ད་ལོའི་དགུན་ཟླ་འདིར།

ཁེར་རྐྱང་ཁེར་རྐྱང་གི་གནམ་ས་ཞིག་གི་ངོ་གདོང
གཏམ་རྒྱུད་ཅིག་ལྟར་རོལ་དུས
གནམ་འོག་གི་ང    ཁེར་རྐྱང་གི་ང
ཕ་ཡུལ་གྱི་སྨུག་སྤྲིན་གསེབ་ལ་ལྷུང་སོང
 
གཏམ་རྒྱུད་མངོན་སུམ་ལྟར་ཀློག་པའི་ཕ་ཡུལ
སྨུག་སྤྲིན་གྱིས་ཐལ་བར་གྱུར་བའི་ལྗོངས་ཤིག་ཨང
ད་ལྟ     ངས་རེ་ཞིང་བསྙེག་པའི་འཁོར་བ
རྨི་ལམ་གྱི་ངོ་གདོང་དང་དེའི་ཡང་སྙིང་འདྲ་ཨང
བསམ་བློ་ཅི་ཙམ་བཏང་བའི་གོ་རིམ་ཁྲོད་ཀྱི་དེ་དག
ད་ལོའི་དགུན་ཟླ་འདིའི་ངོ་གདོང་གི་རྒས་གཉེར་ཁྲོད་དུ
སྐྱོ་ཞིང་སྡུག་པའི་གཏམ་རྒྱུད་ཅིག་བསྐྲུན་པ་དེ་ལོས་ཡིན
 
ཁ་སང་རྨི་ལམ་ཞིག་ལྟར་གྱུར་བའི་ད་ལྟ
སྙིང་ཁོངས་སུ་འབྲི་བར་འདོད་པ་དེ་དག་གི་ལམ་བུ
ཁེར་རྐྱང་ཁེར་རྐྱང་གི་ངུ་ཤུམ་ཁྲོད་ནས
ང་དང་རྒྱང་རིང་རྒྱང་རིང་གི་མངའ་ཐང་ཞིག
ད་ལོའི་དགུན་ཟླ་འདི    མི་ཚེ་ཁེར་རྐྱང་འདི
སྡུག་བསྔལ་གྱིས་གཏོང་བ་ངའི་ཐོབ་སྐལ་ཡིན་སོང
 
རྨི་ལམ་ཞིག་སྐྱོ་སྡུག་གིས་བཏུས་པའི་འཁོར་བ
རང་དབང་གི་མེ་ལོང་སྔོན་པོ་གས་ཤིང་ཆགས་པས་ཡིན་སོང
ཐག་རིང་ཞིག་རྨི་ལམ་དུ་འཇོག་པའི་སྤོབས་པ་དེ
ལོངས་སྤྱོད་ཅིག་ལྟར་འདོད་པའི་སེམས་ལྗོངས
ད་ལྟ    མུན་པ་འཐུག་པོ་ཞིག་གི་རྒྱལ་ཁམས་ཨང
བྱིས་བློ་ལྟ་བུའི་བསམ་ཚུལ་ཁོ་ནས
མང་པོ་མང་པོ་ཞིག་རང་ལ་ཉེ་བར་བྱས་ཀྱང
གོམ་པ་བརྩེགས་པའི་མངའ་ཐང་ཁྲོད་དུ་གྲུབ་ཀྱིན་པ
ཐག་རིང་ཐག་རིང་ཞིག་གི་གཏམ་རྒྱུད་ཁོ་ན་རེད
ཡིད་ཀྱི་གཞི་རུ་ཆས་འོང་བའི་ཁེར་རྐྱང
གནམ་ས་ལྟ་བུའི་ཆེན་པོ་ཞིག་གི་གཅོང་རོང་ཞིག
མིག་ཟུང་འབྱེད་བཙུམ་གྱིས་སྙིང་ལ་གྲུབ་པ
མིག་ཆུའི་ཀློང་ན་མཁོ་ལག་རྒྱས་པའི་བུ་མོ་དེ་ཨང
 
གྲང་ངར་གྱི་ཀློང་དུ་ཁེར་རྐྱང་ཁེར་རྐྱང་ངང
ཚ་དྲོད་ཀྱི་བདེ་བ་རྫོགས་པའི་གནས་ཤིག་བསམ་ན
འཆི་བ་ཞེས་པའི་ལས་སྦྱོར་ཞིག་ཀྱང་གྲུབ་ཀྱིན་འོང
ཡིན་ན་འང བསམ་པའི་ཀློང་དུ་འགྲོ་བར་གོམས་པ
ཞེན་ཆགས་ཀྱི་ས་ཆེན་ཞིག་མི་བསྐྲུན་རང་དབང་མེད་པ་དེ་ཨང
                    
                     2007.1.1ནམ་གུང་རེབ་གོང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་ལོའི་དགུན་ཟླ་འདིར།

2008-12-24 གསར་བརྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།