མཚན་མོ་ཞིག་ལ་ངས་འདི་ལྟར་བསམ།

སྐལ་ལྡན་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-05

 

མ་ཡུམ་གྱི་མིག་ཟུང་བཙུམ་ལ་ཉེ་བའི་དུས་སྐབས་འདིར
ངས་རྒྱུན་ལྡན་ལྟར་ཝུ་ཆང་གི་སེམས་གསོའི་ཁྲོད་ནས་སྨག་རུམ་གྱི་ཟབ་ཚད་འཇལ
 
བྱ་རྒོད་པོའི་ཟུངས་ཁྲག་བྲག་གསེབ་ལ་འཐིམ་པའི་གོ་རིམ་ནང
དཔའ་བོའི་གདངས་དབྱངས་ལྟ་བུའི་འུག་པའི་ཚོགས་ཀྱི་གླུ་སྐད་གྲགས་ཡོང་དུས
ངས་སླར་ཡང་རྩྭ་ཐང་ན་བྱང་རླུང་འགམ་པའི་འབྲོང་མགོ་སྐམ་པོ་དག་སྙིང་ཁར་གླན
 
མི་མགོ་གསོན་པོ་ཞིག་སྤྱང་ཚོགས་ཀྱིས་འཁུར་ཏེ་རྒྱང་རིང་དུ་ཕྱིན་པ་ན
ངའི་སེམས་ཁོང་ན་མ་ཡུམ་བཞིན་གསོན་པའི་ཕ་མེས་ཀྱི་དཔའ་དར་དེ
ཡང་ན     རང་གི་རྩ་ལམ་དུ་ཁྱབས་པའི་ནོར་བུ་གང་ཞིག
དཔའ་བོ་དུར་འཇུག་གི་དབྱངས་རྟ་སྐྱོར་བཞིན་པའི་བདག་གི་གཞས་གདངས་དང་འདྲ་བར
མུན་པ་འདིའི་གཡུལ་འགྱེད་ཀྱི་འགོ་རྩོམ་ས་གཅིག་པུ་དེ་ཡིན་པར་སྣང
 
མཚན་མོ་འདི་ཧ་ཅང་ཁུ་སིམ་མེར་གནས་ཡོད་ནའང
བསིལ་རླུང་གི་རྒྱུ་སྟངས་ལས་ཀྱང་བསིལ་བའི་དབྱངས་རྟ་ཞིག་གི་འགྱུར་ཁུགས་རེ་རེ
གུ་གྲགས་གྲོང་གི་སྒོ་ཁྱི་ཚོའི་རྨི་ལམ་ནང་འཁོར་བའི་བདེ་སྐྱིད་ཀྱི་ཁ་དོག་དེ་ཡིན་སྲིད་ཀྱང
སེམས་ཀྱི་ཡུམ་བུ་བླ་མཁར་ནམ་ཡང་ཁེར་རྐྱང་ཡིན་པས
ཚོར་སྣང་ཞིག་ལ     སང་ཉིན་ནི་བདེ་སྐྱིད་ཅིག་གམ་ཡང་ན་སྡུག་བསྔལ་ཞིག་སྟེ
བསིལ་རླུང་ཁྲོད་འཁོར་ཡོང་བའི་དགུན་ལྗོངས་ཤིག་ཀྱང་ལོས་ཡིན་བསམ
 
མི་ཡུལ་གྱི་ཟླ་བ་ལྷ་ཚོགས་ཀྱི་བྲན་དུ་འཁོལ་བས
ཅེ་སྤྱང་གི་ངར་སྐད་ཀྱང       རླུང་བུ་བཞིན་ཉེ་འགྲམ་དུ་རྒྱུ་ཡོང་དུས
ངའི་མིང་སྲིང་ཚོ་དགུན་ལྗོངས་འཐིམས་པའི་སྐྱོ་གར་དེ
སང་ཉིན་མི་ཡུལ་ནས་ཡང་བསྐྱར་འཁྲབ་སྲིད་དམ
                                              ༢༠༡༠ ༡༠ ༧

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་ཞིག་ལ་ངས་འདི་ལྟར་བསམ།

2011-05-05 སྐལ་ལྡན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

 

མ་ཡུམ་གྱི་མིག་ཟུང་བཙུམ་ལ་ཉེ་བའི་དུས་སྐབས་འདིར
ངས་རྒྱུན་ལྡན་ལྟར་ཝུ་ཆང་གི་སེམས་གསོའི་ཁྲོད་ནས་སྨག་རུམ་གྱི་ཟབ་ཚད་འཇལ
 
བྱ་རྒོད་པོའི་ཟུངས་ཁྲག་བྲག་གསེབ་ལ་འཐིམ་པའི་གོ་རིམ་ནང
དཔའ་བོའི་གདངས་དབྱངས་ལྟ་བུའི་འུག་པའི་ཚོགས་ཀྱི་གླུ་སྐད་གྲགས་ཡོང་དུས
ངས་སླར་ཡང་རྩྭ་ཐང་ན་བྱང་རླུང་འགམ་པའི་འབྲོང་མགོ་སྐམ་པོ་དག་སྙིང་ཁར་གླན
 
མི་མགོ་གསོན་པོ་ཞིག་སྤྱང་ཚོགས་ཀྱིས་འཁུར་ཏེ་རྒྱང་རིང་དུ་ཕྱིན་པ་ན
ངའི་སེམས་ཁོང་ན་མ་ཡུམ་བཞིན་གསོན་པའི་ཕ་མེས་ཀྱི་དཔའ་དར་དེ
ཡང་ན     རང་གི་རྩ་ལམ་དུ་ཁྱབས་པའི་ནོར་བུ་གང་ཞིག
དཔའ་བོ་དུར་འཇུག་གི་དབྱངས་རྟ་སྐྱོར་བཞིན་པའི་བདག་གི་གཞས་གདངས་དང་འདྲ་བར
མུན་པ་འདིའི་གཡུལ་འགྱེད་ཀྱི་འགོ་རྩོམ་ས་གཅིག་པུ་དེ་ཡིན་པར་སྣང
 
མཚན་མོ་འདི་ཧ་ཅང་ཁུ་སིམ་མེར་གནས་ཡོད་ནའང
བསིལ་རླུང་གི་རྒྱུ་སྟངས་ལས་ཀྱང་བསིལ་བའི་དབྱངས་རྟ་ཞིག་གི་འགྱུར་ཁུགས་རེ་རེ
གུ་གྲགས་གྲོང་གི་སྒོ་ཁྱི་ཚོའི་རྨི་ལམ་ནང་འཁོར་བའི་བདེ་སྐྱིད་ཀྱི་ཁ་དོག་དེ་ཡིན་སྲིད་ཀྱང
སེམས་ཀྱི་ཡུམ་བུ་བླ་མཁར་ནམ་ཡང་ཁེར་རྐྱང་ཡིན་པས
ཚོར་སྣང་ཞིག་ལ     སང་ཉིན་ནི་བདེ་སྐྱིད་ཅིག་གམ་ཡང་ན་སྡུག་བསྔལ་ཞིག་སྟེ
བསིལ་རླུང་ཁྲོད་འཁོར་ཡོང་བའི་དགུན་ལྗོངས་ཤིག་ཀྱང་ལོས་ཡིན་བསམ
 
མི་ཡུལ་གྱི་ཟླ་བ་ལྷ་ཚོགས་ཀྱི་བྲན་དུ་འཁོལ་བས
ཅེ་སྤྱང་གི་ངར་སྐད་ཀྱང       རླུང་བུ་བཞིན་ཉེ་འགྲམ་དུ་རྒྱུ་ཡོང་དུས
ངའི་མིང་སྲིང་ཚོ་དགུན་ལྗོངས་འཐིམས་པའི་སྐྱོ་གར་དེ
སང་ཉིན་མི་ཡུལ་ནས་ཡང་བསྐྱར་འཁྲབ་སྲིད་དམ
                                              ༢༠༡༠ ༡༠ ༧

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།