ཁ་གཏད་དུ་བརྗོད་འདོད་པ།

ངོ་མཚར་བའི་རྨི་ལམ་དེ་རྨིས་པ་ནས་བཟུང
ཁྱོད་ཀྱིས་རང་ལས་གཞན་མི་བསམ་པར
ང་ཚོ་དང་བྲལ་ནས
ང་ཚོའི་རྒྱབ་ལྗོངས་ན་འཕུར་བའི་ཉམ་ཆུང་གི་གཏམ་རྒྱུད་དག་བརྗེད་ནས
ཁོད་ཡངས་ཤིང་སྐྲག་མི་དགོས་པའི་གཞན་གྱི་གར་སྟེགས་སྟེང་དུ
ཁྱད་མཚར་གྱི་འཁྲབ་སྟོན་བྱེད་ཀྱིན་པ་མཐོང
ན་ཟུག་གི་གཏམ་དག་ཞན་ལ་ངོ་སྤྲོད་བྱེད་ཀྱིན་པ་ཐོས
ཨ---ཨ སྐབས་འདིར་ངས་བར་སྣང་ལ་གླུ་ཇི་ལྟར་ལེན་དགོས་པ་མ་ཤེས
ཨ---ཨ ཡུན་རིང་ལ་བརྗོད་མི་ཤེས་པའི་སྐྱོ་སྣང་ཅིག་གིས་ཀུན་ནས་གཅུན
སྐབས་འདིར ངས་ཏག་ཏག་ཁ་སང་གི་ཁྱོད་དྲན་བྱུང
དྭངས་གཙང་གི་ཁྱོད་དྲན་བྱུང
གཞུང་དྲང་གི་ཁྱོད་དྲན་བྱུང

བདག་གི་སྣང་ངོར་ནམ་ཡང་ཡལ་བ་མེད་པའི་ཁྱོད་རང
གཞན་གྱི་གཉའ་གནོན་ཡིན་པ་ལའང་སོམ་ཉི་ཟ་འོང
གང་ལྟར མཚན་མོ་ཞིག་གི་རྨི་ལམ་བདག་ཏུ་བཟུང་ནས
ལོ་ངོ་རེ་འགའ་འདས
ལོ་འདི་གར་ཁྱོད་ཀྱིས་གཞན་གྱི་གར་སྟེགས་སྟེང་དུ
མི་སྡུག་པའི་ཁྱད་མཚར་གྱི་འཁྲབ་སྟོན་བྱས་ཚར
གསང་བའི་སྐད་ཆ་གཞན་ལ་ངོ་སྤྲོད་བྱས་ཚར
ལོ་འདི་གར ངེད་ཅག་གི་མགོ་ཐོག་ཏུ་གདུག་རྩུབ་གྱི་ཆར་བ་བབས་པ་མང
ཁྱོད་ཀྱིས་རང་དང་ཉེ་བའི་ཡུལ་ལྗོངས་དེ་རིགས་་སྙིང་རྗེ་མེད་པ་ཅི?
ད་ནི ང་དང་བཅས་པའི་ན་ཟུག་གི་སྙན་ངག་དག་ནན་གྱིས་བཀླགས་རོགས

སྐྱོ་གླུ་ཅིག་ཉིན་དང་མཚན་ལ་ཨ་ཐང་མེད་པར་གྲགས་ཀྱིན་འདུག
སྙན་ངག་པ་ཞིག་གི་སེམས་ཀྱི་ན་ཟུག་དུས་སྐབས་གང་རུང་ཡིག་ངོར་ཕབ་གྱིན་འདུག

ཆུ་མོ་བཞུར་སྟངས་དེས་ཁྱོད་ལ་ཅི་ཞིག་གི་སྨྲ་བ་སྦྱིན་སོང  
གནམ་གཤིས་འགྱུར་ལྡོག་དེས་ཁྱོད་ལ་ཅི་ཞིག་གི་བསམ་གཞིག་གི་འདྲི་རྟགས་བསྐྱལ་ཡོང
ད་དུང དེ་དག་གི་ཕ་རོལ་ན
ཀུ་ཅོ་འདོན་མཁན་དང་སྡུག་ཉམས་སྟོན་མཁན་དེ་དག་མཐོང་ན
ཁྱོད་ཀྱིས་རང་ཉིད་མི་ཞིག་ཡིན་མིན་ལ་སོམ་ཉི་མི་ཟའམ?

ད་ནི ཁྱོད་ཀྱིས་རང་ཉིད་ཀྱི་ལྗིད་ཚད་འཇལ་རན་འདུག
གླུ་སྐད་དེ་དག་གིས་གདངས་དབྱངས་ཀྱང་ཚོལ་རན་འདུག
                                                 ༠༨/༥/༢༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་གཏད་དུ་བརྗོད་འདོད་པ།

2009-01-04 མེ་ལོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།