མེ་ལོང་གི་གཏམ་རྒྱུད།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-07


ཕྱིར་དྲན་གྱི་མེ་ལོང་ལ་ལྟ་དུས
མེ་ལོང་དེ་གསེར་གྱི་མེ་ལོང་རེད
དངུལ་གྱི་མེ་ལོང་དུ་ཡང་སྐད
གསེར་དངུལ་གྱི་རྒྱུ་བྱས་པ་ཡིན་ཙང
ཉི་མས་ཡང་མོས་པའི་འཛུམ་བསྟན་མྱོང་ལ
ཟླ་བས་ཀྱང་ཚིམས་པའི་དབུ་ལྕོག་མྱོང་པར་བཤད
མེ་ལོང་འདུས་བྱས་ཡིན་པ་བདེན་མོད
འདུས་བྱས་ལ་འདུས་བྱས་ཀྱི་ཚེ་སྲོག་སྦྱིན་དུ་མ་གསོལ་བ་ནི
མེ་ལོང་འཛིན་མཁན་གྱི་སྐྱོ་གར་དང
མེ་ལོང་ལ་གཟུགས་མཁན་དག་གི་ན་ཟུག་ཀྱང་རེད
རྒྱུ་མཚན་དེ་དག་གི་རྐྱེན་པས  
མེ་ལོང་དེ་དཀྱིལ་ནས་གས་ཆག་ཏུ་ཤོར་ལ་ཉེ
སྲུབས་དེའི་གཡས་གཡོན་གཉིས་སུ་ད་དུང་སྣང་དུ་རུང་བ་ནི
དབུ་རྨོག་བཅད་པའི་ཡར་ལ་ཤམ་པོ་དང
ཁྲག་གི་ཤྭ་འོད་རྒྱུགས་པའི་ཡར་ལུང་གཙང་བོ་རེད
མེ་ལོང་ཐོགས་མཁན་ཚོས་གཉེན་ལག་གིས་ཀུ་རེད་རྩེ་སྟངས་དེས་
གྲོག་རོང་འདྲ་བའི་སྲུབས་དེའི་ཁ་ཆེར་གདངས་སུ་བཅུག་བྱུང་ལ
སྲུབས་ཀ་དེ་རིམ་གྱིས་ལུང་ཆེན་ཞིག་ཏུ་བསྒྱུར
ཉིན་དེ་ནས་བཟུང      ལུང་མགོ་ནས་ཁྲག་དང་རྣག་གི་བཞུར་རྒྱུན་ཆད་མ་མྱོང
ཁྲག་རྣག་གཉིས་འདྲེས་མཚམས་ནས་པོ་ཏ་ལ་འགྱུར་རྡོ་ཞིག་ཏུ་བསྒྱུར
དེ་དང་མཉམ་དུ་མེ་ལོང་དེ་སར་ལྷུང་ནས་གས་ཆག་ཡ་ཆག་ཏུ་གྱུར
                          ༢༠༡༡  ༥  ༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་གི་གཏམ་རྒྱུད།

2011-05-07 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


ཕྱིར་དྲན་གྱི་མེ་ལོང་ལ་ལྟ་དུས
མེ་ལོང་དེ་གསེར་གྱི་མེ་ལོང་རེད
དངུལ་གྱི་མེ་ལོང་དུ་ཡང་སྐད
གསེར་དངུལ་གྱི་རྒྱུ་བྱས་པ་ཡིན་ཙང
ཉི་མས་ཡང་མོས་པའི་འཛུམ་བསྟན་མྱོང་ལ
ཟླ་བས་ཀྱང་ཚིམས་པའི་དབུ་ལྕོག་མྱོང་པར་བཤད
མེ་ལོང་འདུས་བྱས་ཡིན་པ་བདེན་མོད
འདུས་བྱས་ལ་འདུས་བྱས་ཀྱི་ཚེ་སྲོག་སྦྱིན་དུ་མ་གསོལ་བ་ནི
མེ་ལོང་འཛིན་མཁན་གྱི་སྐྱོ་གར་དང
མེ་ལོང་ལ་གཟུགས་མཁན་དག་གི་ན་ཟུག་ཀྱང་རེད
རྒྱུ་མཚན་དེ་དག་གི་རྐྱེན་པས  
མེ་ལོང་དེ་དཀྱིལ་ནས་གས་ཆག་ཏུ་ཤོར་ལ་ཉེ
སྲུབས་དེའི་གཡས་གཡོན་གཉིས་སུ་ད་དུང་སྣང་དུ་རུང་བ་ནི
དབུ་རྨོག་བཅད་པའི་ཡར་ལ་ཤམ་པོ་དང
ཁྲག་གི་ཤྭ་འོད་རྒྱུགས་པའི་ཡར་ལུང་གཙང་བོ་རེད
མེ་ལོང་ཐོགས་མཁན་ཚོས་གཉེན་ལག་གིས་ཀུ་རེད་རྩེ་སྟངས་དེས་
གྲོག་རོང་འདྲ་བའི་སྲུབས་དེའི་ཁ་ཆེར་གདངས་སུ་བཅུག་བྱུང་ལ
སྲུབས་ཀ་དེ་རིམ་གྱིས་ལུང་ཆེན་ཞིག་ཏུ་བསྒྱུར
ཉིན་དེ་ནས་བཟུང      ལུང་མགོ་ནས་ཁྲག་དང་རྣག་གི་བཞུར་རྒྱུན་ཆད་མ་མྱོང
ཁྲག་རྣག་གཉིས་འདྲེས་མཚམས་ནས་པོ་ཏ་ལ་འགྱུར་རྡོ་ཞིག་ཏུ་བསྒྱུར
དེ་དང་མཉམ་དུ་མེ་ལོང་དེ་སར་ལྷུང་ནས་གས་ཆག་ཡ་ཆག་ཏུ་གྱུར
                          ༢༠༡༡  ༥  ༣

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།