མཚོ་སྔོན་པོ།

ཕུན་ཚོགས་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-14

མཚོ་སྔོན་པོ།
དུས་རབས་ཀྱི་དགོད་སྒྲ་ལྟེམས་སའི་འཁྱིལ་བའི་འཛུམ་མདངས་ཇི་བཞིན།
མིའི་རིགས་ཀྱི་ལོ་རྒྱུས་གསལ་བར་བྱེད་པའི་མེ་ལོང་ཇི་བཞིན།
ངས། མི་ལོ་སུམ་ཅུའི་སྦྱང་བརྡར་དང༌།
བསམ་བློ་རྣལ་མའི་གོང་ཁ་ནས།
ཁྱེད་ཀྱི་ཡང་སྙིང་གསལ་བོར་ཚོར་བྱུང༌།
ངས། ཁ་བ་ལྷབ་ལྷུབ་འབབ་པའི་ཞོགས་པ་ཞིག་ལ།
ཁྱེད་ཀྱིས་འཕག་འཚག་གི་ང་རོ་ཐོས།
མཚོ་སྔོན་པོ།
བསྐལ་བ་ཡ་ཐོག་གི་བྱུང་བ་དག་ནི།
ཁྱེད་ཀྱི་གཏིང་རིམ་ན་ལྷོད་ཀྱིས་འཁྱིལ་ལ།
གེ་སེར་བདུད་རྒྱལ་གྱི་མཛད་རྗེས་མ་ལུས།
ཁྱེད་ཀྱི་སེམས་ངོགས་ན་ཤུགས་ཀྱིས་འཕྱོ།
ད་དུང་སྤྲེལ་སྲིན་གྱི་འོ་ཞོའི་མདངས་ལས་འཕྱུར་བའི་རིགས་ཀྱི་མེ་ཏོག
ཁྱེད་ཀྱི་ནེའུ་གསིང་གི་ཁྱོན་ན་མཛེས་སྡུག་གིས་བཞད།
མཚོ་སྔོན་པོ།
ས་ཆེན་པོའི་ཁྱོན་ན།
ཁྱེད་ཀྱི་གཟི་བརྗིད་བློ་ངོར་ཤོང་བ་མིན།
དགུང་སྔོན་གནམ་ལ་ཅོ་འདྲི་བའི་ཉི་ཟླའི་གནས་མལ།
ས་དོག་མོའི་སྙིང་རྩ་འདར་བའི་འཇིགས་རུང་གི་ལྷ་ཆུ་དྭངས་མོ།
ཁྱེད་ཀྱི་རྟོགས་བརྗོད་རིང་མོའི་ཞབས་རྗེས།
མཚོ་སྙིང་མ་ཧཱའི་ཐང་ཀ་ནས་གསལ།
ལོ་ཟླའི་འཁོར་བསྐྱོད་ལས།
དྭངས་གསལ་གྱི་རང་གཤིས་ལ་དྲི་མས་མ་སྦག་པས།
ངོ་མ། ཁྱེད་ལ་སྨོན་པ་འུད་ཀྱི་ཆ་འདྲེས་རེ་སྐན།
མཚོ་སྔོན་པོ།
ངའི་ཡིད་ཀྱི་སྐྱེད་ཚལ་ན་དུས་བཞིར་འགྱུར་མེད་བཞད་པའི་ཆུ་སྐྱེས་པད་མ།
ངའི་མིག་གི་མཐོང་ལམ་ན་ཡལ་མེད་རྟག་བརྟན་གནས་པའི་ཞིང་ཁམས་སྐྱིད་པོ།
ཁྱེད་དང་མཇལ་བའི་ཉིན་ནས།
ངའི་མིང་སྲིང་ཚོས་རང་ངོ་ཟིན་ཡོད་ལ།
ཁྱེད་དང་ཕྲད་པའི་ཉིན་ནས༌།
ངས་མེས་པོ་ཚོའི་མཛད་རྗེས་ལ།
གསེར་མདོག་གི་གསོན་ཤུགས་འབར་བ་ཚོར།
མཚོ་སྔོན་པོ།
དུས་ནམ་ཞིག་ལ།
ཁྱེད་ཀྱི་སྔོ་དྭངས་དྭངས་ཀྱི་སེམས་པ་མི་ཡུལ་ལ་ཕྱོགས་དུས།
དེ་ནི། ཞི་བདེ་དང་འདྲ་ཉམས།
རང་དབང་གི་དཀྱོགས་མཚམས་ཤིག་ཡིན་པར་སྨོན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོ།

2009-02-14 ཕུན་ཚོགས་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།