ཁ་བ་འཚོལ་བ།


འཚུབ་མ་གློ་བུར་བ་དེས།
སྐྱེད་ཚལ་གྱི་རྩྭ་ལྡུམ་སྐམ་པོ་དག་ཅིང་འབྱིབ་དུས།
གློ་བུར་དུ་གྲོང་ཁྱེར་གྱི་སེར་ཁས་གས་པའི་ངོ་གདོང་ཚོར་བྱུང་།
དུ་སྨུག་རབ་རིབ་དེའི་བར་གསེང་ན།
ངོ་གདོང་འདི་དག་གིས་ཕན་ཚུན་ལ་བཅེར་ནས་འདུག

མིག་ཀོང་རེངས་པོར་གྱུར་བའི་ཉམས་འགྱུར་འདི།
དཔྱིད་ཀའི་ལུག་ཁྱུ་ཡི་འཚོ་སྟངས་དང་མཚུངས་ལ།
ཨ་ཕའི་སེམས་འཁུར་བྱེད་སྟངས་དང་ཡང་འདྲ།
རྫ་ཁོག་གི་དགུན་གཞུང་དུ།
ཁ་བ་སྟུག་པོ་དེས་རི་སྒང་རུམ་ཅིང་ནོར་ལུག་འགེམས་ཐེངས་རེར།
སེམས་འཁུར་གྱིས་འགྱིབ་པའི་ཨ་ཕའི་མིག་ཀོང་ཇེ་ཟབ་ཡིན་ལ།
སེར་ཁས་གས་པའི་གཉེར་མའང་ཇེ་མང་དུ་བུད་འགྲོ།

རླུང་འཚུབ་དེ་ཡང་བསྐྱར་གཡུག་བྱུང་བས།
ལམ་འགྲོ་བ་དེའི་ཞྭ་མོའང་ལྐོག་སོང་།
རྫ་སྒང་ཞིག་ཡིན་ཚེ་ལམའགྲོ་བ་འདིའང་འཁུར་ཚོད་རེད།
ཁ་བ་མེད་དུས།
རྩྭ་སྐམ་དག་འཁུར་སླ་ལ།
ལུག་ཁྱུ་དང་རྫི་བོའང་ཆེས་ཡང་དུས་ཡིན།
རླུང་འཚུབ་ཀྱིས་ལྡག་པའི་རི་ཐོད་ལ་གཉེར་མ་འབབ་དུས།
ཞེན་ཆགས་ཅི་ཡང་མེད་པའི་ལུག་ཁྱུ་དག་འཁུར་ཉེན་ཆེ་ལ།
རྫ་མགོའི་རྩིབས་ལམ་དག་ཀྱང་ཨ་ཕའི་ཐོད་རིས་སུ་འགྱུར་ཉེན་ཆེ།

                ༢༠༡༡ལོའི་ཟླ་༡པོའི་ཚེས༢༢ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་འཚོལ་བ།

2011-06-24 ཡིག་ནོར། ཀློག་གྲངས། མཆན ཡོད།


འཚུབ་མ་གློ་བུར་བ་དེས།
སྐྱེད་ཚལ་གྱི་རྩྭ་ལྡུམ་སྐམ་པོ་དག་ཅིང་འབྱིབ་དུས།
གློ་བུར་དུ་གྲོང་ཁྱེར་གྱི་སེར་ཁས་གས་པའི་ངོ་གདོང་ཚོར་བྱུང་།
དུ་སྨུག་རབ་རིབ་དེའི་བར་གསེང་ན།
ངོ་གདོང་འདི་དག་གིས་ཕན་ཚུན་ལ་བཅེར་ནས་འདུག

མིག་ཀོང་རེངས་པོར་གྱུར་བའི་ཉམས་འགྱུར་འདི།
དཔྱིད་ཀའི་ལུག་ཁྱུ་ཡི་འཚོ་སྟངས་དང་མཚུངས་ལ།
ཨ་ཕའི་སེམས་འཁུར་བྱེད་སྟངས་དང་ཡང་འདྲ།
རྫ་ཁོག་གི་དགུན་གཞུང་དུ།
ཁ་བ་སྟུག་པོ་དེས་རི་སྒང་རུམ་ཅིང་ནོར་ལུག་འགེམས་ཐེངས་རེར།
སེམས་འཁུར་གྱིས་འགྱིབ་པའི་ཨ་ཕའི་མིག་ཀོང་ཇེ་ཟབ་ཡིན་ལ།
སེར་ཁས་གས་པའི་གཉེར་མའང་ཇེ་མང་དུ་བུད་འགྲོ།

རླུང་འཚུབ་དེ་ཡང་བསྐྱར་གཡུག་བྱུང་བས།
ལམ་འགྲོ་བ་དེའི་ཞྭ་མོའང་ལྐོག་སོང་།
རྫ་སྒང་ཞིག་ཡིན་ཚེ་ལམའགྲོ་བ་འདིའང་འཁུར་ཚོད་རེད།
ཁ་བ་མེད་དུས།
རྩྭ་སྐམ་དག་འཁུར་སླ་ལ།
ལུག་ཁྱུ་དང་རྫི་བོའང་ཆེས་ཡང་དུས་ཡིན།
རླུང་འཚུབ་ཀྱིས་ལྡག་པའི་རི་ཐོད་ལ་གཉེར་མ་འབབ་དུས།
ཞེན་ཆགས་ཅི་ཡང་མེད་པའི་ལུག་ཁྱུ་དག་འཁུར་ཉེན་ཆེ་ལ།
རྫ་མགོའི་རྩིབས་ལམ་དག་ཀྱང་ཨ་ཕའི་ཐོད་རིས་སུ་འགྱུར་ཉེན་ཆེ།

                ༢༠༡༡ལོའི་ཟླ་༡པོའི་ཚེས༢༢ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།