གཉིད་སྐྱིད་པོ་ཞིག་ཉལ་དུ་ཆུག་དང་།

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-29


དེ་ལྟར་ཁྲག་ཕུང་གི་ལུས་པོ་འདི་བྲེལ་སྟབས་ཀྱིས་བྲན་ལ་འཁོལ་དུས
གནམ་འོག་འདི་འདི་འདྲའི་རྒྱ་ཆུང་ལ་ཆེ་ཞིག་རེད
ཞོགས་པ་རེ་འགོ་རྩོམ་ས་ཞིག་དང་རེ་འདོད་སློང་ས་ཞིག་ཡིན་ན
མཚན་མོ་རེ་དུམ་མཚམས་ཤིག་གི་བར་ནས་རྙེད་པའི་དངོས་གྲུབ་ཡིན

དེ་ལྟར་ན  བདག་གི་མེ་ཏོག་དག་རྙིད་བཞིན་པ་རིག་ཡོང
དེ་ལྟར་ན  བདག་གི་ཁྲག་རུས་དག་སྐེམ་བཞིན་པ་ཚོར་འོང
སྙིང་རྗེ་བའི་རང་ཉིད་ལ་ལྟ་གིན་མིག་ཆུ་དག་ཁོག་ཏུ་མིད
སེམས་པ་འདི་རླུང་ལ་བསྐུར
སྒོ་མོ་ཆུང་ཆུང་འདི་གཏན་ནས་མཚན་མོ་རེ་རེར
གཉིད་སྐྱིད་པོ་ཞིག་ཉལ་དུ་ཆུག་དང
མེ་ཏོག་ལ་ཆུ་གཏོར་བྱེད་རན་ལ
གྲང་འདར་ཁད་ཀྱི་སེམས་པ་འདིར་ཁེབས་གཡོག་ཞིག་བསྣན་རན

            2011ལོའི་ཟླ་4ཚེས་26ཉིན་ས་མཐར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉིད་སྐྱིད་པོ་ཞིག་ཉལ་དུ་ཆུག་དང་།

2011-04-29 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།


དེ་ལྟར་ཁྲག་ཕུང་གི་ལུས་པོ་འདི་བྲེལ་སྟབས་ཀྱིས་བྲན་ལ་འཁོལ་དུས
གནམ་འོག་འདི་འདི་འདྲའི་རྒྱ་ཆུང་ལ་ཆེ་ཞིག་རེད
ཞོགས་པ་རེ་འགོ་རྩོམ་ས་ཞིག་དང་རེ་འདོད་སློང་ས་ཞིག་ཡིན་ན
མཚན་མོ་རེ་དུམ་མཚམས་ཤིག་གི་བར་ནས་རྙེད་པའི་དངོས་གྲུབ་ཡིན

དེ་ལྟར་ན  བདག་གི་མེ་ཏོག་དག་རྙིད་བཞིན་པ་རིག་ཡོང
དེ་ལྟར་ན  བདག་གི་ཁྲག་རུས་དག་སྐེམ་བཞིན་པ་ཚོར་འོང
སྙིང་རྗེ་བའི་རང་ཉིད་ལ་ལྟ་གིན་མིག་ཆུ་དག་ཁོག་ཏུ་མིད
སེམས་པ་འདི་རླུང་ལ་བསྐུར
སྒོ་མོ་ཆུང་ཆུང་འདི་གཏན་ནས་མཚན་མོ་རེ་རེར
གཉིད་སྐྱིད་པོ་ཞིག་ཉལ་དུ་ཆུག་དང
མེ་ཏོག་ལ་ཆུ་གཏོར་བྱེད་རན་ལ
གྲང་འདར་ཁད་ཀྱི་སེམས་པ་འདིར་ཁེབས་གཡོག་ཞིག་བསྣན་རན

            2011ལོའི་ཟླ་4ཚེས་26ཉིན་ས་མཐར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།