དྲ་ཁང་ནང་གི་ཆིག་ལབ་ཁ་ཤས།

     ཆིག་ལབ་དང་པོ།
དེ་རིང འོད་ཟེར་གྱི་ལག་པས་མུན་ནག་གི་ངོ་གདོང་བྲུས་འོང་ན
སང་ཉིན སྐྱ་རེངས་ཀྱི་འཇིག་རྟེན་མུན་པའི་ཁྲོད་བཀྱགས་ཡོང་ངམ

   ཆིག་ལབ་གཉིས་པ།
རྒྱུགས་ཐག་ཆོད་ཀྱི་རྟ་ཕོ་འགའ
སྒ་སྲབ་དང་བཅས་ཏེ་བོར་སོང་ན
རྐུན་མ་རྐུན་མ་རེད་ཟེར་ཕོད་མཁན་གྱི་རྟ་བདག་སུ་སུ་ཡོད

   ཆིག་ལབ་གསུམ་པ།
སྤྱང་ཀི་འཆར་གཞི་ལྡན་པའི་སྒོ་ནས་ལུག་ཁྱུར་རྒྱུགས་ཆོག་ན
ལུག་རྫིས་ལག་ཆ་མེད་པའི་སྒོ་ནས་རི་ཐང་ཀུན་ནས་ཀི་བཏབ་ན་ལོས་ཆོག

    ཆིག་ལབ་བཞི་བ།
བདེན་ལུགས་ཀྱི་རྣ་བས་ཉན་ཉན་ལ་རྫུན་བཤད་ཀི་མ་འདུག
འདྲ་མཉམ་གྱི་མིག་གིས་རིག་རིག་ལ་སྣོག་རྒྱག་གི་མ་འདུག
མིའི་རིགས་ཀྱིས་ཁྱོད་ལ་བལྟས་འདུག
རང་བྱུང་ཁམས་ཀྱང་ཁྱོད་ལ་ཧད་འདུག

     ཆིག་ལབ་ལྔ་བ།
དབང་བོ་རྣམ་ལྔ་མ་དབང་ནའང
དོན་ལྔ་སྣོད་དྲུག་ཁྱེར་སོང་ནའང
རྣམ་ཤེས་ཀྱི་དྭངས་མ་གཏན་དུ་བདག་ལ་དབང་ངོ

    ཆིག་ལབ་དྲུག་པ།
རང་དབང་ཁྲི་ལོར་ཤོག མིའི་རིགས་ཁྲི་ལོར་ཤོག
བདེན་ལུགས་ཁྲི་ལོར་ཤོག དམངས་གཙོ་ཁྲི་ལོར་ཤོག
བདག་གི་ཤ་གསེང་གི་ཁྲག་རྒྱུན་འདི་ཁྲི་ལོར་ཤོག
ཁྲི་ལོར་ཤོག ཁྲི་ལོར་ཤོག
             2008.4.24ཉིན་ལན་དྲུག་ནས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་ཁང་ནང་གི་ཆིག་ལབ་ཁ་ཤས།

2009-01-09 ཐེའུ་རང་། ཀློག་གྲངས། མཆན ཡོད།

     ཆིག་ལབ་དང་པོ།
དེ་རིང འོད་ཟེར་གྱི་ལག་པས་མུན་ནག་གི་ངོ་གདོང་བྲུས་འོང་ན
སང་ཉིན སྐྱ་རེངས་ཀྱི་འཇིག་རྟེན་མུན་པའི་ཁྲོད་བཀྱགས་ཡོང་ངམ

   ཆིག་ལབ་གཉིས་པ།
རྒྱུགས་ཐག་ཆོད་ཀྱི་རྟ་ཕོ་འགའ
སྒ་སྲབ་དང་བཅས་ཏེ་བོར་སོང་ན
རྐུན་མ་རྐུན་མ་རེད་ཟེར་ཕོད་མཁན་གྱི་རྟ་བདག་སུ་སུ་ཡོད

   ཆིག་ལབ་གསུམ་པ།
སྤྱང་ཀི་འཆར་གཞི་ལྡན་པའི་སྒོ་ནས་ལུག་ཁྱུར་རྒྱུགས་ཆོག་ན
ལུག་རྫིས་ལག་ཆ་མེད་པའི་སྒོ་ནས་རི་ཐང་ཀུན་ནས་ཀི་བཏབ་ན་ལོས་ཆོག

    ཆིག་ལབ་བཞི་བ།
བདེན་ལུགས་ཀྱི་རྣ་བས་ཉན་ཉན་ལ་རྫུན་བཤད་ཀི་མ་འདུག
འདྲ་མཉམ་གྱི་མིག་གིས་རིག་རིག་ལ་སྣོག་རྒྱག་གི་མ་འདུག
མིའི་རིགས་ཀྱིས་ཁྱོད་ལ་བལྟས་འདུག
རང་བྱུང་ཁམས་ཀྱང་ཁྱོད་ལ་ཧད་འདུག

     ཆིག་ལབ་ལྔ་བ།
དབང་བོ་རྣམ་ལྔ་མ་དབང་ནའང
དོན་ལྔ་སྣོད་དྲུག་ཁྱེར་སོང་ནའང
རྣམ་ཤེས་ཀྱི་དྭངས་མ་གཏན་དུ་བདག་ལ་དབང་ངོ

    ཆིག་ལབ་དྲུག་པ།
རང་དབང་ཁྲི་ལོར་ཤོག མིའི་རིགས་ཁྲི་ལོར་ཤོག
བདེན་ལུགས་ཁྲི་ལོར་ཤོག དམངས་གཙོ་ཁྲི་ལོར་ཤོག
བདག་གི་ཤ་གསེང་གི་ཁྲག་རྒྱུན་འདི་ཁྲི་ལོར་ཤོག
ཁྲི་ལོར་ཤོག ཁྲི་ལོར་ཤོག
             2008.4.24ཉིན་ལན་དྲུག་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།