ཡོད་ཡོད་འདྲ་བའི་འཚོ་བ་འདིར།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-02


ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་ཀྱི་འཛུམ་མདངས་མེད་སོང་ཚེ
ཁང་མིག་ན་ལམ་ལམ་འཚེར་བའི་གློག་སྒྲོན་ཞི་སོང་བ་བཞིན
དྲན་གདུང་གི་མུན་པ་སྟུག་པོས
སྣང་ཡུལ་གྱི་མཛེས་པ་མ་ལུས་འཕྲོག་པར་བྱེད

ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་ཀྱི་སྙིང་གཏམ་མེད་སོང་ཚེ
མཁའ་མཐའ་རུ་ཤག་ཤག་འཇོ་བའི་སྦྲང་ཆར་ཆད་སོང་བ་བཞིན
གདུག་རྩུབ་ཀྱི་ཚ་བ་དྲགས་པོས
དུངས་ཞེན་གྱི་མེ་ཏོག་ཡོད་ཚད་སྐེམ་པར་བྱེད

ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་ཀྱི་བརྩེ་བ་མེད་སོང་ཚེ
ཐབ་ཚང་དུ་ལྷོག་ལྷོག་འབར་བའི་མེ་ལྕེ་འཇགས་སོང་བ་བཞིན
ཁེར་རྐྱང་གི་གྲང་རླུང་ངར་མོས
ལུས་སེམས་ཀྱི་དྲོད་ཁོལ་ཐམས་ཅད་འཇོམས་པར་བྱེད
ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་རང་མེད་སོང་ཚེ
ཡ་ཁོག་ན་ལྟིག་ལྟིག་ལྡིང་བའི་སྙིང་ཆུང་བྲུས་སོང་བ་བཞིན
ནམ་རྒྱུན་གྱི་རེ་སྒུག་ལྕི་མོས
སྐྱེ་འཆི་ཡི་སྡུག་བསྔལ་ཡོངས་རྫོགས་མྱོང་བར་བྱེད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོད་ཡོད་འདྲ་བའི་འཚོ་བ་འདིར།

2011-04-02 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།


ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་ཀྱི་འཛུམ་མདངས་མེད་སོང་ཚེ
ཁང་མིག་ན་ལམ་ལམ་འཚེར་བའི་གློག་སྒྲོན་ཞི་སོང་བ་བཞིན
དྲན་གདུང་གི་མུན་པ་སྟུག་པོས
སྣང་ཡུལ་གྱི་མཛེས་པ་མ་ལུས་འཕྲོག་པར་བྱེད

ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་ཀྱི་སྙིང་གཏམ་མེད་སོང་ཚེ
མཁའ་མཐའ་རུ་ཤག་ཤག་འཇོ་བའི་སྦྲང་ཆར་ཆད་སོང་བ་བཞིན
གདུག་རྩུབ་ཀྱི་ཚ་བ་དྲགས་པོས
དུངས་ཞེན་གྱི་མེ་ཏོག་ཡོད་ཚད་སྐེམ་པར་བྱེད

ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་ཀྱི་བརྩེ་བ་མེད་སོང་ཚེ
ཐབ་ཚང་དུ་ལྷོག་ལྷོག་འབར་བའི་མེ་ལྕེ་འཇགས་སོང་བ་བཞིན
ཁེར་རྐྱང་གི་གྲང་རླུང་ངར་མོས
ལུས་སེམས་ཀྱི་དྲོད་ཁོལ་ཐམས་ཅད་འཇོམས་པར་བྱེད
ཡོད་ཡོད་འདྲ་བའི་འཚོ་བ་འདིར
ཁྱེད་རང་མེད་སོང་ཚེ
ཡ་ཁོག་ན་ལྟིག་ལྟིག་ལྡིང་བའི་སྙིང་ཆུང་བྲུས་སོང་བ་བཞིན
ནམ་རྒྱུན་གྱི་རེ་སྒུག་ལྕི་མོས
སྐྱེ་འཆི་ཡི་སྡུག་བསྔལ་ཡོངས་རྫོགས་མྱོང་བར་བྱེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།