སྡུག་བསྔལ་བ།

སྨྲ་ཤེས་དོན་གོ་བའི་སྐྱེ་བོ་ཡོད་དོ་ཅོག་གིས།
འཇིག་རྟེན་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ཟེར།
ཁྱོད་དང་ང་ཡིས་ཀྱང༌།
ད་བར་དུ་སེམས་སུ་དེ་ལྟར་འདོད་ཅིང་ངག་ནས་ཀྱང་དེ་ལྟར་དུ་བཟླས།
ཡིན་ནའང༌། ནམ་ཞིག་རང་ཅག་རྒྱུན་ཆགས་ཀྱི་བག་ཆགས་དེ་ཉིད་ལས་ཧར་གྱིས་སད་ནས།
ཆོས་ཀུན་གཞི་མེད་རྩ་བྲལ་དུ་གོ་བར་བྱས་ཏེ།
དངོས་མེད་སྒྱུ་མའི་གཟུགས་བརྙན་དེ་དག
འོད་གསལ་སྣང་བའི་མེ་ལོང་ནང་ལ་འཆར་དུ་བཅུག་པས།
ཆེས་མཐར་ཐུག་གི་གནས་ལུགས་དང་བདེན་པ་ཡོད་ཚད་མངོན་སུམ་དུ་གསལ་བར་གྱུར།
དེ་བས། སྐད་ཅིག་ཐང་ཅིག་གི་དུས་ཡུན་འདིར།
རང་ཅག་གི་འཇིག་རྟེན་ན་སྐྱེ་རྒ་ན་འཆིའི་འཇིགས་སྐྲག་དང་སྡུག་བསྔལ་མེད་ཅིང༌།
རང་ཅག་གི་འཇིག་རྟེན་འདི་བདེ་བ་ཅན་གྱི་ཞིང་ཁམས་ལས་ཀྱང་སྐྱིད།
རང་ཅག་ཁོ་ནར་དབང་བའི་འཇིག་རྟེན་འདི་ནས།
ཁྱོད་དང་ང་ཡིས་རང་སེམས་ཀྱི་དྲི་མ་ཡོད་ཚད་དམིགས་མེད་དུ་བསལ་ཏེ།
རང་ལུས་གཉིས་པོ་འོད་གསལ་ཆོས་ཀྱི་སྐུ་རུ་སྤྲུལ་ནས།
ཁ་སྦྱོར་བདེ་སྟོང་གི་ཕྱག་རྒྱར་ཚིམས་མེད་དུ་རོལ།
ཡིན་ནའང༌། གློ་བུར་གློ་བུར་དུ།
ཁྱོད་ཀྱིས་ཁ་ཅི་ཡང་གྲགས་པར།
བདག་ལ་བལྟས་ནས་མིག་ཆུ་ཐིགས་པ་ཁ་ཤས་ས་རུ་གཏོར་ཞིང༌།
བདག་གིས་ཀྱང་ནམ་ཡང་ཁྱོད་དང་ཁ་བྲལ་རྗེས།
བཀླགས་མི་ཚར་བའི་སྙན་ངག་རྫོགས་མེད་ཅིག་འབྲི་བར་བྱེད།
འདི་ཡིས་དོམ་དན་རང་ཅག་གི་ཅི་ཞིག་མཚོན་གྱིན་ཡོད་དམ། 
                                               2008.7.12ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུག་བསྔལ་བ།

2008-12-31 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

སྨྲ་ཤེས་དོན་གོ་བའི་སྐྱེ་བོ་ཡོད་དོ་ཅོག་གིས།
འཇིག་རྟེན་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ཟེར།
ཁྱོད་དང་ང་ཡིས་ཀྱང༌།
ད་བར་དུ་སེམས་སུ་དེ་ལྟར་འདོད་ཅིང་ངག་ནས་ཀྱང་དེ་ལྟར་དུ་བཟླས།
ཡིན་ནའང༌། ནམ་ཞིག་རང་ཅག་རྒྱུན་ཆགས་ཀྱི་བག་ཆགས་དེ་ཉིད་ལས་ཧར་གྱིས་སད་ནས།
ཆོས་ཀུན་གཞི་མེད་རྩ་བྲལ་དུ་གོ་བར་བྱས་ཏེ།
དངོས་མེད་སྒྱུ་མའི་གཟུགས་བརྙན་དེ་དག
འོད་གསལ་སྣང་བའི་མེ་ལོང་ནང་ལ་འཆར་དུ་བཅུག་པས།
ཆེས་མཐར་ཐུག་གི་གནས་ལུགས་དང་བདེན་པ་ཡོད་ཚད་མངོན་སུམ་དུ་གསལ་བར་གྱུར།
དེ་བས། སྐད་ཅིག་ཐང་ཅིག་གི་དུས་ཡུན་འདིར།
རང་ཅག་གི་འཇིག་རྟེན་ན་སྐྱེ་རྒ་ན་འཆིའི་འཇིགས་སྐྲག་དང་སྡུག་བསྔལ་མེད་ཅིང༌།
རང་ཅག་གི་འཇིག་རྟེན་འདི་བདེ་བ་ཅན་གྱི་ཞིང་ཁམས་ལས་ཀྱང་སྐྱིད།
རང་ཅག་ཁོ་ནར་དབང་བའི་འཇིག་རྟེན་འདི་ནས།
ཁྱོད་དང་ང་ཡིས་རང་སེམས་ཀྱི་དྲི་མ་ཡོད་ཚད་དམིགས་མེད་དུ་བསལ་ཏེ།
རང་ལུས་གཉིས་པོ་འོད་གསལ་ཆོས་ཀྱི་སྐུ་རུ་སྤྲུལ་ནས།
ཁ་སྦྱོར་བདེ་སྟོང་གི་ཕྱག་རྒྱར་ཚིམས་མེད་དུ་རོལ།
ཡིན་ནའང༌། གློ་བུར་གློ་བུར་དུ།
ཁྱོད་ཀྱིས་ཁ་ཅི་ཡང་གྲགས་པར།
བདག་ལ་བལྟས་ནས་མིག་ཆུ་ཐིགས་པ་ཁ་ཤས་ས་རུ་གཏོར་ཞིང༌།
བདག་གིས་ཀྱང་ནམ་ཡང་ཁྱོད་དང་ཁ་བྲལ་རྗེས།
བཀླགས་མི་ཚར་བའི་སྙན་ངག་རྫོགས་མེད་ཅིག་འབྲི་བར་བྱེད།
འདི་ཡིས་དོམ་དན་རང་ཅག་གི་ཅི་ཞིག་མཚོན་གྱིན་ཡོད་དམ། 
                                               2008.7.12ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།