འཇར་པན་གྱི་ས་ཡོམ་ལ་བྲིས་པ།

 

གློ་རྡེག་ཏུ་ཅུང་ཙམ་ཧོབ་ཀྱིས་བལྟས་པ་མིན་ན
གློག་རྡུལ་གྱི་རྩིག་ངོས་སུ་ནག་ཐིག་ཞིག་གི་ཟོལ་གྱིས
ཡོད་ཚད་ཀྱི་སེམས་ཁོང་དུ་མུན་པ་ཞིག་གི་ཚུལ་གྱིས
ཐག་རིང་ནས་རླུང་བུ་བཞིན་རྣ་བར་འཛེར་བྱུང
ས་རྡུལ་དང་ཆུ་རླབས་ཀྱིས་གཙེས་དྲག་པའི་ཉིན་མོ་དེར
གཅེས་ཤིང་ཕངས་པའི་ཚེ་སྲོག་གི་ཕྲེང་འབྲུ་དེ་དག
རེ་བའི་དུས་ཚོད་ཀྱི་འཛུམ་མདངས་བཞག་ནས
སྐད་ཅིག་མའི་ཡུན་ལ་འཇིག་རྟེན་འདི་ནས་གྱེས་དགོས་བྱུང
རྒྱ་མཚོ་དངན་པའི་མིག་ཆུ  ས་གཞི་སྐྲག་པའི་འདར་ཡོམ་དེས
ལག་རྩལ་དང་དངུལ་ལོའི་བམ་ཁ་མཐོ་བའི་འཇར་པན་བ་ཚོ
དངོས་པོ་ག་ཙམ་ཞིག་གི་རིན་ཐང་བརླགས་སོང
ཚེ་སྲོག་ཅི་ཙམ་ཞིག་ལ་རྡོག་བརྫིས་བྱས་སོང
ཉེ་སར་དུད་དེ་རྣམ་དག་གི་སེམས་པ་སྦྲེལ་ལ
ལམ་སྟོན་དུ་གཙང་དག་གི་མར་མེ་རེ་རེ་སྒྲོན་གྱིན
ལྷ་ཚོགས་དྲན་སྐུལ་གྱི་མ་ཎིའི་གཟུངས་སྔགས་གྱེར་ཡོད
དེ་རིང་གི་རྗེས་སུ་སང་ཉིན་ཡོད་པས་རེ་བའི་མིག་ཟུང་ད་དུང་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་
                                                               ༢༠༡༡   ༣  ༢༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇར་པན་གྱི་ས་ཡོམ་ལ་བྲིས་པ།

2011-03-30 དུར་འཕག ཀློག་གྲངས། མཆན ཡོད།

 

གློ་རྡེག་ཏུ་ཅུང་ཙམ་ཧོབ་ཀྱིས་བལྟས་པ་མིན་ན
གློག་རྡུལ་གྱི་རྩིག་ངོས་སུ་ནག་ཐིག་ཞིག་གི་ཟོལ་གྱིས
ཡོད་ཚད་ཀྱི་སེམས་ཁོང་དུ་མུན་པ་ཞིག་གི་ཚུལ་གྱིས
ཐག་རིང་ནས་རླུང་བུ་བཞིན་རྣ་བར་འཛེར་བྱུང
ས་རྡུལ་དང་ཆུ་རླབས་ཀྱིས་གཙེས་དྲག་པའི་ཉིན་མོ་དེར
གཅེས་ཤིང་ཕངས་པའི་ཚེ་སྲོག་གི་ཕྲེང་འབྲུ་དེ་དག
རེ་བའི་དུས་ཚོད་ཀྱི་འཛུམ་མདངས་བཞག་ནས
སྐད་ཅིག་མའི་ཡུན་ལ་འཇིག་རྟེན་འདི་ནས་གྱེས་དགོས་བྱུང
རྒྱ་མཚོ་དངན་པའི་མིག་ཆུ  ས་གཞི་སྐྲག་པའི་འདར་ཡོམ་དེས
ལག་རྩལ་དང་དངུལ་ལོའི་བམ་ཁ་མཐོ་བའི་འཇར་པན་བ་ཚོ
དངོས་པོ་ག་ཙམ་ཞིག་གི་རིན་ཐང་བརླགས་སོང
ཚེ་སྲོག་ཅི་ཙམ་ཞིག་ལ་རྡོག་བརྫིས་བྱས་སོང
ཉེ་སར་དུད་དེ་རྣམ་དག་གི་སེམས་པ་སྦྲེལ་ལ
ལམ་སྟོན་དུ་གཙང་དག་གི་མར་མེ་རེ་རེ་སྒྲོན་གྱིན
ལྷ་ཚོགས་དྲན་སྐུལ་གྱི་མ་ཎིའི་གཟུངས་སྔགས་གྱེར་ཡོད
དེ་རིང་གི་རྗེས་སུ་སང་ཉིན་ཡོད་པས་རེ་བའི་མིག་ཟུང་ད་དུང་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་
                                                               ༢༠༡༡   ༣  ༢༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།