བརྗེད་མི་ཐུབ་པའི་དགོང་དྲོ་ཞིག

ང་ནང་ནས་ཆས་ཡོང་དུས།
ལང་ཚོ་རྒས་གཉེར་གྱི་ཇག་པས་ཡོངས་སུ་བཅོམ་ཟིན་པའི།
བདག་གི་ཕ་ལོ་དྲིན་ཆེན།
མ་ཎི་ལག་སྐོར་ཞིག་སྐོར་གྱིན་སྐོར་གྱིན།
ཡིག་དྲུག་དབྱངས་རྟ་ལ་དྲང་བཞིན།
རྒས་གཉེར་གྱིས་ཡོངས་སུ་བཏུམས་ཟིན་པའི་ཞལ་རས་བདག་ལ་ཕྱོགས་ཏེ།
ཚེ་འཇུག་འདིར་ཕ་བུ་བྲལ་མི་འདོད་པའི་གསང་དབང་མངོན།

 ཐ་ཤལ་བུ་རུལ་ངས།
བྲང་གཞུང་གི་ན་ཟུག་ཡོད་ཚད་ཁོག་ལ་སྦས་ཏེ།
རབ་རིབ་ཀྱི་ཕུགས་འདུན་ཞིག་གི་ཆེད་དུ།
ཐམས་ཅད་རྒྱབ་ཏུ་བསྐྱུར་ཏེ་ལམ་ལ་ཞུགས།
སྐབས་དེ་དུས་ངའི་ཁོག་ལ་སྦས་པའི་ན་ཟུག་དེས།
ཨ་ཕ་དང་སྤུན་ཉེ་ཚོའི་ཕྱོགས་ལ་འཁོར།
དགོང་དྲོ་དེ་ཕ་བུ་ཁ་བྲལ་བའི་དགོང་དྲོ།
དགོང་དྲོ་དེ་གཅེན་གཅུང་ཁ་བྲལ་བའི་དགོང་དྲོ།
དགོང་དྲོ་དེ་ལུས་སེམས་ཁ་བྲལ་བའི་དགོང་དྲོ།
བུ་རུལ་ངའི་དབུགས་ཀྱི་རྒྱུད་པ་མ་ཆད་བར།
དགོང་དྲོ་དེ་བརྗེད་ག་ལ་སྲིད།
 
ང་ཕ་ཡུལ་ནས་ཡོང་དུས།
རི་ཀླུང་ཐམས་ཅད་ཟུར་དྲུག་ཁ་བས་བཀླུབས་བཞིན།
རྟ་བདུན་བདག་པོས་ནུབ་རིའི་མཚམས་ནས།
དཔལ་གྱི་ཆོས་འཁོར་ལྷ་སའི་གྲོང་ཁྱེར་ལ།
བྲལ་མི་འདོད་པའི་འཁྲེང་སེམས་བཅངས་ཏེ།
འོད་ཟེར་འབུམ་ཕྲག་གི་ལག་ཟུང་རིང་དུ་བརྐྱངས་ཏེ།
སྐྱིད་ཤོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ལ་འཐམ་འཁྱུད་བྱེད་བཞིན་འདུག
ནུབ་ཁའི་བསིལ་རླུང་རྩུབ་མོ་དེས།
ར་ས་འཁྲུལ་སྣང་གཙུག་ལག་ཁང་གི་སྙན་དབྱངས་ཀྱི་དྲིལ་ཆུང་དང་།
ལྷ་སའི་ཐོག་སྟེང་གི་དར་ལྕོག་ཡོད་ཚད་འགུལ་གྱིན་འདུག
དེ་ནི་སྤྲང་འཁྱམས་ཀྱི་བུ་རུལ་ང་།
འདྲིས་མེད་ཀྱི་གཞན་ཡུལ་གྱི་ས་མཐར་སྐྱེལ་བ་བྱེད་ཁུལ་ཡིན་པ་འདྲ།
 
བདག་གི་འགྲོ་ལམ་ཡོད་ཚད་མིག་ཆུ་དང་།
སེམས་སྡུག་གི་ན་བུན་འཁྲིགས་ཏེ།
ཕ་ཡུལ་དང་ཨ་ཕ་བྲལ་བའི་ན་ཟུག་གི་ཁུར་བོ་འཁུར་ཏེ།
གཞན་ཡུལ་གྱི་ས་མཐར་འཁྱམས་ཡོང་བའི་དགོང་དྲོ་དེ་ཡིན།
ཕྱི་ལོ་གོ་བརྒྱད་ལོའི།
ཟླ་བ་དགུ་བའི་ཚེས་ཉེར་གཉིས་ཀྱི་དགོང་དྲོ་དེ།
བརྗེད་ག་ལ་ཐུབ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྗེད་མི་ཐུབ་པའི་དགོང་དྲོ་ཞིག

2011-05-23 རིག་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།