ཡིག་འབྲུའི་གསེབ་ཀྱི་སྙིང་གསོན་པོ་ཞིག

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-13

                           —རིག་པའི་དཔའ་བོ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་བཀླགས་རྗེས།
                                                                    
དྲག་རླུང་གིས་རྒོལ་བ་རྩུབ་ཀྱང་ཟད་དུ་མེད་པའི་གངས་རི
ཆར་ཞོར་གྱིས་བརྡུངས་བ་དྲགས་ཀྱང་རྒུད་ནུབ་དབེན་པའི་ཀོ་གྲུ
ཚིག་མདས་བར་མེད་བསྣུན་ཡང་ཆོད་དུ་མེད་པའི་ཤུན་སྐོགས
མི་རབས་འདིའི་མདུང་རྩེ་རུ་གཡོ་བའི་དཔའ་དར་རིང་མོ་དེ་ཡང་ཡིན་སོང
སྲ་མཁྲེགས་ཀྱི་སྒྲོག་གིས་མདུད་པའི་ བརྗོད་པའི་མུ་ཁྱུད་བར་ནས
རྡོ་གཡམ་དང རྩིག་རྟའི་ཁྱད་གཤིས་མངའ་བའི་ངག་རིག་གི་བརྡབ་གསིག་ཆེན་པོ་ཞིག
མེ་ལྕེ་དང་ཉི་ཐིག་ལྟ་བུའི་སྙིང་སྟོབས་ཤིག་གིས་སྒུལ་ཤུགས་འོག
འཇིགས་རུང་གི་མཚོ་མོ་བསྐྱོམས་པ་ལྟར     ཐོལ་རྒྱུགས་ཀྱི་ས་ཡོམ་བརྒྱབ་པ་ནང་བཞིན
དུས་རབས་འདིའི་འཕྲེད་གླིང་གི་བུ་ག་སོ་སོ་ནས་སང་སང་དུ་གྲགས
ས་སྒང་བསྔས་སུ་བྱས་ནས་ནུ་ཐོགས་ཤིག་གི་འོ་མ་འཐུང་མཁན་མང་ཡང
ལ་ལ་ཞིག་ལྷགས་རླུང་གིས་བཟས་ནས་གད་སྙིགས་སུ་འགྱུར་འགྲོ
རེ་འགའ་ཞིག་སྤྱང་དྲགས་པས་རང་ཉིད་གཞན་དབང་དུ་ཚུད་ནས་གདའ
ཡང་ཉུང་ཤས་ཤིག་འཇའ་ཚོན་ལ་འཁྱུད་ནས་བར་སྣང་དུ་བསྙེགས་འགྲོ
དོན་དམ་པའི་སུ་ཞིག་ནི་གོམ་ཁ་གཡས་བ་སྤོ་མཁན་གཡའ་གསེབ་ཡིན་ནའང
ཆེས་མཐའ་མཇུག་གི་གོམ་ཁ་གཡོན་པ་སྤོ་ས་གངས་རིའི་དབུ་རྩེ་ཡིན་པ
དེ་རིང་གི་ངས      དེ་རིང་གི་གླེགས་བམ་གསེབ་ནས་མཐོང་སོང
པོ་ཏ་ལའི་རྒྱ་ཕིབས་འོག་ཏུ་གླེགས་བམ་རི་བོའི་གཏོས་དང་མཉམ་ཡང
ཡིག་འབྲུ་དང་ཤོག་སེར་གྱི་མངལ་དུ་སྦྲུམ་པའི་མིའི་ཁྱེའུ་སྙིང་རྗེ་དེ་མཐོང་བས
མེ་སྟག་བཞིན་མཆེད་པའི་ཁྱེད་ཀྱི་རྣམ་ཤེས་རྒོད་པོ་དེ་དང
གནམ་ལྕགས་བཞིན་འགྱུ་པའི་ཁྱེད་ཀྱི་རྣམ་དཔྱོད་སྣུམ་པོ་དེ
ད་དུང་བཞུར་ནས་འཛད་རྒྱུ་མེད་པའི་རིག་པའི་འཛུམ་མདངས་དང
 དྲག་ཏུ་མཆོངས་ལྡིང་བྱེད་ཀྱིན་པའི་སྙིང་གསོན་པོ་སོགས
ངའི་བྲང་གཞུང་ནས་ཤག་ཤག་ཏུ་འབབ་ཅིང་ཆལ་ཆིལ་དུ་གཡོ
གླེགས་བམ་འདི་མིག་གིས་འཚོས་པའི་དེ་རིང
རང་དབང་མེད་པར
ང་ལ་ན་ཟུག་ཅིག་དང་སྡུག་བསྔལ་ཞིག་གི་ལམ་བརྒྱགས་བསྩལ་བྱུང
ཡིན་ཡང   ལམ་གྱི་བཞི་མདོ་ན་འགྲེང་བའི་མྱི་རིགས་ངས 
ན་ཟུག་འདི་སྙིང་སྟོབས་ཤིག་གིས་ཁྱུར་མིད་གཏོང་རྒྱུ་ཡིན་ལ
སྡུག་བསྔལ་འདི་ཆོད་སེམས་ཤིག་གིས་རྨེག་མེད་དུ་གཏོང་བར་འབད་ཀྱིན་ཡོད
གླེགས་བམ་འདི་མིག་གིས་འཚོས་པའི་དེ་རིང
ངས་སྐྱེས་ཆེན་ཞིག་གི་བཞུད་སྟངས་ལ་ཡང་བསྐྱར་བསམ་བློའི་རྟ་ཁ་དཀྱུ་བཞིན་ཡོད་ལ
མི་རིགས་འདིའི་གུ་དོག་པའི་བསམ་བློའི་འཇིག་རྟེན་ལ་བཙན་འཛུལ་ཐེངས་ཤིག་བྱེད་འདོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིག་འབྲུའི་གསེབ་ཀྱི་སྙིང་གསོན་པོ་ཞིག

2011-05-13 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།