དེ་རིང་གི་ལྷ་ས།

                  ༡
གཏམ་རྒྱུད་ཅིག་ལོངས་སྤྱོད་དུ་རྔམས་པའི་དེ་རིང
ལོ་རྒྱུས་ཀྱི་ཡུགས་སར་གྱུར་བའི་ལྷ་ས
རྒོད་པོ་ཞིག་གི་གཤོག་སྟེང་ན་མེད
ཕོ་རྒོད་ཅིག་གི་སེམས་ལྗོངས་ནའང་མེད
                ༢
ལོ་རྒྱུས་ཀྱི་རྨ་ཁར་གྱུར་བའི་ལྷ་སར
བདེན་པའི་མིག་ཟུང་གིས་གསལ་བར་བལྟས་ཚེ
ཁོ་མོ་འཚོ་སྡོད་ཀྱི་གདངས་དབྱངས་ཁྲོད་ནས
རྒྱལ་སྲས་ཚངས་དབྱངས་པའི་བརྩེ་དུངས་ཤོར་སོང
མཛངས་མི་ལུང་ཤར་གྱི་ལུགས་སྒྱུར་ཤོར་སོང
དཔའ་བོ་དགེ་ཆོས་ཀྱི་གསར་བརྗེ་ཤོར་སོང
འདི་ལྟར་ཁོ་མོ་ལོ་རྒྱུས་ཀྱི་ཡུགས་སར་གྱུར་སོང
                 ༣
ཁེར་རྐྱང་ཁེར་རྐྱང་དུ་གྱུར་བའི་དེ་རིང་གི་ལྷ་ས
སྟོང་བ་སྟོང་བ་རུ་གྱུར་བའི་དེ་རིང་གི་པོ་ཏ་ལ
ཅི་ཡང་མེད་པའི་དབུལ་ཕོངས་ཀྱི་མི་ཚོགས
གནའ་གཏམ་གྱི་ལྗོངས་ཆེན་བརྒྱུད་ནས
རླུང་ཆེན་གྱི་གནམ་ས་བརྗེ་བའི་ད་ལྟ
ཡུགས་ས་མ་ཞིག  སྨད་འཚོང་མ་ཞིག  བྲན་གཡོག་མ་ཞིག་ཡིན་ས
                  ༤
དེ་རིང་གི་ལྷ་ས  མེ་ལོང་ཆག་རོ་ཞིག་གི་གདོང་ཁྲོད་ན
དབུས་པ་ཚོར   གཏམ་རྒྱུད་ཅིག་ཡིན་སོང
ཁམས་པ་ཚོར   གཡུལ་ས་ཞིག་ཡིན་སོང
ཨ་མདོ་ཚོར     གནའ་གཏམ་ཞིག་ཡིན་སོང
ལོ་རྒྱུས་ཀྱི་མཚན་ལྗོངས་ལྟ་བུའི་ད་ལྟ
རྒྱ་དང་ཕྱི་གླིང་བར་ལོངས་སྤྱོད་ཅིག་ཡིན་སོང
                   ༥
གནའ་སྔ་མོར་ལོ་རྒྱུས་ཀྱི་རྩེ་མོར་བུད་པའི་ང་ཡི་ལྷ་ས
ཡུགས་སར་གྱུར་བའི་དེ་རིང་གི་ལྷ་ས་ཡིན་སོང
བཙན་གཡེམ་ཐེབས་པའི་དེ་རིང་གི་ལྷ་ས་ཡིན་སོང
སྐྱ་བོར་གྱུར་བའི་ནམ་མཁའ་ཞིག་ཀློག་དུས་ཀྱི་ད་ལྟ
སྐྱིད་ཆུའི་གཞུང་ན་ང་ཡི་རྨི་ལམ་མི་འདུག
གཙང་བོའི་འགྲམ་ན་ང་ཡི་གླུ་སྐད་མི་འདུག
                    ༦
ལོ་རྒྱུས་ཀྱི་དགོད་སྒྲ་མཐོ་བའི་ནམ་མཁའ
སྙིང་སྟོབས་ཀྱི་དཔའ་མདངས་རྒྱས་པའི་ས་ཆེན
འབྱོར་ཕྱུག་གི་ལོ་ཟླ་སྤྱོད་པའི་བར་སྣང
རྨི་ལམ་ཞིག་གི་གདོང་ཁྲོད་ནས་བོར་བརླག་ཐེབས་སོང
སྡར་མ་ཞིག་གི་སེམས་ལྗོངས་ནས་གཏན་དུ་ཡལ་སོང
གཏམ་རྒྱུད་ཀྱི་ལག་ཟུང་བྲང་ཁར་སྦྱར་དུས
དེ་རིང་གི་ལྷ་ས     ཁེར་རྐྱང་ཡིན་སོ
                  ༧
པོ་ཏ་ལའི་ཐང་ཆེན་དང་དམར་པོ་རིའི་རྩེ་མོ་ནས
མཚོན་རྟགས་གཞན་ཞིག་གིས་བདག་ལ་ངོ་མཚང་བྲུས་ཤིང
བར་སྐོར་གླིང་དང་ལྷ་སའི་སྲང་ལམ་ཡོངས་རྫོགས་ནས
སྤྲང་ཚོགས་ཀྱི་ངོ་གདོང་དང་མིག་ཟུང་གི་ཉམ་ངས
བདག་གི་སྙིང་ཁམས་ཚལ་བར་བཤགས་སོང
འདི་ནི      དེ་རིང་གི་ལྷ་ས་ཡིན་སོང
              ༨
ཡུགས་སར་གྱུར་བའི་ཁོ་མོ
བཙན་གཡེམ་ཐེབས་པའི་ཁོ་མོ
བྲན་གཡོག་ཏུ་གྱུར་བའི་ཁོ་མོ
ལོ་རྒྱུས་ཀྱི་མུན་ནག་ལྗོངས་ནས   ཁེར་རྐྱང་གིས
ཀླ་ཀློའི་ལྗོངས་སུ་སྙེག་གིན་འདུག
རྗེས་ལུས་ཀྱི་ལྗོངས་སུ་སྙེག་གིན་འདུག
 
    2006ལོའི་སྤྱི་ཟླ་བདུན་པར་ལྷ་སར་ཡིད་ངོར་སྦྲུམ་ཞིང༌།
    20007ལོའི་སྤྱི་ཟླ་གསུམ་པར་རེབ་གོང་དུ་ཤོག་ངོར་བཙས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་ལྷ་ས།

2008-12-24 གསར་བརྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།