ལག་པས་གླན་ཚེ།


ཡུན་རིང་ས་རྒོད་དུ་ལུས་པའི་སྤང་ལྗོངས་གོར་མོར
ཚ་ལམ་ལམ་འབར་བའི་སེམས་པ་འདྲ་བའི་ལག་པ་གླན
ཁྱོད་རང་འཇུ་བྱེད་ཀྱི་ལག་པ་འདི
དུང་འཕྲེང་གི་རི་མོ་འབུས་པའི
ས་གཞིའི་རྡོ་རིང་གི་བྲག་རྡོའི་ཀླད་པར་དུ་བཞག་ཚེ
ངང་བ་མཚོ་མོའི་རླབས་རྩེ་ལ་དུངས་བ་བཞིན
གཤོག་ཟུང་སྙི་མོའི་ཡུན་རིང་གླན་པ་དང་འདྲ
ཡུན་རིང་སྒུག་པའི་འབར་རྡེའུ་དེ་དག་འང
རང་དབང་གི་མཚེའུ་ངོགས་ན་འཚོ
སེམས་པས་ཀྱང་ངོ་བོ་མ་རྙེད་པའི
ཞིང་གྲོང་དུ་ཐོན་ནས
སྟབས་སྟབས་མ་ཡིན་པའི་ལག་པས
ཨར་འདམ་གྱི་རྣོ་མངར་ལ་གླན་ཚེ
མུན་པ་ལྟ་བུའི་གྲོག་རོང་གི་དབུས་ནས
རང་ཉིད་གང་ཞིག་ལ་འགྲོ་བ་དང་མཚུངས
ཞིང་གྲོང་གི་རླུང་བུ
འཇམ་ཡུག་ཡུག་ཏུ་རང་གི་ལག་ངོས་སུ་སྦྲན་ཚེ
ཞིང་གྲོང་ནི
རྒས་གཉེར་མང་པོའི་ལོ་ལོན་ཞིག་གི་སྐྱི་ལྤགས་དང་མཚུངས

མེ་ལོང་ནི མ་གཞི་ནས་ཤེལ་ངོས་སུ་ཚོན་རྩི་བྱུགས་ནའང
དུས་རབས་ཀྱི་དགོས་མཁོའི་བར་ནས
ཉི་ཟླ་འང་ནུབ་ཐུབ་ཀྱིན་འདུག
ལག་པས ཡང་ཡང་ཞིང་གྲོང་གི་ཆ་ཤས་ལ་རེག་གིན
ཉི་ཤར་གྱི་རྩེ་མོའི་དྭངས་ཤ
རྩ་སྐྱའི་ཤུགས་གླུ་དང་རླུང་འཚུབ་སྒོར་མོས
མྱུ་གུ་ལྟར་གང་ལའང་ཁུར་མ་ཐུབ
ལག་པ་དེ
གངས་རི་ལྟར་འགྱིང་ན
སུ་ཞིག་གིས་ཁ་ཚོན་གཅོད་མ་ཐུབ་པའི་ཐ་སྙད་ཇི་ལྟར་སྤུངས
ལག་པས ཁྱེད་ཀྱི་ཕྱེ་མའི་ལ་རིང་གི་སྟེང་ཏུ
ཀུ་ཤུ་དམར་པོ་ཞིག་གཉོར་གཉོར་གྱིས་ཁྱེར་ནས་འགྲོ་བཞིན་ཡོད

                                                1.21

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་པས་གླན་ཚེ།

2011-04-08 རླུང་བུ། ཀློག་གྲངས། མཆན ཡོད།


ཡུན་རིང་ས་རྒོད་དུ་ལུས་པའི་སྤང་ལྗོངས་གོར་མོར
ཚ་ལམ་ལམ་འབར་བའི་སེམས་པ་འདྲ་བའི་ལག་པ་གླན
ཁྱོད་རང་འཇུ་བྱེད་ཀྱི་ལག་པ་འདི
དུང་འཕྲེང་གི་རི་མོ་འབུས་པའི
ས་གཞིའི་རྡོ་རིང་གི་བྲག་རྡོའི་ཀླད་པར་དུ་བཞག་ཚེ
ངང་བ་མཚོ་མོའི་རླབས་རྩེ་ལ་དུངས་བ་བཞིན
གཤོག་ཟུང་སྙི་མོའི་ཡུན་རིང་གླན་པ་དང་འདྲ
ཡུན་རིང་སྒུག་པའི་འབར་རྡེའུ་དེ་དག་འང
རང་དབང་གི་མཚེའུ་ངོགས་ན་འཚོ
སེམས་པས་ཀྱང་ངོ་བོ་མ་རྙེད་པའི
ཞིང་གྲོང་དུ་ཐོན་ནས
སྟབས་སྟབས་མ་ཡིན་པའི་ལག་པས
ཨར་འདམ་གྱི་རྣོ་མངར་ལ་གླན་ཚེ
མུན་པ་ལྟ་བུའི་གྲོག་རོང་གི་དབུས་ནས
རང་ཉིད་གང་ཞིག་ལ་འགྲོ་བ་དང་མཚུངས
ཞིང་གྲོང་གི་རླུང་བུ
འཇམ་ཡུག་ཡུག་ཏུ་རང་གི་ལག་ངོས་སུ་སྦྲན་ཚེ
ཞིང་གྲོང་ནི
རྒས་གཉེར་མང་པོའི་ལོ་ལོན་ཞིག་གི་སྐྱི་ལྤགས་དང་མཚུངས

མེ་ལོང་ནི མ་གཞི་ནས་ཤེལ་ངོས་སུ་ཚོན་རྩི་བྱུགས་ནའང
དུས་རབས་ཀྱི་དགོས་མཁོའི་བར་ནས
ཉི་ཟླ་འང་ནུབ་ཐུབ་ཀྱིན་འདུག
ལག་པས ཡང་ཡང་ཞིང་གྲོང་གི་ཆ་ཤས་ལ་རེག་གིན
ཉི་ཤར་གྱི་རྩེ་མོའི་དྭངས་ཤ
རྩ་སྐྱའི་ཤུགས་གླུ་དང་རླུང་འཚུབ་སྒོར་མོས
མྱུ་གུ་ལྟར་གང་ལའང་ཁུར་མ་ཐུབ
ལག་པ་དེ
གངས་རི་ལྟར་འགྱིང་ན
སུ་ཞིག་གིས་ཁ་ཚོན་གཅོད་མ་ཐུབ་པའི་ཐ་སྙད་ཇི་ལྟར་སྤུངས
ལག་པས ཁྱེད་ཀྱི་ཕྱེ་མའི་ལ་རིང་གི་སྟེང་ཏུ
ཀུ་ཤུ་དམར་པོ་ཞིག་གཉོར་གཉོར་གྱིས་ཁྱེར་ནས་འགྲོ་བཞིན་ཡོད

                                                1.21

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།