང་ཆོག་མོད། ཁོ་ཚོའི་བུ་རྒྱུད་དག་ས་འདི་ནས་སྐྱེས་ཤིང་ནར་སོན་པ་ཡིན་པས། ས་ཆ་འདི་ཁོ་ཚོའི་ཕ་ཡུལ་མིན་ནམ། ཁོ་ཚོས་ཅིའི་ཕྱིར་རང་གི་སྐྱེ་ས་སྐྱེ་ཡུལ་བསྐྱུར་ནས་གཞན་ཡུལ་དང་དུ་ལེན་དགོས་པ་རེད། འཚོ་གནས་ཀྱི་གདམས་ཀ་འདི་དང་། རིག་གནས་ཀྱི་གདོང་ཐུག་འདི་ཡང་སྒྲུང་ཐུང་འདིའི་ནང་གི་འགལ་འདུ་གཙོ་ཞིག་དང་། འགལ་འདུ་དེས་བསྐྱེད་པའི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་མིན་ད་དུང་སྔོན་ཆད་ཀྱི་ཁྱི་ཁ་གཙེ་བའི་ལོ་རྒྱུས་དེ། ད་ལྟ་ལྷ་སྒྲུང་ཙམ་དུ་གྱུར་པ་སོགས་སྒྲུང་ཐུང་ཞིག་གིས་དོན་དག་མང་པོ་ཞིག་བསྐྱར་དྲན་བྱེད་དུ་བཅུག་པ་འདི་ཡང་སྒྲུང་ཐུང་འདིའི་དགེ་མཚན་དང་ལེགས་ཆ་ཆེས་བཟང་པོ་ཞིག་ཏུ་བརྩི་དགོས་པ་སྨོས་མེད་ཡིན་ནོ། །

  མཆན།
      [1] [2] 谢有顺 《成为小说家》M山西出版传媒集团·北岳文艺出版社 2019 年 p005
      [3][4][8][9]《ཟླ་ཟེར》 2025 ལོའི་དེབ་དང་པོ།
      [5] ཧྥིན་ཡུས་ཀྲུའུ་ཡིས་བརྩམས། སངས་རྒྱས་ཀྱིས་བསྒྱུར།《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ།》M མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988 ལོའི་པར་ཐེངས་གཉིས་པ། ཤོག་ངོས 227 པར་གསལ། [10] ཤོག་ངོས 299 སྟེང་གསལ།
      [6]ཧྭ་ཁན། བསོད་ནམས་ཚེ་རིང་།《སྐད་བརྡ་རིག་པའི་སྤྱི་བཤད》M ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1998ལོའི་པར་ཐེངས3པ། ཤོག་ངོས09པར་གསལ།
      [7] དཔལ་མོ་རྒྱལ། 《བོད་ཀྱི་ཡུལ་སྐད་དང་ཡི་གེའི་འབྲེལ་བ་ཞིབ་འཇུག》 M མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ། ཤོག་ངོས 38 སྟེང་གསལ།

                                                                  2026 ལོའི《ཟླ་ཟེར》དེབ་དང་པོར་བཀོལ།

རྩོམ་སྒྲིག་པ། དབང་མོ།

  ​

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དུས་ཚོད་དང་བར་ཐག་གིས་བསྐྱུར་བའི་བརྩེ་བ།

2026-03-13 ཁྱུང་ཐར་རྒྱལ། (རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།