སྙན་རྩོམ་ཁག་གསུམ།

ཤར་ཚ་དངོས་གྲུབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-30

      ༡ མ་ཅང་ཁང་དུ།
སྦག་ལྕོག་གྲུ་བཞི་དེའི་མཐའ་འཁོར་ན།
དངུལ་ལོར་བརྩེགས་པའི་སྐྱེ་བོ་མང་པོ།
འཛུམ་ཆུང་གྱོན་པའི་འདོད་པའི་མིག་ཞགས་རེ་རེ།
སུ་ཞིག་གི་དངུལ་ཁུག་ལ་འཇབས་པའི་རྐུན་མ་བཞིན།
      ༢ ཆང་ཁང་ཁང་དུ།
ཧ་ཅང་བྱང་ཤ་དོད་པའི་མིག་ཟུང་དེས།
སུ་ཞིག་གི་སེམས་པ་བསླུ་ཆོག་ཆོག་ཡིན་ཀྱང༌།
ཝུ་ཆང་གི་ཕོར་ཁ་ལས་ཚར་བའི་སེམས་པ་དམར་པོ།
བརྒྱ་ལོར་གྱི་བང་རིམ་ལས་ནམ་ཡང་མ་རྙེད།
        ༣ ཇ་ཁང་དུ།
གཏམ་གླེང་ཞིག་གི་སྔ་མཇུག་ལས།
གསོལ་ཇ་ཡི་བྲོ་བ་ཀུན་ནས་བཙལ་ཡང༌།
གསོལ་ཇ་ཡི་བྲོ་བ་མ་རྙེད་གོང༌།
ཉི་གཞོན་གྱི་ལང་ཚོར་རྒས་གཉེར་བབ་ཟིན།

 


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་རྩོམ་ཁག་གསུམ།

2009-01-30 ཤར་ཚ་དངོས་གྲུབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

      ༡ མ་ཅང་ཁང་དུ།
སྦག་ལྕོག་གྲུ་བཞི་དེའི་མཐའ་འཁོར་ན།
དངུལ་ལོར་བརྩེགས་པའི་སྐྱེ་བོ་མང་པོ།
འཛུམ་ཆུང་གྱོན་པའི་འདོད་པའི་མིག་ཞགས་རེ་རེ།
སུ་ཞིག་གི་དངུལ་ཁུག་ལ་འཇབས་པའི་རྐུན་མ་བཞིན།
      ༢ ཆང་ཁང་ཁང་དུ།
ཧ་ཅང་བྱང་ཤ་དོད་པའི་མིག་ཟུང་དེས།
སུ་ཞིག་གི་སེམས་པ་བསླུ་ཆོག་ཆོག་ཡིན་ཀྱང༌།
ཝུ་ཆང་གི་ཕོར་ཁ་ལས་ཚར་བའི་སེམས་པ་དམར་པོ།
བརྒྱ་ལོར་གྱི་བང་རིམ་ལས་ནམ་ཡང་མ་རྙེད།
        ༣ ཇ་ཁང་དུ།
གཏམ་གླེང་ཞིག་གི་སྔ་མཇུག་ལས།
གསོལ་ཇ་ཡི་བྲོ་བ་ཀུན་ནས་བཙལ་ཡང༌།
གསོལ་ཇ་ཡི་བྲོ་བ་མ་རྙེད་གོང༌།
ཉི་གཞོན་གྱི་ལང་ཚོར་རྒས་གཉེར་བབ་ཟིན།

 


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།