སྨིན་བཞིན་པ་འདི་དག(ཞར་བཀོད་གཉིས་ཡོད)

སྨིན་ཟིན་པ་དེ
ཟོས་ཟོས་ན་སྐྱུག་མེར་བའི
ཚོར་བ་ཞིག་བྱིན་ཡོང

མ་སྨིན་པ་དེ
ཟོས་ཟོས་ན་སོ་ལ
གནོད་ཀྱིན་འདུག

སྨིན་བཞིན་པ་འདི་དག
མིག་གིས་བལྟས་ནའང
སེམས་སྐྱིད་པའི་ཚོར་བ་ཞིག་བྱིན་ཡོང

       ཏག་ཏག་སྐབས་འདིར
ཆེས་ཐོག་མའི་ཁ་བ་འདི་བབས་ཀྱིན་བབས་ཀྱིན
ངས་དང་ཐོག་གི་ཚོར་བ་དེ་དྲན་འོངས

གྲང་ཤུར་ཤུར འཁྱག་སིབ་སིབ
འཁྱག་སིབ་སིབ གྲང་ཤུར་ཤུར

ངས་དང་ཐོག་གི་ཚོར་བ་དེ་དྲན་འོངས
ཆེས་ཐོག་མའི་ཁ་བ་འདི་བབས་ཀྱིན་བབས་ཀྱིན

   འབྲུ་སིལ་དམར་བོ།
ནམ་ཡོངས་སུ་མ་གསལ་བའི་དུས་དེར་ཡང
འབྲུ་སིལ་དམར་བོའི་ཚོགས་ཀྱིས་འཛུམ་དམུལ་ལེར
མགྲོན་པོ་ཚོའི་ཕེབས་བཞུད་ལ་མིག་གིས་འཚོས་ཡོད
འབྲུ་སིལ་དམར་བོའི་ཚོགས་ཐག་གེར་དགོད་པའི་དུས་ནི
ཁྲེལ་མེད་ཚོ་གཉིད་དུ་ཡུར་བའི་སྐབས་ཡིན

ནམ་རྒྱུན་སུ་ཞིག་ཁུ་སིམ་མེར་ལམ་དུ་ཆས་ཤུལ་དང
སུ་ཞིག་འཛུམ་དམུལ་ལེར་ཉེ་བར་བཅར་སྐབས་ནི
མཐོ་སྒང་གི་འབྲུ་སིལ་དམར་བོའི་ཚོགས་ལ
དགའ་བ་དང་སྐྱོ་བ་མཉམ་དུ་སྐྱེས་པའི་དུས་སྐབས་ཡིན
དབྱར་གཞུང་ཞིག་འཇབ་ཀྱིན་འཇབ་ཀྱིན་བུད་སོང
དེ་ནི་ཨ་མ་ཞིག་གིས་བུཆུང་བསྐྱུར་ནས
བུད་ཤིང་འཐུ་བར་ཆས་པའི་ངང་ཚུལ་ཇི་བཞིན
མཐོ་སྒང་གི་འབྲུ་སིལ་དམར་བོའི་ཚོགས་ལ
བརྗོད་མི་ཚར་བའི་གཏམ་རྒྱུད་གཞན་ཞིག་བཞག་ཡོད

མཐོ་སྒང་གི་འབྲུ་སིལ་དམརབོའི་ཚོགས་ལ
རྫས་ཀྱིས་མ་སྦགས་པའི་ཞིམ་མངར་དང་མཛེས་སྡུག་ཡོད་ནའང
འཇིག་རྟེན་འདིའི་གྲུ་ཁ་མང་བོ་ན་ཁོ་ཚོ་ཤེས་མཁན་ཧ་ཅང་དཀོན
སུས་ཀྱང་མཉམ་བཞག་གི་ཡལ་དུ་མ་གྱུར་བའམ
ཡང་ན  ལུག་རྫི་སུ་ཞིག་གི་ཁོར་ཡུག་ཡངས་པོ་ན
འབྲུ་སིལ་དམར་བོའི་ཚོགས་འོད་དུ་འཚེར
དེ་ལྟར་ཡུན་རིང་ཡུན་རིང་ཞིག་འགོར་བས
མཐོ་སྒང་གི་རྫི་བོ་ཁོ་ན
འབྲུ་སིལ་དམར་བོའི་ཚོགས་ཀྱི་བདག་པོ་ལྷད་མེད་དུ་གྱུར

དྲོད་ཁང་གིས་བསྐྱེད་པའི་སིལ་ཏོག་ནི
སད་སེར་ལ་སྐྲག་པའི་ཅོལ་ཆུང་ཡིན་ཚེ
མཐོ་སྒང་གི་འབྲུ་སིལ་དམར་བོའི་ཚོགས་ལ
སད་སེར་ཁོ་ནས་ལང་ཚོ་སྤེལ་མ་བྱེད
གཞན་དག་འཇུག་མི་བཟོད་པའི་སད་སེར་ཁྲོད་དུ
འབྲུ་སིལ་དམར་བོའི་ཚོགས་ཀྱིས
རང་ཉིད་ཀྱི་དྲོད་ཁོལ་རྫི་བོའི་ཚོགས་ལ་སྦྱིན
གྲང་འཁྱག་དང་བྲལ་མ་མྱོང་བའི་རྫི་བོའི་ཚོགས་ལ
དེ་ལས་ལྷག་པའི་སེམས་གསོ་ཅི་ཞིག་དགོས་ཨང 
                  2007.12.23ལ་སྤེལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨིན་བཞིན་པ་འདི་དག(ཞར་བཀོད་གཉིས་ཡོད)

2009-01-13 འཆིང་གྲོལ། ཀློག་གྲངས། མཆན ཡོད།

སྨིན་ཟིན་པ་དེ
ཟོས་ཟོས་ན་སྐྱུག་མེར་བའི
ཚོར་བ་ཞིག་བྱིན་ཡོང

མ་སྨིན་པ་དེ
ཟོས་ཟོས་ན་སོ་ལ
གནོད་ཀྱིན་འདུག

སྨིན་བཞིན་པ་འདི་དག
མིག་གིས་བལྟས་ནའང
སེམས་སྐྱིད་པའི་ཚོར་བ་ཞིག་བྱིན་ཡོང

       ཏག་ཏག་སྐབས་འདིར
ཆེས་ཐོག་མའི་ཁ་བ་འདི་བབས་ཀྱིན་བབས་ཀྱིན
ངས་དང་ཐོག་གི་ཚོར་བ་དེ་དྲན་འོངས

གྲང་ཤུར་ཤུར འཁྱག་སིབ་སིབ
འཁྱག་སིབ་སིབ གྲང་ཤུར་ཤུར

ངས་དང་ཐོག་གི་ཚོར་བ་དེ་དྲན་འོངས
ཆེས་ཐོག་མའི་ཁ་བ་འདི་བབས་ཀྱིན་བབས་ཀྱིན

   འབྲུ་སིལ་དམར་བོ།
ནམ་ཡོངས་སུ་མ་གསལ་བའི་དུས་དེར་ཡང
འབྲུ་སིལ་དམར་བོའི་ཚོགས་ཀྱིས་འཛུམ་དམུལ་ལེར
མགྲོན་པོ་ཚོའི་ཕེབས་བཞུད་ལ་མིག་གིས་འཚོས་ཡོད
འབྲུ་སིལ་དམར་བོའི་ཚོགས་ཐག་གེར་དགོད་པའི་དུས་ནི
ཁྲེལ་མེད་ཚོ་གཉིད་དུ་ཡུར་བའི་སྐབས་ཡིན

ནམ་རྒྱུན་སུ་ཞིག་ཁུ་སིམ་མེར་ལམ་དུ་ཆས་ཤུལ་དང
སུ་ཞིག་འཛུམ་དམུལ་ལེར་ཉེ་བར་བཅར་སྐབས་ནི
མཐོ་སྒང་གི་འབྲུ་སིལ་དམར་བོའི་ཚོགས་ལ
དགའ་བ་དང་སྐྱོ་བ་མཉམ་དུ་སྐྱེས་པའི་དུས་སྐབས་ཡིན
དབྱར་གཞུང་ཞིག་འཇབ་ཀྱིན་འཇབ་ཀྱིན་བུད་སོང
དེ་ནི་ཨ་མ་ཞིག་གིས་བུཆུང་བསྐྱུར་ནས
བུད་ཤིང་འཐུ་བར་ཆས་པའི་ངང་ཚུལ་ཇི་བཞིན
མཐོ་སྒང་གི་འབྲུ་སིལ་དམར་བོའི་ཚོགས་ལ
བརྗོད་མི་ཚར་བའི་གཏམ་རྒྱུད་གཞན་ཞིག་བཞག་ཡོད

མཐོ་སྒང་གི་འབྲུ་སིལ་དམརབོའི་ཚོགས་ལ
རྫས་ཀྱིས་མ་སྦགས་པའི་ཞིམ་མངར་དང་མཛེས་སྡུག་ཡོད་ནའང
འཇིག་རྟེན་འདིའི་གྲུ་ཁ་མང་བོ་ན་ཁོ་ཚོ་ཤེས་མཁན་ཧ་ཅང་དཀོན
སུས་ཀྱང་མཉམ་བཞག་གི་ཡལ་དུ་མ་གྱུར་བའམ
ཡང་ན  ལུག་རྫི་སུ་ཞིག་གི་ཁོར་ཡུག་ཡངས་པོ་ན
འབྲུ་སིལ་དམར་བོའི་ཚོགས་འོད་དུ་འཚེར
དེ་ལྟར་ཡུན་རིང་ཡུན་རིང་ཞིག་འགོར་བས
མཐོ་སྒང་གི་རྫི་བོ་ཁོ་ན
འབྲུ་སིལ་དམར་བོའི་ཚོགས་ཀྱི་བདག་པོ་ལྷད་མེད་དུ་གྱུར

དྲོད་ཁང་གིས་བསྐྱེད་པའི་སིལ་ཏོག་ནི
སད་སེར་ལ་སྐྲག་པའི་ཅོལ་ཆུང་ཡིན་ཚེ
མཐོ་སྒང་གི་འབྲུ་སིལ་དམར་བོའི་ཚོགས་ལ
སད་སེར་ཁོ་ནས་ལང་ཚོ་སྤེལ་མ་བྱེད
གཞན་དག་འཇུག་མི་བཟོད་པའི་སད་སེར་ཁྲོད་དུ
འབྲུ་སིལ་དམར་བོའི་ཚོགས་ཀྱིས
རང་ཉིད་ཀྱི་དྲོད་ཁོལ་རྫི་བོའི་ཚོགས་ལ་སྦྱིན
གྲང་འཁྱག་དང་བྲལ་མ་མྱོང་བའི་རྫི་བོའི་ཚོགས་ལ
དེ་ལས་ལྷག་པའི་སེམས་གསོ་ཅི་ཞིག་དགོས་ཨང 
                  2007.12.23ལ་སྤེལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།