བཙན་གྱིས་བཙིར་ནས་ཡོང་བའི་སྙན་ངག

སྙན་ངག་ལྷོད་ཀྱིས་འབྲི་བའི་ལོ་ཟླ་དེ་ཚར་སོང་ན
སྐྱག་པ་གཏོང་བ་ལྟར་བཙིར་རྒྱུ་དེ་ཡང་དཀའ་མོ་ཞིག་རེད
ཆུང་མའི་མིག་མདངས་དང་བུ་ལོའི་ངོ་མདངས་བསྲུངས་ནས་རྒས་འགྲོ་ཚུལ
ཁྱོད་དང་བཅས་པའི་ངའི་སྙན་ངག་ལ་དགའ་མཁན་དག་ལ་མཚོན་ནས་བཤད་ན
ནམ་ཞར་ཡང་ཁས་ལེན་དཀའ་བའི་ཚོད་དུ་ཡོད་ན་ཐང་མོད
ཆང་གི་ཚབ་ཏུ་ཇ་དང་གླུ་ཡི་ཤུལ་ཏུ་མ་ཎི་བགྲངས་ནས་ཉི་མ་གཏོང་ཚུལ་འདི
སྙན་ངག་པ་ཞིག་གི་ཁ་སང་དེ་རིང་ཡིན་པ་སུ་ཡིས་ཤེས

རྩོམ་ཁུངས། འབྲོང་ཕྲུག་གི་ཧི་གཟུགས་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཙན་གྱིས་བཙིར་ནས་ཡོང་བའི་སྙན་ངག

2009-01-05 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

སྙན་ངག་ལྷོད་ཀྱིས་འབྲི་བའི་ལོ་ཟླ་དེ་ཚར་སོང་ན
སྐྱག་པ་གཏོང་བ་ལྟར་བཙིར་རྒྱུ་དེ་ཡང་དཀའ་མོ་ཞིག་རེད
ཆུང་མའི་མིག་མདངས་དང་བུ་ལོའི་ངོ་མདངས་བསྲུངས་ནས་རྒས་འགྲོ་ཚུལ
ཁྱོད་དང་བཅས་པའི་ངའི་སྙན་ངག་ལ་དགའ་མཁན་དག་ལ་མཚོན་ནས་བཤད་ན
ནམ་ཞར་ཡང་ཁས་ལེན་དཀའ་བའི་ཚོད་དུ་ཡོད་ན་ཐང་མོད
ཆང་གི་ཚབ་ཏུ་ཇ་དང་གླུ་ཡི་ཤུལ་ཏུ་མ་ཎི་བགྲངས་ནས་ཉི་མ་གཏོང་ཚུལ་འདི
སྙན་ངག་པ་ཞིག་གི་ཁ་སང་དེ་རིང་ཡིན་པ་སུ་ཡིས་ཤེས

རྩོམ་ཁུངས། འབྲོང་ཕྲུག་གི་ཧི་གཟུགས་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།