མཚན་མོ་དེར།

སྐར་ཚོགས་ཀྱི་ཁྲོད་ནས
བཅོ་ལྔའི་ཟླ་བ་ཁེར་འགྲོ་དེ་མཐོང་དུས།
ཡིད་དགའ་བའི་མཚན་མོ་དེ་དྲན་ཞིང༌།
ངེད་གཉིས་ཁོ་ནར་གསལ་བའི་དོན་དེ།
སེམས་སུ་འཆར།
མཚན་མོ་དེར།
བཅོ་ལྔའི་གནས་སྐོར་ལ་འགྲོ་བའི་མཚན་མོ་དེར།
ཁྱེད་ཀྱི་སེམས་གཏིང་ནས་བརྗོད་འདོད་པའི།
སྙིང་གཏམ་གང་མང་ཞིག
བསམ་པའི་རུམ་ཁ་ནས་ངའི་སེམས་སུ་བཙུད།
ང་གཉིས་སེམས་པ་ངོ་བོ་གཅིག་ལ་གྱུར།
ཁྱེད་ཉིད་ང་ལ་དུང་བའི་རྣམ་འགྱུར་དེས།
ངའི་སེམས་པ་རྩ་བ་ནས་བཟི་སོང༌།
བརྩེ་དུང་གི་མེ་ཏོག་གསར་བཞད་ལ
ངས་འགོག་ཐབས་མ་རྙེད།
ཡིད་སྐྱོ་བ་ཞིག་ལ།
བཅོ་ལྔའི་གནས་སྐོར་དེ
ཡིད་ཕམ་པ་ནི།
མཚན་མོ་དེར།
གནས་སྐོར་རམ་སྤྲོ་འཁྱམ།
ངས་ཅི་ཡིན་བརྗོད་མ་ཤེས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་དེར།

2008-12-31 ཚེ་རིང་དར་རྒྱས། ཀློག་གྲངས། མཆན ཡོད།

སྐར་ཚོགས་ཀྱི་ཁྲོད་ནས
བཅོ་ལྔའི་ཟླ་བ་ཁེར་འགྲོ་དེ་མཐོང་དུས།
ཡིད་དགའ་བའི་མཚན་མོ་དེ་དྲན་ཞིང༌།
ངེད་གཉིས་ཁོ་ནར་གསལ་བའི་དོན་དེ།
སེམས་སུ་འཆར།
མཚན་མོ་དེར།
བཅོ་ལྔའི་གནས་སྐོར་ལ་འགྲོ་བའི་མཚན་མོ་དེར།
ཁྱེད་ཀྱི་སེམས་གཏིང་ནས་བརྗོད་འདོད་པའི།
སྙིང་གཏམ་གང་མང་ཞིག
བསམ་པའི་རུམ་ཁ་ནས་ངའི་སེམས་སུ་བཙུད།
ང་གཉིས་སེམས་པ་ངོ་བོ་གཅིག་ལ་གྱུར།
ཁྱེད་ཉིད་ང་ལ་དུང་བའི་རྣམ་འགྱུར་དེས།
ངའི་སེམས་པ་རྩ་བ་ནས་བཟི་སོང༌།
བརྩེ་དུང་གི་མེ་ཏོག་གསར་བཞད་ལ
ངས་འགོག་ཐབས་མ་རྙེད།
ཡིད་སྐྱོ་བ་ཞིག་ལ།
བཅོ་ལྔའི་གནས་སྐོར་དེ
ཡིད་ཕམ་པ་ནི།
མཚན་མོ་དེར།
གནས་སྐོར་རམ་སྤྲོ་འཁྱམ།
ངས་ཅི་ཡིན་བརྗོད་མ་ཤེས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།