ངན་སྔགས།


རྣམ་རྟོག་སློང་བྱེད་ཀྱི་གྲིབ་མ་རབ་རིབ་དེ
སིང་དི་རེར་ཆག་པའི་དཀར་ཡོལ་དེའི་སིང་སྒྲ་ཡིན་ལ
སིང་སྒྲ་དེས་ཁྱོད་ལ་སྔངས་འཚུབ་སྐྱི་གཡའ་བ་ཞིག་སྦྱིན་འོངས་དུས
མིད་ཐག་ལའང་མདུད་པ་དམ་པོ་ཞིག་བབས་ཡོང
དེ་དུས་རྩ་མདུད་དགྲོལ་བྱེད་ཀྱི་སེ་གོལ་དེ་ཡང་
སྡེར་མོ་གྱོང་བོ་དག་གིས་འཐད་མི་འཐད་ཀྱིས་གཏོགས་པར་བྱེད

 ལྕེ་རྐན་སྐམ་པོ་ལས་འཐོར་བའི་བཟློས་བརྗོད་རིང་བོ
སུ་དང་གང་གི་སྲོག་ལ་བཏབ་པའི་ལྕགས་ཕུར་དེ་ཡིན་ལ
ལྕགས་ཕུར་དེས་དཀྲུགས་དཀྲུགས་བཏང་བའི་སེམས་པ
སོང་ཡང་བརྒལ་ཐབས་མེད་པའི་མྱ་ངམ་ཐང་ཆེན་པོ་དེ་ཡིན
 
མིག་ལམ་འདི་སྟོང་སིང་ངེར་གྱུར་ནས
རང་གིས་རང་ལ་བླངས་པའི་སེམས་གསོའི་གླུ་གཞས་སུ
འཆི་ཁ་མའི་འཕག་འཚག་གི་འོ་དོད་ཁོ་ན་ལུས་དུས
རྣ་བ་གས་བྱེད་ཀྱི་རོལ་དབྱངས་དག་ནི
འཇིག་རྟེན་འདིའི་ངོ་བོ་རྣལ་མ་མཚོན་བྱེད་ཀྱི་རྡོ་བ་འཁྱགས་པ་ཞིག
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངན་སྔགས།

2011-03-27 འཆིང་གྲོལ། ཀློག་གྲངས། མཆན ཡོད།


རྣམ་རྟོག་སློང་བྱེད་ཀྱི་གྲིབ་མ་རབ་རིབ་དེ
སིང་དི་རེར་ཆག་པའི་དཀར་ཡོལ་དེའི་སིང་སྒྲ་ཡིན་ལ
སིང་སྒྲ་དེས་ཁྱོད་ལ་སྔངས་འཚུབ་སྐྱི་གཡའ་བ་ཞིག་སྦྱིན་འོངས་དུས
མིད་ཐག་ལའང་མདུད་པ་དམ་པོ་ཞིག་བབས་ཡོང
དེ་དུས་རྩ་མདུད་དགྲོལ་བྱེད་ཀྱི་སེ་གོལ་དེ་ཡང་
སྡེར་མོ་གྱོང་བོ་དག་གིས་འཐད་མི་འཐད་ཀྱིས་གཏོགས་པར་བྱེད

 ལྕེ་རྐན་སྐམ་པོ་ལས་འཐོར་བའི་བཟློས་བརྗོད་རིང་བོ
སུ་དང་གང་གི་སྲོག་ལ་བཏབ་པའི་ལྕགས་ཕུར་དེ་ཡིན་ལ
ལྕགས་ཕུར་དེས་དཀྲུགས་དཀྲུགས་བཏང་བའི་སེམས་པ
སོང་ཡང་བརྒལ་ཐབས་མེད་པའི་མྱ་ངམ་ཐང་ཆེན་པོ་དེ་ཡིན
 
མིག་ལམ་འདི་སྟོང་སིང་ངེར་གྱུར་ནས
རང་གིས་རང་ལ་བླངས་པའི་སེམས་གསོའི་གླུ་གཞས་སུ
འཆི་ཁ་མའི་འཕག་འཚག་གི་འོ་དོད་ཁོ་ན་ལུས་དུས
རྣ་བ་གས་བྱེད་ཀྱི་རོལ་དབྱངས་དག་ནི
འཇིག་རྟེན་འདིའི་ངོ་བོ་རྣལ་མ་མཚོན་བྱེད་ཀྱི་རྡོ་བ་འཁྱགས་པ་ཞིག
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།