རླུང་དང་ན་ཟུག

རླུང་གིས་བཀྱགས་པའི་སེམས་པ་གང་མང།
རླུང་གིས་ཁུར་བཞིན་པའི་སེམས་པ་གང་མང་།
རྨ་ཁ་ཞིག་གི་ཁྲག་ཐིགས་དང་འདྲ་བར།
གང་ཞིག་ལ་ན་ཟུག་གིས་འབབ་ཀྱིན་པ་མཐོང་དུས།
འཇིག་རྟེན་གྱི་བདེ་སྡུག་ཡོད་ཚད།
ཁྱོད་དང་ང་ལ་མོད་པའི་ཐོབ་ཤོར་གྱི་མཆི་མ་ཡོད་ཚད།
གློ་བུར་གློ་བུར་རླུང་གིས་ཧམ་སེམས་ཀྱིས་བཏུམ་འགྲོ།

ངས་ནམ་རྒྱུན་རླུང་ཞེས་པའི་ཚིག་འབྲུ་འདི་གླེང་མི་འདོད།
མ་གཞི་རླུང་གིས་ཁྱོད་ཀྱི་བསམ་བློ་དང་རིགས་ཤེས། 
ད་དུང་། ཁྱོད་ཀྱི་ཕྱི་ནང་གསལ་ལྷང་ངེར་ཡར་ལ་བཀྱགས་འགྲོ་ལ།
གལ་སྲིད་རྐང་པ་བརྟན་པོ་མ་བཙུགས་ན།
ཁྱོད་ནི་འགྱིག་ཤོག་ཅིག་གི་ཚུལ་དུ།
ནམ་ཡང་རང་ཉིད་ཀྱི་འཚོ་བ་དང་ཕུགས་འདུན་མངོན་སར་འབབ་མི་ཐུབ།

རླུང་གིས་སྐྱུར་བའི་གད་སྙིགས་སྣ་ཚོགས།
ནམ་མཁའ་དང་ས་གཞིའི་ངོ་གདོང་གི་ནག་ཐིག་ཅིག་དང་འདྲ་བར།
ཁོར་ཡུག་གུ་དོག་པར་འགྲོ་བཞིན་པའི་དེ་རིང་།
ང་ཚོ་དཀའ་སྡུག་དང་འགྱོད་གདུང་གྲངས་མེད་ཅིག་གི་ཁ་གཏད་དུ་འགྲེངས་ནས་ཡོད།
ང་ཚོ་སྐྱི་གཡའ་བའི་འགྱིག་བཟོས་ཅ་དངོས་ཀྱི་འཚོ་བའི་ཀློང་ལ་འཐིམ་ནས་ཡོད།

ཕྱིར་འདང་གི་ཁྲོད་ནས།
མར་མེ་ཅི་ཙམ་ཞིག་རླུང་ཆེན་དེས་རྔམ་ཤུགས་ཀྱིས་དེད་སོང་བ་དང།
ཤོག་བུ་བརྩེགས་རིམ་ཞིག་རླུང་ཆེན་དེས་རྔམ་ཤུགས་ཀྱིས་ཁུར་སོང་བ་ནི།
ང་ཚོའི་སེམས་ཁོང་དུ་སྤུང་གིན་པའི་ཞེ་འགྱོད་ཅིག་སྟེ།
ད་ལྟ། རྨ་ཁ་མང་པོ་ཞིག་དམར་ལྷོག་སེ་བཏང་ཡོད་ལ།
དེའི་ཁྲག་ཐིགས་རེ་རེ། ང་ཚོའི་ཁྲག་ཐིགས་རེ་རེ།
སྨྱུག་ཁ་ནས་ལུད་ཐུབ་པའི་རྒོལ་གཏམ་ཞིག་ལ་འགྱུར་སྲིད་དམ།

                        ༢༠༠༡།༥།༡༦ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་དང་ན་ཟུག

2011-05-30 བྱ་སྨྱོན་པ། ཀློག་གྲངས། མཆན ཡོད།

རླུང་གིས་བཀྱགས་པའི་སེམས་པ་གང་མང།
རླུང་གིས་ཁུར་བཞིན་པའི་སེམས་པ་གང་མང་།
རྨ་ཁ་ཞིག་གི་ཁྲག་ཐིགས་དང་འདྲ་བར།
གང་ཞིག་ལ་ན་ཟུག་གིས་འབབ་ཀྱིན་པ་མཐོང་དུས།
འཇིག་རྟེན་གྱི་བདེ་སྡུག་ཡོད་ཚད།
ཁྱོད་དང་ང་ལ་མོད་པའི་ཐོབ་ཤོར་གྱི་མཆི་མ་ཡོད་ཚད།
གློ་བུར་གློ་བུར་རླུང་གིས་ཧམ་སེམས་ཀྱིས་བཏུམ་འགྲོ།

ངས་ནམ་རྒྱུན་རླུང་ཞེས་པའི་ཚིག་འབྲུ་འདི་གླེང་མི་འདོད།
མ་གཞི་རླུང་གིས་ཁྱོད་ཀྱི་བསམ་བློ་དང་རིགས་ཤེས། 
ད་དུང་། ཁྱོད་ཀྱི་ཕྱི་ནང་གསལ་ལྷང་ངེར་ཡར་ལ་བཀྱགས་འགྲོ་ལ།
གལ་སྲིད་རྐང་པ་བརྟན་པོ་མ་བཙུགས་ན།
ཁྱོད་ནི་འགྱིག་ཤོག་ཅིག་གི་ཚུལ་དུ།
ནམ་ཡང་རང་ཉིད་ཀྱི་འཚོ་བ་དང་ཕུགས་འདུན་མངོན་སར་འབབ་མི་ཐུབ།

རླུང་གིས་སྐྱུར་བའི་གད་སྙིགས་སྣ་ཚོགས།
ནམ་མཁའ་དང་ས་གཞིའི་ངོ་གདོང་གི་ནག་ཐིག་ཅིག་དང་འདྲ་བར།
ཁོར་ཡུག་གུ་དོག་པར་འགྲོ་བཞིན་པའི་དེ་རིང་།
ང་ཚོ་དཀའ་སྡུག་དང་འགྱོད་གདུང་གྲངས་མེད་ཅིག་གི་ཁ་གཏད་དུ་འགྲེངས་ནས་ཡོད།
ང་ཚོ་སྐྱི་གཡའ་བའི་འགྱིག་བཟོས་ཅ་དངོས་ཀྱི་འཚོ་བའི་ཀློང་ལ་འཐིམ་ནས་ཡོད།

ཕྱིར་འདང་གི་ཁྲོད་ནས།
མར་མེ་ཅི་ཙམ་ཞིག་རླུང་ཆེན་དེས་རྔམ་ཤུགས་ཀྱིས་དེད་སོང་བ་དང།
ཤོག་བུ་བརྩེགས་རིམ་ཞིག་རླུང་ཆེན་དེས་རྔམ་ཤུགས་ཀྱིས་ཁུར་སོང་བ་ནི།
ང་ཚོའི་སེམས་ཁོང་དུ་སྤུང་གིན་པའི་ཞེ་འགྱོད་ཅིག་སྟེ།
ད་ལྟ། རྨ་ཁ་མང་པོ་ཞིག་དམར་ལྷོག་སེ་བཏང་ཡོད་ལ།
དེའི་ཁྲག་ཐིགས་རེ་རེ། ང་ཚོའི་ཁྲག་ཐིགས་རེ་རེ།
སྨྱུག་ཁ་ནས་ལུད་ཐུབ་པའི་རྒོལ་གཏམ་ཞིག་ལ་འགྱུར་སྲིད་དམ།

                        ༢༠༠༡།༥།༡༦ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།