ངའི་སྙན་ངག

 

ལ་ལས།
ངའི་སྙན་ངག
རྣམ་ཤེས་བྲལ་བའི་བེམ་གཟུགས་ཤིག་རེད་ཟེར།
ང་རང་མཚོན་ན།
ངའི་སྙན་ངག
བདག་སེམས་གསོ་བྱེད་ཀྱི་ཆོས་ཆར་གྱི་བདུད་རྩི་ཡིན།
 
ལ་ལས།
ངའི་སྙན་ངག
སྒྱུ་རྩལ་གྱི་སྟོང་བའི་རོལ་དབྱངས་ཤིག་རེད་ཟེར།
ང་རང་མཚོན་ན།
ངའི་སྙན་ངག
ཀ་མད་སུམ་ཅུའི་ལང་ཚོའི་མཆོད་པ་ཞིག་ཡིན།
 
ལ་ལས།
ངའི་སྙན་ངག
བསླུ་བྲིད་ཀྱི་དགའ་མ་ཞིག་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
ཕུག་མདུན་གྱི་ལམ་བུར་འགྲོ་བའི་ལམ་འཁྲིད་ཤིག་ཡིན།
 

ལ་ལས།
ངའི་སྙན་ངག
བཟི་གཏམ་ནུས་མེད་ཤིག་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
གངས་ཕྲུག་རྣལ་མ་ཞིག་གྱི་སེམས་ཚོར་ཡིན།
 
ལ་ལས།
ངའི་སྙན་ངག
ས་མཐའི་སྤྲང་འཁྱམས་ཤིག་གི་ལབ་རྡོལ་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
མེས་པོ་སྲོང་བཙན་དྲན་པའི་རྒྱང་འབོད་ཡིན།
 
ལ་ལས།
ངའི་སྙན་ངག
ཉི་མ་བཞུད་རྗེས་ཀྱི་གྲིབ་གཟུགས་ཤིག་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
བྲག་སྲིན་མ་ལོའི་གཅེས་ཕྲུག་ཚོ་འཛོམས་པའི་སྒོར་གཞས་ཤིག་ཡིན།
                                                                                 ༢༠༡༡  ༣  ༢༨  དགོང་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སྙན་ངག

2011-03-30 རིག་འཛིན། ཀློག་གྲངས། མཆན ཡོད།

 

ལ་ལས།
ངའི་སྙན་ངག
རྣམ་ཤེས་བྲལ་བའི་བེམ་གཟུགས་ཤིག་རེད་ཟེར།
ང་རང་མཚོན་ན།
ངའི་སྙན་ངག
བདག་སེམས་གསོ་བྱེད་ཀྱི་ཆོས་ཆར་གྱི་བདུད་རྩི་ཡིན།
 
ལ་ལས།
ངའི་སྙན་ངག
སྒྱུ་རྩལ་གྱི་སྟོང་བའི་རོལ་དབྱངས་ཤིག་རེད་ཟེར།
ང་རང་མཚོན་ན།
ངའི་སྙན་ངག
ཀ་མད་སུམ་ཅུའི་ལང་ཚོའི་མཆོད་པ་ཞིག་ཡིན།
 
ལ་ལས།
ངའི་སྙན་ངག
བསླུ་བྲིད་ཀྱི་དགའ་མ་ཞིག་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
ཕུག་མདུན་གྱི་ལམ་བུར་འགྲོ་བའི་ལམ་འཁྲིད་ཤིག་ཡིན།
 

ལ་ལས།
ངའི་སྙན་ངག
བཟི་གཏམ་ནུས་མེད་ཤིག་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
གངས་ཕྲུག་རྣལ་མ་ཞིག་གྱི་སེམས་ཚོར་ཡིན།
 
ལ་ལས།
ངའི་སྙན་ངག
ས་མཐའི་སྤྲང་འཁྱམས་ཤིག་གི་ལབ་རྡོལ་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
མེས་པོ་སྲོང་བཙན་དྲན་པའི་རྒྱང་འབོད་ཡིན།
 
ལ་ལས།
ངའི་སྙན་ངག
ཉི་མ་བཞུད་རྗེས་ཀྱི་གྲིབ་གཟུགས་ཤིག་རེད་ཟེར།
ང་རང་ལ་མཚོན་ན།
ངའི་སྙན་ངག
བྲག་སྲིན་མ་ལོའི་གཅེས་ཕྲུག་ཚོ་འཛོམས་པའི་སྒོར་གཞས་ཤིག་ཡིན།
                                                                                 ༢༠༡༡  ༣  ༢༨  དགོང་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།