མཚན་མོའི་གཤོག་པའི་སྟེང་གི་ཁྲག་ཐིགས།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-13

རླུང་བུ་གཉིད་ལ་ཤོར
ཆར་བས་བརློན་བའི་མཚན་མོ་ཁོ་ན
ཁྱོད་ཀྱི་མིག་ལ་འཁྱིལ
སེམས་གཏིང་དུ་ཐིགས་པ་རེ་རེ་བཞིན་ལྷུང་གིན་པ་དེ་ནི་ཅི་ཞིག

ངས་ནམ་མཁའི་སྐར་མ་བཏུས་ནས
ས་ལ་འདེབས་རྩིས་བྱས་ཀྱང
མཚན་མོའི་གཤོག་པའི་སྟེང་གི
ཁྲག་ཐིགས་རེ་རེ ཁྲག་ཐིགས་རེ་རེ་བཞིན
ངའི་གཅེས་པའི་ས་གཞི་རུ་སིམ་སྟེ
མེ་ཏོག་གི་དྲི་ཞིམ་ལ་འཐིམས

ཉི་མས་ཉི་གུར་ཕུབ
འཇའ་ཚོན་ཐང་ལ་བབས
ངས་རང་གི་ཚུལ་འཆོས་ཀྱི་ཤུན་པགས་རིམ་པ་རིམ་པར་བཤུས་ཏེ
མཚན་མོ་ལ་འབུལ་འདོད་སྐྱེས

ཁྱོད་རང་རྨི་ལམ་ལས་སྐྱེས་སམ
རྟ་ཕོའི་འཚེར་སྐད་ནང་གི་བརྩེ་དུང་ལ་ཆགས
ཡང་ན་ཁྱོད་ནི་ཐོག་མ་ནས་རྟ་ཕོ་ཞིག་ཡིན
དེའང་ཡིན་སྲིད
ཆུང་དུས་སུ་རྨ་རྡོ་རིལ་བུ་མ་དེ་ངའི་རྟ་ཕོ་ཡིན
རྡོ་ཡི་རྟ་ཕོ་དེ་ལ ངས་གཤོག་པ་ཐོགས་ན་འདོད་ཡོད
དེ་ནི་གཤོག་པ་ཡོད་ཚེ་རང་དབང་དང་ལྡན་པར་འདོད་པས་ཡིན

སྟོང་བསམ་གྱི་ཆུང་མས
ང་ལ་མགོ་སྐོར་མང་བོ་གཏོང་མྱོང་ནའང
ང་རང་དེ་ལ་ཁྱོན་ནས་དགའ་བོ་འདུག

གོམ་པ་སྤོས་ནས་འགྲོ་བའི་སྤྲིན་ཕུང
ཐང་ཆད་དེ
ཕྱེ་མ་ལེབ་ཅིག་ལ་གཤོག་པ་གཡོར་བའི་རེ་བ་ཞུས
ལྐོག་ཏུ་སྦས་པའི་མེ་ཏོག་གི་ཚེར་མའི་སྡེར་མོ་དེ
ཕྱེ་མ་ལེབ་ཀྱི་གཤོག་པར་ཐོགས་ཡོད་དམ
ཡིད་སེམས་ཐེ་ཚོམ་དང་འཇིགས་སྔངས་ཀྱི་གཅན་གཟན་གྱིས་བསྐོར

ངའི་སྙན་ངག་གི་གཤོག་པའི་སྟེང་གི
མཚན་མོའི་གཤོག་པའི་སྟེང་གི་ཁྲག་ཐིགས
ཁྲག་ཐིགས ཁྲག་ཐིགས་ངའི་དཔྲལ་བའི་གཞུང་ལ་འཛགས
སེམས་པ་གཅིག་པུས་མཚན་མོའི་སྙན་ངག་ཀློག
རྨི་ལམ་ཁ་ཕྱེས་ནས་ཁྱོད་རང་བཙལ
རེག་ན་ཤོར་འགྲོ་ལ་མིག་གིས་འཛིན་ཐུབ་པའི་ཡིད་བརྙན

ང་ལ་སྤྱོ་སྤྱོ་མ་མཛད་རོགས
ང་ལ་སྤྱོ་སྤྱོ་མ་མཛད་རོགས

ཁྲུང་ཁྲུང་གི་གཤོག་པ ཕུག་རོན་གྱི་གཤོག་པ
གླག་རྒོད་ཀྱི་གཤོག་པ སྟག་གི་གཤོག་པ
གཟིག་གི་གཤོག་པ རྨི་ལམ་གྱི་གཤོག་པ
མཚན་མོའི་གཤོག་པ གཤོག་པ་མང་བོ
གཤོག་པ་མང་བོས་ཁྱོད་ལ་བསྐོར ཁྱོད་ལ་འཁྱུད
གཤོག་པ་རེ་རེའི་སྟེང་ན་ཁྲག་ཐིགས་རེ
རང་གི་ཡིན་ལ་གཞན་གྱིས་ཀྱང་ཡིན་པའི་ཁྲག་ཐིགས་རེ
                                         ༢༠༠༨.༥.༤
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་གཤོག་པའི་སྟེང་གི་ཁྲག་ཐིགས།

2009-01-13 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

རླུང་བུ་གཉིད་ལ་ཤོར
ཆར་བས་བརློན་བའི་མཚན་མོ་ཁོ་ན
ཁྱོད་ཀྱི་མིག་ལ་འཁྱིལ
སེམས་གཏིང་དུ་ཐིགས་པ་རེ་རེ་བཞིན་ལྷུང་གིན་པ་དེ་ནི་ཅི་ཞིག

ངས་ནམ་མཁའི་སྐར་མ་བཏུས་ནས
ས་ལ་འདེབས་རྩིས་བྱས་ཀྱང
མཚན་མོའི་གཤོག་པའི་སྟེང་གི
ཁྲག་ཐིགས་རེ་རེ ཁྲག་ཐིགས་རེ་རེ་བཞིན
ངའི་གཅེས་པའི་ས་གཞི་རུ་སིམ་སྟེ
མེ་ཏོག་གི་དྲི་ཞིམ་ལ་འཐིམས

ཉི་མས་ཉི་གུར་ཕུབ
འཇའ་ཚོན་ཐང་ལ་བབས
ངས་རང་གི་ཚུལ་འཆོས་ཀྱི་ཤུན་པགས་རིམ་པ་རིམ་པར་བཤུས་ཏེ
མཚན་མོ་ལ་འབུལ་འདོད་སྐྱེས

ཁྱོད་རང་རྨི་ལམ་ལས་སྐྱེས་སམ
རྟ་ཕོའི་འཚེར་སྐད་ནང་གི་བརྩེ་དུང་ལ་ཆགས
ཡང་ན་ཁྱོད་ནི་ཐོག་མ་ནས་རྟ་ཕོ་ཞིག་ཡིན
དེའང་ཡིན་སྲིད
ཆུང་དུས་སུ་རྨ་རྡོ་རིལ་བུ་མ་དེ་ངའི་རྟ་ཕོ་ཡིན
རྡོ་ཡི་རྟ་ཕོ་དེ་ལ ངས་གཤོག་པ་ཐོགས་ན་འདོད་ཡོད
དེ་ནི་གཤོག་པ་ཡོད་ཚེ་རང་དབང་དང་ལྡན་པར་འདོད་པས་ཡིན

སྟོང་བསམ་གྱི་ཆུང་མས
ང་ལ་མགོ་སྐོར་མང་བོ་གཏོང་མྱོང་ནའང
ང་རང་དེ་ལ་ཁྱོན་ནས་དགའ་བོ་འདུག

གོམ་པ་སྤོས་ནས་འགྲོ་བའི་སྤྲིན་ཕུང
ཐང་ཆད་དེ
ཕྱེ་མ་ལེབ་ཅིག་ལ་གཤོག་པ་གཡོར་བའི་རེ་བ་ཞུས
ལྐོག་ཏུ་སྦས་པའི་མེ་ཏོག་གི་ཚེར་མའི་སྡེར་མོ་དེ
ཕྱེ་མ་ལེབ་ཀྱི་གཤོག་པར་ཐོགས་ཡོད་དམ
ཡིད་སེམས་ཐེ་ཚོམ་དང་འཇིགས་སྔངས་ཀྱི་གཅན་གཟན་གྱིས་བསྐོར

ངའི་སྙན་ངག་གི་གཤོག་པའི་སྟེང་གི
མཚན་མོའི་གཤོག་པའི་སྟེང་གི་ཁྲག་ཐིགས
ཁྲག་ཐིགས ཁྲག་ཐིགས་ངའི་དཔྲལ་བའི་གཞུང་ལ་འཛགས
སེམས་པ་གཅིག་པུས་མཚན་མོའི་སྙན་ངག་ཀློག
རྨི་ལམ་ཁ་ཕྱེས་ནས་ཁྱོད་རང་བཙལ
རེག་ན་ཤོར་འགྲོ་ལ་མིག་གིས་འཛིན་ཐུབ་པའི་ཡིད་བརྙན

ང་ལ་སྤྱོ་སྤྱོ་མ་མཛད་རོགས
ང་ལ་སྤྱོ་སྤྱོ་མ་མཛད་རོགས

ཁྲུང་ཁྲུང་གི་གཤོག་པ ཕུག་རོན་གྱི་གཤོག་པ
གླག་རྒོད་ཀྱི་གཤོག་པ སྟག་གི་གཤོག་པ
གཟིག་གི་གཤོག་པ རྨི་ལམ་གྱི་གཤོག་པ
མཚན་མོའི་གཤོག་པ གཤོག་པ་མང་བོ
གཤོག་པ་མང་བོས་ཁྱོད་ལ་བསྐོར ཁྱོད་ལ་འཁྱུད
གཤོག་པ་རེ་རེའི་སྟེང་ན་ཁྲག་ཐིགས་རེ
རང་གི་ཡིན་ལ་གཞན་གྱིས་ཀྱང་ཡིན་པའི་ཁྲག་ཐིགས་རེ
                                         ༢༠༠༨.༥.༤
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།